
གཅིག མངར་ཆ་ཅན་གྱི་ཟས་རིགས་དང་འབྲས་སྐྲན་རིགས་ཁ་ཤས་བར་ཐད་ཀའི་འབྲེལ་བ་མེད་མོད། འོན་ཀྱང་དེ་དག་ནི་འབྲས་སྐྲན་གྱི་མི་མངོན་པའི་འབྱུང་རྐྱེན་ཡིན་སྲིད་དེ། མངར་ཆ་ཟ་རྒྱུ་མང་དྲགས་ན་ལུས་པོར་ཚོ་རྒྱས་སྲིད་ལ། ཚོ་རྒྱས་པ་ནི་འབྲས་སྐྲན་སྣ་ཚོགས་ཀྱི་འབྱུང་རྐྱེན་གཙོ་བོ་ཞིག་རེད།
གཉིས། དུས་ཡུན་རིང་པོར་མངར་ཆའི་རིགས་འབོར་ཆེན་ཟོས་ན། མངར་ཆ་མང་དག་ཅིག་ཞག་ཚིལ་དུ་གྱུར་ནས་ལུས་སྟེང་དུ་གསོག་ཉར་བྱེད་ཀྱིན་ཡོད་པས། དེས་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།
གསུམ། མངར་ཆའི་རིགས་ཟ་རྒྱུ་མང་དྲགས་ན་གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་ཇེ་དམའ་རུ་གྱུར་ཏེ་གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་ཆེ་རུ་འགྲོ་བ་རེད། 60%ཡན་གྱི་རིགས2པའི་གཅིན་སྙི་ཟ་ཁུའི་ནད་པ་ཚང་མར་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་ལུས་ཤ་རྒྱགས་པའི་སྣང་ཚུལ་ཡོད།
བཞི། རྒྱུན་དུ་མངར་ཆའི་རིགས་ཟོས་ན། ཁ་སྦུག་ནང་གི་འབུ་ཕྲར་སྐྱེ་འཕེལ་གྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཀྱིན་ཡོད་པས། སོ་རུལ་བ་དང་ཁ་སྦུག་གི་ནད་རིགས་གཞན་དག་འབྱུང་སླ་བ་རེད།
ལྔ། མངར་ཆ་ཞག་ཚིལ་དུ་གྱུར་རྗེས། ཆ་ཤས་ཤིག་པགས་འོག་ཏུ་གསོག་པ་དང་ཆ་ཤས་ཤིག་དོན་སྣོད་ཀྱི་ཕྱི་ངོས་སུ་གསོག་སྲིད་པས། མཆིན་པ་ཚིལ་འགྱུར་གྱི་ནད་ཕོག་ཉེན་ཡོད་པར་མ་ཟད། ད་དུང་སྙིང་དང་མཚེར་བ་ཚིལ་གྱིས་བཏུམས་པའི་ནད་སོགས་ཕོག་ཉེན་ཆེ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།