གོམས་གཤིས་འདི་དག་འཇགས་ན་ཚེ་ཚད་ཇེ་རིང་དུ་གཏོང་ཐུབ།
2025.08.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

ཞིབ་འཇུག་ལས་མངོན་པ་ལྟར་ན། གཉིད་དང་ཚེ་ཚད་བར་ཐད་ཀར་འབྲེལ་བ་ཡོད་ཅིང་། མཚན་མོ་རེར་གཉིད་ཆུ་ཚོད4ལས་མ་ཁུག་ན་ཚེ་ཚད80%ཇེ་ཐུང་དུ་འགྲོ་བ་རེད། གལ་ཏེ་གཉིད་ཡག་པོ་ཞིག་ཁུག་འདོད་ན། གཤམ་གྱི་དོན་ཚན་འགར་དོ་སྣང་བྱ་རོགས། 

གཅིག སྐྲ་ཤད་པ།

ཀྲུང་ལུགས་གསོ་རིག་གི་དགོངས་པ་ལྟར་ན། ལུས་པོའི་རྩ་ལམ་ཚང་མ་མགོ་དང་སྦྲེལ་ཡོད་པས། མགོ་བོའི་ཁྲག་རྩར་འཕུར་མཉེད་འོས་འཚམ་བཏང་ཚེ། བསམ་བློ་གཏོང་བར་ཕན་ཐོགས་པར་མ་ཟད། ནད་གཞི་སྔོན་འགོག་དང་ལུས་གསོའི་ནུས་པའང་ཐོན་ཐུབ། དེས་ན། ཁྲག་ཤེད་མཐོ་བ་དང་། འཕར་རྩ་རེངས་འགྱུར། དབང་རྩ་ཉམས་པ་སོགས་ཀྱི་ནད་པས་ཞོགས་པ་དང་དགོང་མོའི་དུས་སུ་སྐར་མ10ལ་སྐྲ་ཤད་རྒྱུ་རྒྱུན་བསྐྱངས་ན་ལུས་པོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།

གཉིས། རྐྱོང་ཤད་བྱེད་པ།

རྐྱོང་ཤད་ནི་ལུས་ཟུངས་གསོ་བའི་འགུལ་སྟངས་སྟབས་བདེ་ཞིག་ཡིན་ལ། དམངས་ཁྲོད་དུའང་རྒྱུན་པར་རྐྱོང་ཤད་བྱས་པས། ངལ་དུབ་སེལ་ལ་ལུས་ཟུངས་གསོ་ཐུབ་ཅེས་བཤད་སྲོལ་འདུག  གཞན་ཡང་། རྐྱོང་ཤད་བྱས་པས་ལུས་པོའི་དབང་རྩ་འགུལ་བར་རམ་འདེགས་དང་། ཁྲག་འཁོར་རྒྱུག་ལ་བསྐུལ་ནས་དོན་ལྔ་སྣོད་དྲུག་གི་ཚ་གྲང་སྙོམས་པོ་ཡོང་བའི་ལུས་གསོའི་ཐབས་ཤེས་ཡག་ཤོས་ཤིག་རེད།

གསུམ། གྲོད་ཁོག་ཡང་ཡང་འཕུར་བ།

མ་གཉིད་གོང་གྲོད་ཁོག་འཕུར་ཚེ། ཁོག་སྨད་ཀྱི་ཚིལ་ཞུ་བར་ཧ་ཅང་ཕན། གྲོད་ཁོག་འཕུར་ན་རྒྱུ་ལམ་ལ་འཕུར་མཉེད་ཐེབས་ནས་མཁའ་རླུང་གསར་པ་རྩ་ལམ་ལ་རྒྱུ་བས་བཙོག་པ་གཏོང་སླ་རུ་འགྲོ་བར་མ་ཟད། ཁོག་སྨད་ཀྱི་ཚིལ་ཡང་ཇེ་ཉུང་དུ་འགྲོ་བར་ཕན་པ་ཆེ།

བཞི། ཆུ་ཁོལ་ནང་དུ་རྐང་པ་སྦོང་བ།

ལུས་པོའི་ཡན་ལག་གི་ནང་ནས་སྙིང་དང་ཐག་རིང་ཤོས་རྐང་པ་ཡིན་པས། ཁྲག་རྒྱུན་འཁོར་རྒྱུག་དང་ལྷག་པར་ལུས་སྨད་ལ་ཁྲག་འཁོར་རྒྱུག་བྱེད་པར་སྙིང་ནི་ཧ་ཅང་གལ་ཆེ་བའི་ལུས་པོའི་ཆ་ཤས་ཤིག་ཡིན་སྟབས། མ་གཉིད་གོང་། ཆུ་ཁོལ་ནང་དུ་རྐང་པ་སྦངས་ན་ངལ་དུབ་སེལ་བ་དང་། གཉིད་ཁུག་པར་ཕན་ཐོགས་ཆེན་པོ་ཡོད་ལ། ལུས་ཀྱི་ཆ་ཤས་ཀྱི་ཁྲག་འཁོར་རྒྱུག་ཐུབ་པ་དང་གྲང་ངར་འགོག་པའི་ཁར། ལུས་པོའི་རྙིང་ཚབ་གསར་བརྗེ་ལའང་དེ་མཚུངས་ཀྱི་སྐུལ་མ་ཐེབས་སྲིད།

ལྔ། ཆུ་དཀར་ཡོལ་གང་འཐུང་བ།

མ་གཉིད་གོང་རྟག་ཏུ་ཆུ་འཐུང་ན་ཁྲག་ཇེ་སླ་རུ་འགྲོ་བར་མ་ཟད། ཁྲག་འཁོར་རྒྱུག་ལ་ཕན་ཞིང་། ཀླད་པའི་ཁྲག་རྩ་རེངས་འཁུམས་ཀྱི་ནད་འགོག་ཐུབ། གཞན་ཡང་། གཉིད་ལ་ཡུར་སྐབས་ལུས་པོ་ནས་རྔུལ་ནག་བཏོན་པས་ལུས་པོའི་ཆུ་རྣམས་སྐམ་སྲིད། དེས་ན། གལ་ཏེ་མ་གཉིད་གོང་ཆུ་དཀར་ཡོལ་གང་འཐུང་ན། ཁྲག་ཇེ་སླ་རུ་འགྲོ་ལ་གློ་བུར་དུ་སྙིང་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

                                                                                            རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།