
འཚོ་བའི་ཁྲོད་དུ་རྒྱང་སྒྲིབ་ཀྱི་མིག་ནད་ཕོག་བྱིས་པ་མི་ཉུབ་བ་ཞིག་ཡོད་པས། གཤམ་དུ་རྒྱང་སྒྲིབ་སྔོན་འགོག་གི་ཐབས་ཤེས་འགར་རྒྱུས་ལོན་བྱ།
གཅིག དཔེ་དེབ་ཀློག་སྐབས་དྲང་མོར་བསྡད་ན་རྒྱང་སྒྲིབ་སྔོན་འགོག་བྱེད་ཐུབ་ཅིང་། སློབ་སྦྱོང་བྱེད་ཞོར་དུ་མིག་སྲུང་སྦྱོང་བརྡར་བྱེད་པ་དང་ཐག་རིང་སར་མང་ཙམ་བལྟས་ན། མིག་ངལ་གསོ་ཐུབ་པར་མ་ཟད། མཐོང་ཤུགས་ཇེ་བཟང་དུ་འགྲོ་བར་ཕན་ཐོགས་ངེས་ཅན་ཞིག་ཡོད།
གཉིས། ཕྱི་རོལ་དུ་རྩེད་མོ་རྩེ་བ་དང་རིར་འཛེག་པ་སོགས་ནི་ཧ་ཅང་བཟང་བའི་བྱེད་ཐབས་ཤིག་ཡིན་ཞིང་། གློག་རྡུལ་རྩེད་ཆས་བཞག་ནས་དཔེ་ཀློག་དང་རྩེད་མོ་འོས་འཚམ་བརྩེས་ན་མིག་གི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་ལ། ཉི་འོད་ལའང་མིག་རྒྱང་སྙོམས་སྒྲིག་བྱེད་པའི་ནུས་པ་ཡོད་པས་ཕྱི་རོལ་དུ་མང་ཙམ་འགྲོ་དགོས།
གསུམ། གློག་རྡུལ་རྩེད་ཆས་བེད་སྤྱོད་བྱེད་སྐབས་བར་ཐག་རན་པོ་འཇོག་དགོས་ཤིང་། གློག་རྡུལ་རྩེད་ཆས་དང་བར་ཐག་ཉེ་དྲགས་ན་མིག་ལ་གནོད་པ་ཆེན་པོ་ཡོད། ལྷག་པར་ཉལ་ནས་གློག་རྡུལ་རྩེད་ཆས་རྩེ་མི་རུང་ལ་གློག་གཟིམ་རྗེས་དེ་བས་རྩེ་མི་རུང་བར་མ་ཟད། ཁྱིམ་བདག་གིས་ཀྱང་རྒྱུན་དུ་བྱིས་པར་མིག་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཡང་ཡང་གཏོང་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།