​སྟོན་ཚུགས་དུས་སྙིང་ཁམས་ཁྲག་རྩའི་ནད་ལ་གཟབ་དགོས།
2025.08.18 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 15

སྟོན་ཚུགས་དུས་རྒན་རྒོན་སོགས་གཙོ་གནད་མི་ཚོགས་ཀྱིས་དབུགས་ལམ་གྱི་འགོས་ནད་དང་ཚོར་ཐལ་རང་བཞིན་གྱི་ནད། སྙིང་ཁམས་ཁྲག་རྩའི་ནད་བཅས་སྔོན་འགོག་བྱེད་པར་དོ་སྣང་བྱ་དགོས།

དབྱར་ཁ་དང་སྟོན་ཁའི་དུས་ཚིགས་རྗེ་བའི་སྐབས་སུ། གནམ་གཤིས་འགྱུར་ལྡོག་ཆེ་བས། མིའི་དབུགས་ལམ་མ་ལག་ལ་གནོད་འཚེ་ཕོག་སླ་ཞིང་། རྒན་རྒོན་དང་བྱིས་པ། དལ་བའི་རང་བཞིན་གྱི་རྨང་གཞིའི་ནད་ཡོད་པའི་ནད་པ་བཅས་ལ་དབུགས་ལམ་གྱི་འགོས་ནད་འགོ་སླ་བ་ཡིན། དེ་བས་དྲོད་ཚད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་གྱོན་ཆས་ལེགས་སྒྲིག་དང་ཆམ་རིམས་སོགས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་སྟེ་དབུགས་ལམ་གྱི་འགོས་ནད་འབྱུང་བ་དང་ནད་ལྕི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། དུས་མཚུངས་སུ་སྟོན་ཁར་ཚོར་ཐལ་རང་བཞིན་གྱི་ནད་རིགས་མང་པོ་འབྱུང་བས། ཚོར་ཐལ་གཟུགས་གཞིའི་མི་ཚོགས་ཀྱིས་ཚོར་ཐལ་གདོད་གཞིར་མི་རེག་པ་དང་། མཚོ་ཟས་སོགས་ཚོར་ཐལ་འབྱུང་སླ་བའི་ཟས་རིགས་ཟ་བར་གཟབ་དགོས།

སྟོན་ཚུགས་པ་ནས་སྟོན་དགུན་གྱི་དུས་ཚིགས་རྗེ་བའི་བར། སྙིང་ཁམས་ཁྲག་རྩའི་ནད་ཡོད་པའི་རྒན་རྒོན་གྱིས་སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་ལ་དོ་སྣང་བྱེད་པ་དང་ཆོས་ཉིད་ལྡན་པའི་སྒོ་ནས་སྨན་བསྟེན་པ། དུས་ཐོག་ཏུ་བསྐྱར་བརྟག་བྱེད་པ་སོགས་ལ་མཐོང་ཆེན་བྱ་དགོས།

སྟོན་ཚུགས་རྗེས། མི་རྣམས་ལ་གློ་བ་སྐམ་ཤས་ཆེ་བ་དང་ཁ་སྐམ་པ། མིད་པ་སྐམ་པ་སོགས་འབྱུང་སྲིད་པས། ཀྲུང་ལུགས་གསོ་རིག་གིས་ལུག་མཉེ་དང་ཆང་བ་ལི། མོག་རོ་དཀར་པོ་སོགས་ཀྱི་ཟས་རིགས་ཟོས་ན་སྲིབ་གསོ་སྐམ་བརླན་གྱི་ནུས་པ་ལྡན་པར་འདོད།

                                                                                                  རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།