
མཁལ་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ནས་འགོ་རྩོམ་དགོས།
1.ཚྭ་ཉུང་ཙམ་ཟ་བ་དང་ཆུ་མང་ཙམ་འཐུང་བ།
ཚྭ་ཉུང་ཙམ་འདེབས་པ་དང་ཆུ་འདང་ངེས་བཏུང་ན་གཅིན་པ་མང་ཙམ་གཏོང་བར་ཕན་པ་དང་། མཁལ་མའི་ནང་གི་སྨན་རྫས་དང་བརྗེ་ཚབ་སྙིགས་རྫས་ཚད་ཇེ་དམའ་རུ་འགྲོ་ཐུབ་པ་དང་། མཁལ་མར་གནོད་ཚད་ཆུང་དུ་གཏོང་ཐུབ། ཆུ་མང་ཙམ་བཏུང་ནས་གཅིན་པ་མང་ཙམ་བཏང་སྟེ་གཅིན་པས་གཅིན་ལམ་ཤོང་དུ་འཇུག་དགོས། དེ་ནི་གཅིན་ལམ་བདེ་སྲུང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན།
2. “འཛུལ་སྒོ”ཡག་པོར་བསྲུང་དགོས།
སྤྲི་དཀར་མང་བའི་བཟའ་བཏུང་གིས་མཁལ་མར་གནོད་གཞི་ཆེ་རུ་འགྲོ་སྲིད། སྤྲི་དཀར་སྤུས་ལེགས་དཔེར་ན། སྒོ་ངའི་རིགས་དང་། འོ་མའི་རིགས། ཉ་རིགས། ཤ་སོགས་འོས་འཚམ་པོ་བཟའ་རྒྱུར་དོ་སྣང་བྱས་ཏེ། མཁལ་མ་བདེ་ཐང་སྔར་ལས་ལེགས་པོ་ཡོང་བར་བྱེད་དགོས། རྒྱལ་སྤྱིའི་མཁལ་མའི་འཚོ་བཅུད་དང་བརྗེ་ཚབ་སློབ་ཚོགས་ཀྱིས་ཉིན་རེར་བཟའ་བཏུང་གི་ནུས་ཚད་བསྡོམས་འབོར་ཁེ་སྟོང་ལས་ཁེ་སྟོང30-35ཡིན་དགོས་པ་མ་ཟད། ལོ་ན་དང་ཕོ་མོ། ལུས་པོའི་ལྗིད་ཚད་ཀྱི་བསྡུར་གྲངས་སོགས་ལ་གཞིགས་ནས་སྒེར་པས་ལེགས་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
3. “བཞི་མང”ཚོད་འཛིན་ནན་པོར་བྱེད་དགོས།
ཁྲག་ཤེད་མཐོ་བ་དང་ཁྲག་ཧྭགས་མང་བ། ཁྲག་ཚིལ་མང་བ། གཅིན་སྐྱུར་མང་བ་བཅས་ལ“བཞི་མང”ཟེར་ཞིང་། མཁལ་མ་ལ་ཐད་ཀར་གནོད་པ་ཡོད། “བཞི་མང”ཚོད་འཛིན་ནན་པོར་བྱ་རྒྱུ་ནི་མཁལ་མ་སྲུང་ཐབས་གལ་ཆེན་ཞིག་ཡིན་པས། ནད་ཐོག་ཕྱོགས་སྟོན་གྱི་ཚད་གཞིར་གཞིགས་ནས། རྒྱུན་ལྡན་བདག་སྐྱོང་བྱེད་དགོས།
4.གོམས་སྲོལ་ལྡན་པར་ངལ་གསོ་རྒྱག་དགོས།
གཉིད་ཆག་ན་སྐྱེ་དངོས་ཀྱི་དུས་འཁོར་ལ་གནོད་སྲིད། གོམས་སྲོལ་ལྡན་པར་ངལ་གསོ་བྱས་ནས། ངལ་དུབ་ཉུང་དུ་གཏོང་བ་དང་། གཉིད་མི་ཆག་པར་བྱེད་པ། འགུལ་སྐྱོད་འཚམ་པོ་བཅས་བྱས་ན་མཁལ་མར་ནུས་ལྡན་སྒོས་སྲུང་སྐྱོབ་བྱེད་ཐུབ།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།