ཤིང་ཏོག་ཟ་སྐབས་མཉམ་འཇོག་བྱེད་དགོས་པའི་སྐོར།
2025.11.03 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

“ཟ་མ་ཟོས་རྗེས་ཤིང་ཏོག་ཟོས་ན་ཞེན་པ་བསལ་བ་དང་འཇུ་སྟོབས་ལ་ཕན” ཟེར་ནས་མི་མང་བོས་ཟ་མ་ཟོས་རྗེས་འཕྲལ་དུ་ཤིང་ཏོག་ཟ་བཞིན་ཡོད། འོན་ཀྱང་འཇུ་བྱེད་སྐྱེ་ལུགས་ཀྱི་ཐད་ནས་བལྟས་ན། དེས་འཇུ་སྟོབས་འཕེལ་བར་རོགས་རམ་བྱེད་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་ཕོ་རྒྱུའི་ཁུར་བོ་ཇེ་ལྕིར་གཏོང་སྲིད།

ཕོ་བས་ཟས་རིགས་འཇུ་བར་དུས་རིམ་ངེས་ཅན་ཞིག་དགོས། གལ་ཏེ་ཟ་མ་ཟོས་མ་ཐག་ཤིང་ཏོག་ཟོས་ན། ཕོ་བ་སྟོང་བར་ཕུད་པའི་དུས་ཚོད་ཇེ་རིང་དུ་བཏང་བར་མ་ཟད། ད་དུང་སྦོས་པ་དང་ཨིག་ཀ་རྒྱག་པ། ལྡོག་རྒྱུག་བྱེད་པ། ཚ་བས་བསྲེགས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དུས་ཡུན་རིང་བོར་དེ་ལྟར་བྱས་ན། ཕོ་བས་མུ་མཐུད་དུ་ཐེག་ཚད་ལས་བརྒལ་བའི་ལས་ཀ་བྱེད་པའི་རྣམ་པར་གནས་སྲིད་ལ། ཡུན་རིང་འགོར་ཚེ་བྱེད་ནུས་རང་བཞིན་འཁྲུག་སྲིད་པ་དང་། ཐ་ན་དལ་བའི་རང་བཞིན་གྱི慢性胃炎 དལ་གཤིས་པོ་ཚད་དང་ཡང་ན་溃疡性疾病སྨུག་ནད་ཀྱང་འབྱུང་སྲིད།

གཞན་ཡང་། ཟ་མ་ཟོས་ནས་ཅུང་མ་འགོར་བར་མངར་ཆའི་འདུས་ཚད་མཐོ་བའི་ཤིང་ཏོག་ཟོས་ན། ཁྲག་གི་མངར་ཆའི་འདུས་ཚད་ཇེ་མང་དུ་འགྲོ་བས། ཁྲག་མངར་དུས་ཡུན་ཐུང་ངུའི་ནང་སླར་ཡང་འཕར་ནས་ཁྲག་མངར་གྱི་རྩེ་མོ་ཐེངས་གཉིས་ལ་སོན། གནས་ཚུལ་འདིའི་རིགས་ནི་བདེ་ཐང་གི་མི་དཀྱུས་མར་མཚོན་ན། གནས་སྐབས་ཀྱི་མི་བདེ་བའི་ཚོར་བ་ཕྲ་མོ་ཙམ་ལས་ཧ་ལམ་མངོན་མི་སྲིད། འོན་ཀྱང་གཅིན་སྙི་ཟ་ཁུའི་ནད་ཡོད་པའམ་ཁྲག་མངར་ཚོད་འཛིན་ཡག་པོ་བྱས་མེད་པའི་མི་ཚོགས་ལ་མཚོན་ན་ཉེན་ཁ་ཅུང་ཆེ།

ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་ཏོག་ཟ་བའི་དུས་ཚོད་བཀོད་སྒྲིག་བྱ་དགོས་པ་སྟེ།

གཅིག ཟས་ཐུན་གཉིས་ཀྱི་བར་དུ་ཟ་བ། སྐབས་འདིར་ཕོ་བའི་ཟས་རིགས་ཁག་ཅིག་བཞུས་ཚར་བས། ཤིང་ཏོག་ཟོས་ན་ནུས་ཚད་མྱུར་དུ་ཁ་གསབ་བྱེད་ཐུབ་པར་མ་ཟད། ད་དུང་ཟ་མའི་ཚི་སྣ་བརྒྱུད་ནས་ཕོ་བ་རྒྱགས་པའི་ཚོར་བ་ཇེ་ཆེར་བཏང་སྟེ། ཐེངས་རྗེས་མར་ཟ་མ་མང་བོ་ཟ་བར་སྔོན་འགོག་བྱེད་ཐུབ། དེ་མིན་སྐབས་འདིར་ཤིང་ཏོག་ཟོས་ན། མངར་ཆའི་བསྡུ་ལེན་ལྟོས་བཅས་ཀྱིས་སྙོམས་པོ་ཡིན་པས། ཁྲག་མངར་འཕར་ཆག་ཆེན་པོ་འབྱུང་མི་སྲིད།

གཉིས། ཟ་མ་མ་ཟོས་པའི་དུས་ཚོད་གཅིག་གི་སྔོན་དུ་ཟ་བ། གལ་ཏེ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་འདོད་ན། ཟ་མ་མ་ཟོས་པའི་དུས་ཚོད་གཅིག་གི་སྔོན་ལGI(血糖生成指数)ཁྲག་ཧྭགས་ཐོན་སྐྱེད་སྟོན་གྲངས་དམའ་བའི་ཤིང་ཏོག་ཉུང་ཙམ་ཟ་དགོས་ཏེ། ཟ་མའི་ཚི་སྣས་སྔོན་ལ“ཕོ་བའི་བར་སྟོང་བཟུང”ནས། ཟ་ཚད་ཇེ་ཉུང་དུ་གཏོང་ཐུབ།

གསུམ། ལུས་སྦྱོང་བྱས་རྗེས་ཀྱི་སྐར་མ་སུམ་ཅུ་སྐབས་སུ་ཟ་བ། ལུས་རྩལ་སྦྱོང་སྐབས་ལུས་ཕུང་གིས་མངར་ཆ་འབོར་ཆེན་ཟད་གྲོན་བྱེད་པ་ཡིན། སྐབས་དེར་ཤིང་ཏོག་ཟོས་ན་མྱུར་དུ་མངར་ཆ་ཁ་གསབ་དང་ལུས་ཤུགས་སླར་གསོ་ལ་རོགས་རམ་བྱེད་ཐུབ་པར་མ་ཟད། ཕོ་རྒྱུའི་ཁུར་བོའང་ཇེ་ལྗིར་མི་གཏོང་།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།