
དུས་རྒྱུན་གྱི་འཚོ་བའི་ཁྲོད་སོ་ལ་ན་ཟུག་བྱུང་བཞིན་པའི་གནས་ཚུལ་མང་པོ་མཐོང་ཐུབ། འོ་ན་ཅི་ལྟར་བྱས་ཏེ་སོའི་ན་ཟུག་མགྱོགས་མྱུར་ངང་སེལ་ཐུབ་བམ་ཞེ་ན།
གཅིག སྒོག་པ་ཞིབ་མོར་བརྡུངས་རྗེས་དྲོད་འཇམ་དུ་བཟོ་བ་དང་། དེ་ཉིད་ན་ཟུག་ལངས་སར་གླན་ན་སོ་མཐིལ་གཉན་ཚད་དང་སོ་ན་བ། སོ་རྐང་གཉན་ཚད་བཅས་ཀྱི་ནད་བབ་ཇེ་ཡང་དུ་གཏོང་ཐུབ།
གཉིས། བྲོ་སྨན་ཝེ་ཅིན་ཆུ་ཁོལ་དྲོད་འཇམ་གྱི་ནང་ཞུ་རུ་བཅུག་རྗེས། ཁ་ནང་ལ་ཡུན་ཙམ་བཟུང་ནས་ཕྱིར་འཕེན་པ་དང་། དེ་ལྟར་ཉིན་རེར་ཐེངས་འགའ་དང་། བསྟུད་མར་ཉིན2ལྷག་ལ་རྒྱུན་འཁྱོངས་བྱས་ན་སོའི་ན་ཟུག་ཇེ་ཆུང་དུ་གཏོང་ཐུབ།
གསུམ། སོ་ན་དུས་བཅའ་ལྒ་ལེབ་མོ་འགའ་གཏུབས་ཏེ་སོ་བར་ལ་བཟུང་ནའང་ཕན་ནུས་ངེས་ཅན་ཐོན་ཐུབ།
བཞི། ཕོ་བ་རིལ་བུ་དཀར་པོ་ཁེ10ཞིབ་མོར་བཏགས་ཏེ་ནང་ལ་ཆང་དཀར་འོས་འཚམ་ཞིག་བླུགས་ནས་ལྡུར་འབག་བཟོས་རྗེས། ཐུན4རུ་བགོས་ཏེ་སོའི་ཁུང་བུའི་ནང་ལ་བཞག་ན། སོའི་ན་ཟུག་ཇེ་ཆུང་དུ་གཏོང་བར་ཕན།
ལྔ། སྲིང་བལ་རྡོག་པོ་ཞིག་གི་ནང་ལ་ཕག་ཚིལ་འོས་འཚམ་ཞིག་གཅུད་དེ་ཚ་བོར་བཟོས་རྗེས། སོ་བར་ལ་བཟུང་ནས་ཡུན་ཙམ་ལ་འཇོག་པ་དང་། དེ་ལྟར་ཡང་ནས་བསྐྱར་དུ་ཐེངས་འགར་བརྗེས་ཏེ་འཛིན་དགོས།
དྲུག ཐོག་མར་ཆང་དཀར་ཁེ100ཡི་ནང་ལ་ཚྭ་ཁེ10བཏབ་སྟེ་སྙོམས་པོར་དཀྲུག་པ་དང་། དེ་ནས་ཆང་དཀར་ཚ་བོར་བཟོས་ཏེ་ནང་གི་ཚྭ་ཞུ་རུ་བཅུག་རྗེས་ཁ་ནང་ལ་བཟུང་ནས་ཡུན་ཙམ་ལ་བསྡད་ན། སོའི་ན་ཟུག་མགྱོགས་མྱུར་ངང་ཇེ་ཆུང་དུ་གཏོང་ཐུབ།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།