མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་འཛུགས་དོན་དང་ཁོངས་གཏོགས་ཀྱི་ལས་ཁུངས།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས«ཞིང་ཆེན་སྲིད་གཞུང་ལས་ཁུངས་ཀྱི་སྒྲིག་བཀོད་བརྡ་སྦྱོར»ལྟར། 2007ལོར་བཙུགས་པ་ཡིན་ལ། ཞིང་ཆེན་སྲིད་གཞུང་གི་ཐིན་རིམ་པའི་ལས་ཁུངས་ཀྱི་ཁོངས་གཏོགས་རེད། ལས་ཁུངས་དེའི་མངའ་ཁོངས་སུ་འཆར་འགོད་འཛུགས་སྐྲུན་ཁྲུའུ་དང་གནས་སྐོར་དོ་དམ་ཁྲུའུ། ནོར་དོན་བསྡོམས་རྩིས་ཁྲུའུ། མི་དོན་ཁྲུའུ། ལས་ཁུངས་ཏང་ཨུ། གཞུང་སྒྲུབ་ཁང་བཅས་ཡོད་པ་དང་། ཁོངས་གཏོགས་ལས་ཁུངས་སུ་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་དང་། མཚོ་སྔོན་པོའི་མཚོ་དོན་ཅུའུ། མཚོ་སྔོན་པོའི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་གླང་ཆེན་མཆེ་བ་རུ་ཡན་ལག་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བྱ་གླིང་ཡན་ལག་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བྱེ་གླིང་ཡན་ལག་ཅུའུ་བཅས་ཡོད། དེ་དག་ནི་གཤམ་གསལ་ལྟར།

འཆར་འགོད་འཛུགས་སྐྲུན་ཁྲུའུ།
མཚོ་སྔོན་པོའི་ལྗོངས་ཁུལ་འཕེལ་རྒྱས་འཐབ་ཇུས་དང་དུས་ཡུན་རིང་བོའི་འཕེལ་རྒྱས་འཆར་འགོད། ལོ་རེའི་འཆར་འགོད་སྒྲིག་བཟོ་དང་ཇུས་འགོད། ལྗོངས་ཁུལ་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གྲོས་འཆར་འདོན་པ། ལྗོངས་ཁུལ་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ལ་འགན་ཁུར་བ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྒྲིག་བཟོ་དང་ལས་གཞི་སྙན་ཞུའི་བྱ་བ་འགན་ཁུར་བ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་སྒྲིག་ཆས། བཟོ་ཞིང་ཕྱུགས་ལས་དང་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་པའི་སྒྲིག་གཞི་འཆར་འགོད་གྱི་ཞིབ་བཤེར་མཆོག་མཆན་བྱ་བའི་འགན་ཁུར་བ་དང་། ལྗོངས་ཁུལ་འཛུགས་སྐྲུན་ལས་གཞིའི་ཚོང་འགུག་དངུལ་འདྲེན་གྱི་བྱེ་བྲག་གི་བྱ་བའི་འགན་ཁུར་བཞིན་ཡོད།

གནས་སྐོར་དོ་དམ་ཁྲུའུ།
ལྗོངས་ཁུལ་གྱི་གནས་སྐོར་ཚོང་རའི་གསར་སྤེལ་འཆར་འགོད་བཟོ་བ། ལྗོངས་ཁུལ་གྱི་གནས་སྐོར་བདག་གཉེར་ལས་གཞིའི་ཞིབ་བཤེར་མཆོག་མཆན་བྱ་བའི་འགན་ཁུར་བ། ལྗོངས་ཁུལ་གྱི་ཞིང་སྡེའི་གནས་སྐོར་དྲ་བ་དང་ས་ཚིགས་ཀྱི་བཀོད་སྒྲིག་དང་གཞི་ཁྱོན་དོ་དམ་གྱི་འགན་ཁུར་བ། ལྗོངས་ཁུལ་གྱི་གནས་སྐོར་སྤྱིའི་སྣང་བརྙན་ཕྱི་རུ་དྲིལ་སྒྲོག་དང་གནས་སྐོར་ཚོང་རའི་དྲིལ་སྒྲོག་བྱ་འགུལ་སོགས་རྩ་འཛུགས་བྱེད་བཞིན་ཡོད། ལྗོངས་ཁུལ་དུ་སྤེལ་བའི་གནས་སྐོར་ལས་གཞི་དང་བྱ་འགུལ་སྣ་ཚོགས་ཇུས་འགོད་དང་སྒྲུབ་འགན་འཁུར་བཞིན་ཡོད། གནས་སྐོར་ཐོན་རྫས་གསར་སྤེལ་རྩ་འཛུགས་དང་མཛུབ་སྟོན་བྱེད་པ། ཡུལ་སྐོར་སྣེ་ཤན་རུ་ཁག་དང་གནས་སྐོར་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་པ་དང་། གནས་སྐོར་བདེ་འཇགས་དང་གནས་སྐོར་གྱི་གཏུག་བཤེར་ཆེན་པོ་མཐུན་སྦྱོར་བྱེད་པ། གནས་སྐོར་འཕྲལ་སྒྲུབ་རོགས་སྐྱོར་བྱ་བ་མཛུབ་སྟོན་བཅས་བྱེད་བཞིན་ཡོད།

ནོར་དོན་བསྡོམས་རྩིས་ཁྲུའུ།
ནོར་དོན་དོ་དམ་བྱེད་ཐབས་དང་ལམ་ལུགས་ལྟ་སྐུལ་ལག་བསྟར་བྱེད་བཞིན་ཡོད། དོ་དམ་ཅུའུ་ནང་ཁུལ་གྱི་ནོར་དོན་དོ་དམ་དང་ཞིབ་རྩིས་བྱ་བ་སྒྲུབ་བཞིན་ཡོད་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་བྱ་བ་དང་། ནང་ཁུལ་རྩིས་བཤེར་བྱ་བ་སྒྲུབ་བཞིན་ཡོད་ལ། དོ་དམ་ཅུའུ་ལ་མཛུབ་སྟོན་དང་ལྟ་སྐུལ། ནོར་དོན་གྱི་ཡོང་སྒོ་དང་འགྲོ་གྲོན། རྒྱལ་དབང་རྒྱུ་ནོར་དོ་དམ་སོགས་འབྲེལ་ཡོད་ཀྱི་དཔལ་འབྱོར་བྱ་འགུལ་དང་ལེན་བྱེད་བཞིན་ཡོད།

མི་དོན་ཁྲུའུ།
ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་མི་དོན་དང་ལས་ཁུངས་སྒྲིག་བཟོའི་བྱ་བ་དང་། སློབ་གསོའི་གསོ་སྦྱོང་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་མི་སྣའི་དོ་དམ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

ལས་ཁུངས་ཏང་ཨུ།
ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་ཀྱི་བྱ་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་སྒྲུབ་བཞིན་ཡོད།

གཞུང་སྒྲུབ་ཁང་།
ལས་ཁུངས་ཀྱི་ཡིག་ཆ་དང་ཚོགས་དོན་ཞབས་ཞུ། གསང་སྲུང་། ཡིག་བསྐུར་ངོ་གཏུག ལྟ་སྐུལ་ཞིབ་བཤེར། གསར་འགྱུར་སྒྲོག་སྤེལ། སྲིད་དོན་དྲིལ་སྒྲོག འཕྲལ་སྒྲུབ་དོ་དམ། ཆ་འཕྲིན་དྲ་རྒྱ་སོགས་དང་། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་ལས་དོན་མཐུན་སྦྱོར་བྱ་བ་སྤེལ་བཞིན་ཡོད།

ཁོངས་གཏོགས་ལས་ཁུངས།
མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ།
ལྗོངས་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་ཁུར་བཞིན་ཡོད། རི་སྐྱེས་སྲོག་ཆགས་དང་བརླན་ས་སོགས་ཞིབ་བཤེར་དང་དཔྱད་འཇོག་བྱེད་བཞིན་ཡོད་ལ། ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་སླར་གསོ། ནད་རིགས་སྔོན་འགོག་བཅས་བྱེད་བཞིན་ཡོད། མངའ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། ལྗོངས་ཁུལ་གྱི་ཁོར་ཡུག་གནད་དོན་མཛུབ་སྟོན་དང་མཐུན་སྦྱོར་བྱེད་པ། ཁྲིམས་ལྟར་ཁོར་ཡུག་བཙོག་བཟོའི་དོན་རྐྱེན་དང་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ་རྩད་གཅོད་བྱེད་པ། མངའ་ཁོངས་སུ་གཞུང་སྒྲུབ་ཁང་དང་རང་བྱུང་སྲུང་སྐྱོབ་ཚན་ཁག ཆ་འཕྲིན་དྲིལ་སྒྲོག་ཚན་ཁག ཁོངས་གཏོགས་བྱ་གླིང་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་བཅས་ཡོད་ལ། ཚང་མ་ཁའོ་རིམ་པའི་ལས་ཁུངས་རེད། མཚོ་སྔོན་པོའི་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་སྲུང་སྐྱོབ་ས་ཚིགས་བཙུགས་ཡོད།

མཚོ་སྔོན་པོའི་མཚོ་དོན་ཅུའུ།
རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ་དང་ཚད་ལྡན་གྱི་བྱ་བ་ལག་བསྟར་བྱེད་བཞིན་ཡོད། མཚོ་སྔོན་པོའི་མཚོ་སྟེང་གི་བདེ་འཇགས་དང་མཚོ་གྲུའི་བཙོག་སྐྱོན་བྱ་བར་འགན་ཁུར་བཞིན་ཡོད་ལ། མཚོ་སྟེང་གི་ལས་བཟོ་བས་བདེ་འཇགས་ཐོན་སྐྱེད་དང་ལས་ཀར་མཚམས་མིན་གྱི་གསོ་སྦྱོང་བྱ་བ་སྤེལ་བཞིན་ཡོད། མཚོ་སྟེང་གི་བྱ་བ་དང་དོན་རྐྱེན་སྣ་ཚོགས་དང་། དངོས་རྫས་སྐྱེལ་འདྲེན་ལ་ལྟ་སྐུལ་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད། གལ་ཏེ་གནད་དོན་ཡོད་ཚེ་ཁོ་ཚོས་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་ནས་ཐག་གཅོད་བྱེད་བཞིན་ཡོད།

མཚོ་སྔོན་པོའི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ།
ལྗོངས་ཁུལ་གྱི་བཟོ་ཚོང་སྲིད་འཛིན་དང་རིན་གོང་། སྤུས་ཚད་ལྟ་བཤེར། བདེ་འཇགས་ཐོན་སྐྱེད། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ། ཕྱོགས་བསྡུས་ཁྲིམས་འཛིན་བྱ་བ། ལྗོངས་ཁུལ་གྱི་ཕྱོགས་བསྡུས་བྱ་བ་མཛུབ་སྟོན་དང་ལྟ་སྐུལ་བྱེད་བཞིན་ཡོད།

མངགས་གཏོང་ལས་ཁུངས།
མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་གླང་ཆེན་མཆེ་བ་རུ་ཡན་ལག་ཅུའུ།
ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན་ལག་བསྟར། གནས་སྐོར་ཚོང་རའི་ལྟ་སྐུལ། ཕྱོགས་བསྡུས་ཁྲིམས་འཛིན། ས་གནས་སྲིད་དང་མང་ཚོགས་ཀྱི་བྱ་བ་མཐུན་སྦྱོར་བྱེད་པར་འགན་ཁུར་བཞིན་ཡོད། ཡན་ལག་ཅུའུ་ཡི་ནང་ཁུལ་དུ་གཞུང་ལས་ཁང་དང་ལས་སྒོའི་ཚན་ཁག་ནི་ཁའོ་རིམ་པའི་ལས་ཁུངས་དང་། གཞན་ད་དུང་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་བཅས་བཙུགས་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བྱ་གླིང་ཡན་ལག་ཅུའུ།
ལྗོངས་ཁུལ་གྱི་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན་ལག་བསྟར། གནས་སྐོར་ཚོང་རའི་ལྟ་སྐུལ། ཕྱོགས་བསྡུས་ཁྲིམས་འཛིན། ས་གནས་སྲིད་དང་མང་ཚོགས་ཀྱི་བྱ་བ་མཐུན་སྦྱོར་བྱེད་པར་འགན་ཁུར་བཞིན་ཡོད། ཡན་ལག་ཅུའུ་ཡི་ནང་ཁུལ་དུ་གཞུང་ལས་ཁང་དང་ལས་སྒོའི་ཚན་ཁག་ནི་ཁའོ་རིམ་པའི་ལས་ཁུངས་དང་། གཞན་ད་དུང་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་བཅས་བཙུགས་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བྱེ་གླིང་ཡན་ལག་ཅུའུ།
ལྗོངས་ཁུལ་གྱི་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན་ལག་བསྟར། གནས་སྐོར་ཚོང་རའི་ལྟ་སྐུལ། ཕྱོགས་བསྡུས་ཁྲིམས་འཛིན། ས་གནས་སྲིད་དང་མང་ཚོགས་ཀྱི་བྱ་བ་མཐུན་སྦྱོར་བྱེད་པར་འགན་ཁུར་བཞིན་ཡོད། ཡན་ལག་ཅུའུ་ཡི་ནང་ཁུལ་དུ་གཞུང་ལས་ཁང་དང་ལས་སྒོའི་ཚན་ཁག་ནི་ཁའོ་རིམ་པའི་ལས་ཁུངས་ཡིན་ལ། གཞན་ད་དུང་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་བཅས་བཙུགས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།