འཕེལ་རྒྱས་སུ་འགྲོ་བཞིན་པའི་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

 མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ། 

དང་པོ།   ད་ལོའི་ཚུན་ལ།  ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག   མཚོ་སྔོན་པོ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ།  ཐེངས་ལྔ་བ།  ཐེངས་དྲུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་131འཐབ་ཕྱོགས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་གཙོ་བོར་འཛིན་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ།  འཕེལ་རྒྱས་གཙོ་བོ་ལྔའི་འདུ་ཤེས་རྒྱུན་འཁྱོངས།  འདོན་སྤྲོད་ཕྱོགས་ཀྱི་བཅོས་བསྒྱུར་གྱི་འོས་འགན་གལ་ཆེན་ལ་ཤུགས་ཆེན་པོས་སྐུལ་འདེད།   ལྗོངས་ཁུལ་གྱི་འཆར་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ།  གནས་སྐོར་འཕེལ་རྒྱས།  ཚོང་ར་ལེགས་སྒྲིག་སོགས་ཀྱི་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་།   ཟླ་བཅུ་བའི་བར་དུ།   ལྗོངས་ཁུལ་གྱིས་ཡུལ་སྐོར་མི་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་གསུམ་སྣེ་ལེན་བྱས་ལ་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བཞི་འཕར་ཏེ་ཡོང་སྒོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་གཅིག་འབུམ་དྲུག་ཁྲི་ལྔ་སྟོང་དྲུག་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་འཕར།  ལྗོངས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡོངས་འགྲུབ་བྱས་ནས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་བྱ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས། 

༼གཅིག༽སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པ།  

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་དང་པོ་རྒྱུན་འཁྱོངས་བྱས་ནས་བར་མ་ཆད་པར་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ།  མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ལོ་བཅུ་གཅིག་ལ་འཕར་སྣོན་བྱུང་།  

༼གཉིས།༽ལས་གཞི་འཛུགས་སྐྲུན་ཏན་ཏིག་ངང་སྐུལ་འདེད་བཏང་།  མཚོ་སྔོན་པོའི་མི་ཆོས་ཡུལ་སྐོར་མཛེས་ལྗོངས་བར་འཁྱམས་འཆར་འགོད་སྒྲིག་གཞི་བྱ་བ་སྤེལ་བར་རྩ་འཛུགས་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད།  གླང་ཆེན་མཆེ་བ་རིའི་ལྗོངས་ཁུལ་གྱི་བསྐྱར་འཛུགས་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ།  མཚོ་སྐོར་ལྕགས་རྟའི་ལམ་གྱི་ཆེད་སྒྲིག་འཆར་འགོད་དང་ཕྱེ་མ་ལ་བདུན་ལྗོངས་ཁུལ་གྱི་བསྐྱར་འཛུགས་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་བཅས་ཀྱི་གོ་དོན་ཇུས་གཞི་ཡོངས་འགྲུབ་བྱས་ནས། མཚོ་སྔོན་པོའི་ཡུལ་ལྗོངས་མིང་གྲགས་ཅན་གྱི་སྤྱིའི་འཆར་འགོད་ཀྱི་དྲིལ་སྒྲོག་བྱ་བ་སྤེལ།  

༼གསུམ།༽ཡུལ་སྐོར་ལས་རིགས་ཀྱི་རིམ་པ་ཇེ་མཐོར་གཏོང་བའི་གོམས་སྟབས་ཇེ་མགྱོགས་སུ་བཏང་བ།  མཚོ་སྔོན་པོའི་བྱ་གླིང་གི་ཡུལ་སྐོར་དུས་ཚིགས་དང་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་དམངས་ཕན་བྱ་འགུལ།  2016ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་འཇིམ་རྐོས་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ཡུལ་སྐོར་དུས་ཚིགས།  མཚོ་སྔོན་པོའི་མཚོ་མཆོད་རིག་གནས་ཡུལ་སྐོར་དུས་ཚིགས།  ལྷ་མཚོའི་ནུབ་ཁའི་མཛེས་ལྗོངས་ལ་ལྟ་བའི་མཚོ་འགྲུལ།  ཆིན་ཐཱེ་རིག་གནས་བརྗེ་རེས་བྱ་འགུལ། དེ་མིན་མཚོ་སྔོན་པོར་གནས་སྐོར་དུ་འགྲོ་བ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་པས་ལྗོངས་ཁུལ་གྱི་གནས་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་།   

 ༼བཞི།༽ཁོར་ཡུག་ལེགས་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ།  གནས་སྐོར་མཁན་ཉུང་བའི་སྐབས་སུ་བཅའ་ཁྲིམས་དྲིལ་སྒྲོག་གི་བྱ་བ་སྤེལ་ནས་མཚོ་སྔོན་པོའི་ཉེ་འགྲམ་གྱི་རྫོང་དང་ཞང་ལ་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ།  བཞུགས་མོལ་ཚོགས་འདུ་བསྡུ་བ་དང་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་རྒྱུ་ཆ་འགྲེམ་སྤེལ་སོགས་ཀྱི་བྱ་བ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་བཏང་། 

༼ལྔ།༽ དཔུང་སྡེ་འཛུགས་སྐྲུན་མུ་མཐུད་དུ་ཤུགས་བསྣན་པ། 

སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོའི་བྱ་འགུལ་ནན་ཏན་གྱིས་སྤེལ་ཏེ་ཏང་ཡོན་ལས་བྱེད་པའི་བསམ་བློའི་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་བཏང་།  ཕྱོགས་ཡོངས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་གཏོང་བ་དེ་མཚོ་སྔོན་པོའི་ལྗོངས་ཁུལ་འཛུགས་སྐྲུན་གྱི་བྱ་བ་སོ་སོའི་ཁྲོད་བཞག་ནས་དམ་འཛིན་བཟང་བོ་བྱས།