2016ལོའི་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཇུས་གཞི།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི«2016ལོའི་རྒྱལ་ཁབ་དང་ཞིང་ཆེན་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་གནས་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ལག་བསྟར་ཇུས་གཞི་བཟོ་སྒྲིག་དང་ཡར་ཞུ་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བརྡ་ཐོའི»དགོངས་དོན་ལག་ལེན་དངོས་འབེབས་དང་། དོན་ངོ་མའི་ཐོག་ནས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ཐད་གནས་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། རྒྱུན་ཆད་མེད་པར་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་དང་། ལྗོངས་ཁུལ་གྱི་གནས་བསྐོར་ཁོར་ཡུག་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་ཆེད། 2015ལོའི་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྨང་གཞིའི་སྟེང་། 2016ལོར་མཚོ་སྔོན་པོའི་ལྗོངས་ཁུལ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་གནས་སྐོར་ལོའི་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ། ཇུས་གཞིའི་ནང་དོན་གཤམ་གསལ་ལྟར།

 2015ལོར་ཞིང་ཆེན་རིམ་པའི་བྱ་དགའི་མ་དངུལ་བཀོལ་སྤྱོད་གནས་ཚུལ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་བླངས་བའི་གྲུབ་འབྲས།

བྱ་དགའི་ཁ་གསབ་མ་དངུལ་གྱི་བཀོལ་སྤྱོད་གནས་ཚུལ།

2014ལོ་ནས2015ལོར་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་རྒྱལ་ལམ་དང་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་གནས་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་མ་དངུལ་སྒོར་ས་ཡ་བཞི་དངོས་འབེབས་བྱས་ཤིང་། དོ་དམ་ཅུའུ་ཡིས་ལས་གཞི་ལག་བསྟར་བཟང་བོ་བྱས་ཤིང་། 2015ལོའི་ལོ་མཇུག་གི་བར་རིམ་བསགས་ཀྱིས་མ་དངུལ་སྒོར་ས་ཡ་གསུམ་འབུམ་བཞི་ཁྲི་བརྒྱད་ལྷག་བཏང་། 2015ལོར་མཚོ་སྔོན་པོ་མཐའ་བསྐོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་བཏང་ཞིང་། མ་དངུལ་སྒོར་འབུམ་བཞི་ཁྲི་བདུན་ལྷག་ཧྲིལ་བསྡུས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་རླངས་འཁོར་དང་ལྕགས་དྲ་ཉོ་བའི་ལས་གཞི་ཐད་བཀོལ་ཏེ་མ་དངུལ་སྒོར་ས་ཡ་གཅིག་ཁྲི་བརྒྱད་ལྷག་ཏུ་བསླེབས་ཡོད།

 བྱེད་ཐབས་གཙོ་བོ་དང་གྲུབ་འབྲས།

1. «མཚོ་སྔོན་པོའི་ལྗོངས་ཁུལ་གྱི་དོ་དམ་སྲོལ་ཡིག»གཙོ་བོ་ཡིན་པའི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ། ལྗོངས་ཁུལ་དོ་དམ་ཅུའི་མགོ་ཁྲིད་པས་སྣེ་ཁྲིད་དེ། ཅུའུ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་མཚོ་སྔོན་པོའི་མཐའ་འཁོར་གྱི་ཞང་དང་སྡེ་བ། ཁྱིམ་ཚང་བཅས་སུ་སོང་ནས། སྒྲོག་སྦྱོང་དང་བཞུགས་མོལ་གྲོས་སྡུར། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ཡིག་རིགས་འགྲེལ་སྤེལ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། མང་ཚོགས་ཀྱི་བཅའ་ཁྲིམས་ཤེས་པ་དང་བཅས་ཁྲིམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་། ལེགས་སྒྲིག་བཅོས་སྐྱོང་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་། ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ཏེ། སྒེར་གྱིས་གང་འདོད་དུ་ལམ་བཏོད་པ་དང་། གང་འདོད་དུ་རས་གུར་ཕུབ་པ། གང་འདོད་དུ་ལྗོངས་ཁུལ་ལས་པ། གང་འདོད་དུ་བརྡ་ཁྱབ་འགྲེམ་བྱང་འཛུགས་པ་སོགས་གང་འདོད་བཞིའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། བསྡོམས་པས་ཁྲིམས་འཛིན་མི་སྣང་ལྔ་བརྒྱ་ལྷག་བཀོད་སྒྲིག་བྱས་པ་དང་། ས་སློག་འཕྲུལ་འཁོར་དང་མེ་ཟོན་རླངས་འཁོར་སོགས་རླངས་འཁོར་བཅུ་ཕྲག་འགའ་བཏང་ཏེ། མཚོ་སྔོན་པོ་མཐའ་འཁོར་གྱི་ས་ཁུལ་དང་སྤེྲལ་ནག་ས་ཁུལ་གྱི་ཁྲིམས་འགལ་ལུགས་འགལ་གྱི་སྟབས་བདེ་ཁང་བ་བསྡོམས་པས་གྱན་སྟོང་གཅིག་ལྷག་བཤིག་པར་མ་ཟད། གླང་ཆེན་མཆེ་བ་རི་ལྗོངས་ཁུལ་གྱི་སྒོ་ཁར་ཁྲིམས་འགལ་གྱིས་རླངས་འཁོར་བཀག་ནས་ཡུལ་སྐོར་པ་མགོ་གཡོག་མགོ་བསྐོར་བྱེད་པ་དང་། ལྗོངས་ཁུལ་གྱི་109རྒྱལ་ལམ་ཀྱི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ལ་བཀག་རྒྱ་བཟོ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། དོ་དམ་ཅུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིན་དང་མཉམ་དུ་དུས་ཡུན་ལོ་ཕྱེད་ཀྱི་ལེགས་སྒྲིག་བཅོས་སྐྱོང་བྱ་འགུལ་སྤེལ་བ་དང་། ཉེན་རྟོག་པ200ལྷག་བཀོད་སྒྲིག་བྱས་ཏེ་ལྗོངས་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོབ་བྱས།

2. སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལོའི་བྱ་འགུལ་སྤེལ། མགོ་ཁྲིད་ཚན་ཆུང་བཙུགས་ཏེ། «མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལོའི་བྱ་འགུལ་ལག་བསྟར་ཇུས་གཞི»གཏན་འཁེལ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲིག་སློབ་གསོ་དང་སྐྱེ་ཁམས་རིག་གནས་མ་ལག་འཛུགས་པ། ཁོར་ཡུག་གཙང་སྦྲའི་ཆེད་དོན་ལེགས་སྒྲིག་བཅོས་སྐྱོང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་འཛུགས་སྐྲུན་སོགས་གནད་སའི་བྱ་བ་རྩ་འཛུགས་ལག་བསྟར་བྱས། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་ཁ་གསབ་རོགས་སྐྱོར་མ་དངུལ་ལས་གཞི་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་དེའི་མཐའ་བསྐོར་གྱི་སྤྱི་ལེ་གཅིག་གི་ཁྱབ་ཁོངས་ནང་རོལ་གྱི་གཞི་རྩའི་ཞིང་ས་དང་སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་ཁྱབ་ཁོངས་སུ་གཏོགས་པའི་རྨོ་ཞིང་ལ་ཁ་གསབ་བྱས་པར་མ་ཟད། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྦྱོབ་ས་ཁུལ་མཐའ་བསྐོར་གྱི་བརླན་ས་གལ་ཆེན་གྱི་སྐྱེ་ཁམས་ཉམས་གསོ་དང་བརླན་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྲིག་བཅོས་སྐྱོང་སོགས་བྱས།

3. མཚོ་སྔོན་པོའི་ལྗོངས་ཁུལ་གྱི་མིང་གྲགས་རྒྱུན་ཆད་མེད་པར་ཆེར་རྒྱས་བ་དང་། སྤྱི་དམངས་ཀྱིས་མཚོ་སྔོན་པོའི་ལྗོངས་ཁུལ་ལ་དོ་སྣང་བྱེད་ཚད་མུ་མཐུད་དུ་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། སྡེ་ཚོགས་ཀུང་ཟིས་མཚོ་སྔོན་པོའི་མཐའ་འཁོར་ལམ་རྒྱུད་དུ་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་གྱ་དྲུག་བཀོད་སྒྲིག་བྱས་པ་དང་། གད་སྙིགས་འཕོ་སའི་སྒམ་སུམ་བརྒྱ་གོ་བདུན། གད་སྙིགས་གཙང་འདྲེན་རླངས་འཁོར་དྲུག་བཅས་སྒྲིག་སྦྱོར་བྱས་ཏེ། དུས་བཅད་ལྟར་གད་སྙིགས་གཙང་སེལ་བྱས།

4. གུང་ཧོ་རྫོང་སྲིད་གཞུང་དང་མཉམ་འབྲེལ་སྒོས་སྤྱི་ལེ་བཅོ་བརྒྱད་ལྷག་གི་ལྕགས་ར་བསྐོར་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་གནས་སྐོར་པའི་ཁེ་ཕན་དངོས་སྲུང་སྐྱོབ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས།
གཉིས། 2016ལོར་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་གཙོ་བོ།

 ལེགས་སྒྲིག་བཅོས་སྐྱོང་གི་ནང་དོན།

མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དེ་གནས་སྐོར་སྒྲིག་ལམ་ལེགས་སྒྲིག་བཅོས་སྐྱོང་དང་ཁོར་ཡུག་གཙང་སྦྲ་ལེགས་སྒྲིག་བཅོས་སྐྱོང་། སྣང་བརྙན་ལེགས་སྒྲིག་བཅོས་སྐྱོང་། གནས་སྐོར་ཚོང་ར་ལེགས་སྒྲིག་བཅོས་སྐྱོང་བཅས་ཁག་བཞིར་བགོས་ཡོད།

 གནས་བསྐོར་སྒྲིག་ལམ་ལེགས་སྒྲིག་བཅོས་སྐྱོང་།

2016ལོར་ལྗང་མདོག་འཕེལ་རྒྱས་གནས་སྐོར་ལོའི་བྱ་འགུལ་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ལེགས་བཅོས། གནས་སྐོར་གྱི་སྤུས་ཚད་ཕན་འབྲས་མཐོར་འདེགས་བཅས་ཕྱོགས་གསུམ་ནས་མགོ་བརྩམས་ཏེ། ལྗོངས་ཁུལ་གཞུང་ལམ་ལམ་རྒྱུད་དང་གླང་ཆེན་མཆེ་བ། བྱ་གླིང་། བྱེ་གླིང་། ཀླུ་མོ་གཞོང་བཅས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་གཏན་འཁེལ་བྱས་ཤིང་། ལོ་ཧྲིལ་བོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྨང་གཞི་ལེགས་པོ་བཏིང་།

ཟླ་གསུམ་པར། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ཡིག་ཆ་གྲ་སྒྲིག་བྱས་ཏེ། ཟླ་བཞི་བའི་ཟླ་དཀྱིལ་ནས་བཟུང་། ཁུལ་གཉིས་དང་རྫོང་གསུམ་གྱི་སྲིད་གཞུང་དང་ལས་སྒོའི་སྡེ་ཁག་དང་མཉམ་འབྲེལ་སྒོས་མང་ཚོགས་ཚོགས་ཆེན་དང་འཆད་ཁྲིད། བཞུགས་མོལ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད་དེ། ཞང་དང་སྡེ་བ། ཁྱིམ་ཚང་བཅས་སུ་སོང་ནས། ཏང་གི་དམངས་ཕྱུག་སྲིད་ཇུས་དང་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ། ལྗོངས་ཁུལ་གྱི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གསུམ་དང་སྲོལ་ཡིག་བཞིའི་དྲིལ་སྒྲོག་བྱ་བ་གཙོར་བཟུང་ནས་སྤེལ་བས། མང་ཚོགས་ཀྱི་གཟེངས་བསྟོད་དང་རྒྱབ་སྐྱོར་ཐོབ་པ་དང་། ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང ་།

2015ལོར་གང་འདོད་གསུམ་གྱི་རྙོག་འཛིང་རྣམ་པ་བཅོས་སྐྱོང་ལེགས་སྒྲིག་བྱས་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ལ་བརྟག་དཔྱད་ཞིབ་འཇུག་ལེགས་པོ་བྱས་ཏེ། གནས་སྐོར་ཚོང་རའི་བདག་གཉེར་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བཏང་ཞིང་། བདེ་འཇགས་དཔལ་ཡོན་གྱི་འཆམ་མཐུན་ལྗོངས་ཁུལ་བསྐྲུན་པར་སྐུལ་འདེད་བྱས།
ཟླ་གསུམ་པ་ནས་མགོ་བརྩམས་ཏེ། ས་གནས་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ། ལོ་རེའི་ཞིང་སྡེའི་གནས་སྐོར་རོགས་སྐྱོར་འཕེལ་རྒྱས་ཇུས་གཞི་བཟོས་ཏེ། སྐར་རིམ་ཞིང་པའི་སྤྲོ་ཁྱིམ་ཚད་གཞིའི་བླང་བྱ་ལྟར། མཚོ་སྔོན་པོའི་མཐའ་འཁོར་གྱི་ཞིང་སྡེའི་གནས་སྐོར་ཚད་ལྡན་སྒོས་དོ་དམ་དང་འཕེལ་རྒྱས་སུ་བཏང་། ཟླ་ལྔ་བར། མཚོ་སྔོན་པོའི་མཐའ་འཁོར་གྱི་ཞིང་སྡེའི་གནས་སྐོར་སྒྲུབ་མཁན་མི་སྣར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཏེ། མང་ཚོགས་ཀྱིས་ཁྲིམས་མཐུན་དང་གོ་རིམ་ལྡན་པའི་ངང་གནས་སྐོར་བདག་གཉེར་ལས་ཀ་གཉེར་བར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ལ་ལྗོངས་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ཏེ། རང་རྟོགས་སྒོས་མཚོ་སྔོན་པོའི་ལྗོངས་ཁུལ་ཁོར་ཡུག་སྲུང་སྐྱོབ་དང་། ལྗོངས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས།

 ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་ལེགས་བཅོས།

གཅིག་ནས་དྲིལ་སྒྲོག་དང་སློབ་གསོའི་ཤུགས་ཚད་ཇེ་དྲག་ཏུ་བཏང་། གཉིས་ནས་གནས་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་ཟ་ཁང་དང་མགྲོན་ཁང་གི་ཁོར་ཡུག་གཙང་སྦྲ་དང་གད་སྙིགས་ཐག་གཅོད་གནད་དོན་གཙོར་བཟུང་ནས་ལེགས་སྒྲིག་བཅོས་སྐྱོང་བྱས། གསུམ་ནས་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཐད་འགན་འཁུར་འགན་གཙང་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས། བཞི་ནས་པུ་ཧ་ཆུ་བོའི་འབབ་རྒྱུད་དང་ལྗོངས་ཁུལ་མཐའ་འཁོར་གྱི་ཆུ་ལམ་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ། མཚོ་སྔོན་པོའི་འབབ་རྒྱུད་ཁོར་ཡུག་ལེགས་བཅོས་བྱས། ལྔ་ནས་བྱ་གླིང་ལྗོངས་ཁུལ་གྱི་རྡོ་སོལ་ཁྲོ་ཐབ་ལེགས་བསྒྱུར་བྱས་ཏེ། གཞུང་སྒྲུབ་ཐོག་ཁང་དང་ལས་བཟོ་བའི་ཉལ་ཁང་། ཆེད་མཁས་པའི་འཁོར་རྒྱུགས་ས་ཚིགས་བཅས་ཀྱི་བཙོག་ཆུ་སྦུག་ལམ་བསྒྱུར་བཀོད་བྱས་ཤིང་། ཧུར་ཐག་གིས་བྱ་གླིང་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་དང་གད་སྙིགས་གཙང་འདྲེན་བྱ་བའི་འགན་འཁུར་ཞིང་། ལེགས་སྒྲིག་བཅོས་སྐྱོང་གི་ཐད་ལ་མ་དངུལ་སྒོར་ས་ཡ་གཅིག་འབུམ་བདུན་ལྷག་དགོས་པ་རེད།

 ལྗོངས་ཁུལ་གྱི་སྣང་བརྙན་ལེགས་སྒྲིག་བཅོས་སྐྱོང་།

གཅིག་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། ཆུའི་སྤུས་ཚད་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་དོ་དམ་ནན་མོ་བྱེད་པ། ཆུའི་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་ལེགས་བཅོས་བྱས་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་སྒོས་བཀོལ་སྤྱོད་བྱས།

གཉིས་ནས་མིས་གཏོར་བརླག་བཏང་བ་དང་ས་ཞིང་བྱེ་མ་ཅན་ཏུ་འགྱུར་བ་ལས་བཟོས་པའི་རྩྭ་སའི་སྤང་ཤུན་ཉམས་གསོ་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱས་ཏེ། མཚོ་སྔོན་པོའི་བརླན་ས་སྲུང་སྐྱོབ་དང་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་ལེགས་བཅོས་བྱས།

གསུམ་ནས་གླང་ཆེན་མཆེ་བ་ལྗོངས་ཁུལ་མཐའ་འཁོར་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་བཅས་ཀྱི་མདུན་དང་གཞུང་ལམ་བདེ་སྙོམས་དང་སྲུང་སྐྱོབ་བྱས་པ་དང་། ལྗོངས་ཁུལ་ནང་རོལ་གཞུང་ལམ་གྱི་ལམ་སྒྲོན་གསར་བར་བརྗེས་བ། གནས་སྐོར་ལྗོངས་ཁུལ་གྱི་རྐང་ལམ་དང་རོལ་རྩེད་སྒྲིག་ཆས། ཉེན་བརྡའི་མཚོན་རྟགས་སོགས་ཞིག་གསོ་བྱས།

བཞི་ནས་སྡོང་ཕྲུག་འཛུགས་པ་དང་རྩྭ་བཏབ་ཏེ། ལྗོངས་ཁུལ་གྱི་ཁོར་ཡུག་ཇེ་ལེགས་ཇེ་མཛེས་སུ་བཏང་།

ལྔ་ནས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་ཐེངས་དྲུག་པའི་བྱ་བའི་ལས་འགན་བཀོད་སྒྲིག་གི་ལྟར་དུ། མཚོ་སྔོན་པོའི་མཐའ་འཁོར་གྱི་སྤྱོད་ཁང་ཉེར་གསུམ་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ཤིང་། ལྗོངས་ཁུལ་ནང་རོལ་དང་གཞུང་ལམ་འགྲིམ་འགྲུལ་ལམ་རྒྱུད་ཀྱི་སྤྱོད་ཁང་བཀོལ་སྤྱོད་དོ་དམ་བྱ་བར་ཤུགས་སྣོན་བྱས་པ། སྤྱོད་ཁང་གི་གཙང་སྦྲའི་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་ཏེ། གནས་སྐོར་པར་སྟབས་བདེ་གང་ལེགས་བསྐྲུན་པ་དང་། ལྗོངས་ཁུལ་གྱི་སྣང་བརྙན་སྲུང་སྐྱོབ་བྱས།

དྲུག་ནས་ལྗོངས་ཁུལ་དང་གཞུང་ལམ་ལམ་རྒྱུད་ཀྱི་ཕྱོགས་སྟོན་མཚོན་རྟགས་གསལ་བོ་བྱས།

ལྗོངས་ཁུལ་གྱི་གནས་སྐོར་ཚོང་ར་ལེགས་སྒྲིག་བཅོས་སྐྱོང་བྱས།

གཅིག་ནས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་མུ་མཐུད་དུ་མཚོ་སྔོན་པོ་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་སྒྲུབ་བྱས།

གཉིས་ནས་ལྗོངས་ཁུལ་གྱི་ཟ་ཁང་དང་གནས་སྐོར་ཚོང་ཟོག་ཉོ་ས། མགྲོན་ཁང་སོགས་གནས་སྐོར་བདག་གཉེར་བྱ་འགུལ་སྤེལ་བའི་སྡེ་ཁག་དང་མི་སྒེར། སྡེ་ཚོགས་བཅས་ཀྱི་བདག་གཉེར་གྲུབ་ཆའི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཏེ། ཁྲིམས་ལྟར«བཟོ་ཚོང་བདག་གཉེར་འཛིན་ཡིག»དང«འཕྲོད་བསྟེན་ཆོག་མཆན་དཔང་ཡིག»སོགས་མེད་པར་གནས་སྐོར་བདག་གཉེར་བྱ་བ་སྒྲུབ་མཁན་ལ་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་ནན་མོ་བྱས་ཏེ། འཛིན་ཡིག་ཚང་མ་ཡོད་པའི་སྒོ་ནས་བདག་གཉེར་བྱེད་དགོས་པ་བྱས།

གསུམ་ནས་ལྗོངས་ཁུལ་གྱི་ཟས་རིགས་འཛད་སྤྱོད་བདེ་འཇགས་དང་རིན་གོང་ཁྲོམ་བསྒྲགས་ལེགས་སྒྲིག་བྱེད་པའི་བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ།

བཞི་ནས་མཚོ་སྔོན་པོའི་གནས་སྐོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་བཙུགས་ཏེ། གནས་སྐོར་ཞུ་གཏུག་བདག་སྤྲོད་ནང་རྐྱེན་འཐུས་ཚང་དུ་བཏང་ཞིང་། གནས་སྐོར་ཞུ་གཏུག་དང་ལེན་ཆ་འཕྲིན་སྟེགས་བུ་འཛུགས་སྐྲུན་ཇེ་ལེགས་སུ་བཏང་བ། གནས་སྐོར་ཞུ་གཏུག་འདུམ་འགྲིག་དང་ཁེ་དབང་སྲུང་སྐྱོབ་བྱ་བ་སྤེལ་ཏེ། ཧུར་ཐག་གིས་ཞུ་གཏུག་དང་ལེན་ཐེངས་རེ་བྱས་ན་འདུམ་འགྲིག་ཐེངས་རེ་བྱས་ནས། གནས་སྐོར་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱས།

ལྔ་ནས་ལྗོངས་ཁུལ་གྱི་སྤྱོད་ཐེངས་གཅིག་གི་ཐུར་མ་དང་འགྱིག་ཕོར། འགྱིག་ཤོག་ཁུག་མ་སོགས་ཚོང་གཉེར་བྱེད་མཁན་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་དྲིལ་སྒྲོག་ཡིག་རིགས་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་བདག་གཉེར་པར་གཏན་འཁེལ་བརྩི་སྲུང་ནན་མོ་བྱས་ཏེ་བྱ་སྤྱོད་དངོས་ཀྱིས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་དང་སློབ་གསོ་བཏང་། དྲུག་ནས་109རྒྱལ་ལམ་ལམ་རྒྱུད་ཀྱི་ལོག་དཀར་གྱི་ཞིང་ནང་དུ་པར་ལེན་པ་དང་། རྟར་ཞོར་ནས་པར་ལེན་པ་སོགས་བདག་གཉེར་བྱ་འགུལ་ལེགས་སྒྲིག་བཅོས་སྐྱོང་དང་ཚད་ལྡན་དུ་བཏང་བ་དང་། «མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ལོག་དཀར་གྱི་ཞིང་ནང་དུ་པར་ལེན་པའི་གནས་སྐོར་བདག་གཉེར་བྱ་འགུལ་དོ་དམ་བྱེད་ཐབས»གཏན་ཁེལ་བྱས་ཏེ། བདག་གཉེར་ཁྱིམ་ཚང་ལ་བདག་གཉེར་འཛིན་ཡིག་ཡོད་པ་དང་རིན་གོང་གསལ་བོར་འགོད་པ། ཚད་ལྡན་གྱིས་བདག་གཉེར་བྱེད་པར་ཁྲིན་སྟོན་བྱས།

 བྱ་བའི་དམིགས་འབེན།

དྭགས་གཙང་མཛེས་སྡུག་དང་དཔལ་ཡོན་འཆམ་མཐུན། བདེ་འཇགས་དང་གོ་རིམ་ལྡན་པ། འགྲིམ་འགྲུལ་ཤར་གཏོང་། དོ་དམ་ཚད་ལྡན། བདག་གཉེར་ཁ་དན་ཚིག་གནས། ཞབས་ཞུ་སྤུས་ལེགས་བཅས་ཚད་གཞིར་བཟུང་ནས། 2016ལོའི་ཟླ་བཞི་བའི་ཟླ་དཀྱིལ་ནས་ཟླ་དགུ་བའི་བར། གཅིག་བསྡུས་ལེགས་སྒྲིག་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། ལྗོངས་ཁུལ་དང་དེའི་མཐའ་འཁོར་དུ་སྒེར་གྱིས་གང་འདོད་དུ་རས་གུར་ཕུབ་པ་དང་། གང་འདོད་དུ་ལྗོངས་ཁུལ་ལས་པ། གང་འདོད་དུ་ལམ་བཏོད་པ། གད་སྙིགས་གསོག་ཉར་སོགས་ཀྱི་གནད་དོན་གནད་སར་བཞག་ནས་ལེགས་སྒྲིག་བཅོས་སྐྱོང་བྱས་ཏེ། མཚོ་སྔོན་པོའི་གནས་སྐོར་ཚོང་རའི་དོ་དམ་ཁྲོད་གནས་པའི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱུང་ནས། གནས་སྐོར་པའི་ཡིད་ཚིམ་ཚད་ཆེས་ཆེར་ཇེ་མཐོར་སོང་བ་དང་། ལྗོངས་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་གྱུར།

2016ལོར་མཚོ་སྔོན་པོའི་ལྗོངས་ཁུལ་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་སྤྱིའི་མ་དངུལ་སྒོར་བྱེ་བ་གསུམ་ལྷག་ཏུ་བསླེབས་ཡོད།
འགན་སྲུང་ཕྱོགས་སུ། གཅིག་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན། གཉིས་ནས་སྡེ་ཁག་མཉམ་འབྲེལ་ལ་ཤུགས་སྣོན་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས། གསུམ་ནས་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ་སྣང་ཚུལ་ལེགས་པོ་བསྐྲུན། བཞི་ནས་ལྟ་ལྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། བྱ་བའི་ཕན་ནུས་ཁག་ཐེག་བྱས།
 

ལོ་ཙཱ་བ། སྒྲོལ་མ་སྐྱིད།