མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”བྱ་བ་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང2016ལོའི་ལོ་སྟོད་ཀྱི་བྱ་བའི་སྤྱི་བསྡོམས།
2017.04.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

གཅིག གཞི་རྩའི་གནས་ཚུལ།
མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་ཕྱོགས་སུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་བཞི་བརྒྱ་སོ་གཉིས་ལྷག་ཡོད་པ་དང་། ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཁུལ་གྱི་ཚྭ་མཚོ་ཡིན་ལ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་རྒྱལ་ཁབ་བརླན་ས་གལ་ཆེན་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་གྱི་ཁུལ་གཙོ་བོ་དང་རྒྱལ་ཁབ་ཀ5རིམ་པའི་གནས་སྐོར་ལྗོངས་ཁུལ་ཡིན་པས། “ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཆེན་པོ་ལྔའི”གྲས་ཀྱི་གཅིག་ཡིན་པ་དང་། 2014ལོར་མཛེས་པའི་ཀྲུང་གོའི་གནས་སྐོར་ལྗོངས་ཁུལ་བཅུའི་ཁྲོད་བདམས་པ་མ་ཟད། རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་སུ་ཡོད་པའི་ལྗོངས་ཁུལ་དཔལ་ཡོན་གནས་སྐོར་གྱི་སྔོན་ཐོན་ལས་ཁུངས་སོགས་སུ་བདམས།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནི2007ལོར་བཙུགས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཐིན་རིམ་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་སུ་གཏོགས། གཙོ་བོར་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། གནས་སྐོར་འཕེལ་རྒྱས་བཅས་ཀྱི་འགན་ཁུར་བཞིན་ཡོད། གཏན་འཁེལ་བྱས་པའི་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བརྒྱད་དང་དགུ་བརྒྱ་དོན་བདུན་ཡོད། ལྗོངས་ཁུལ་དོ་དམ་ཅུའུ་ཡི་མངའ་ཁོངས་སུ་ལས་ཁུངས་ལྔ་དང་ཐད་གཏོགས་ལས་ཁུངས་གསུམ། མངག་གཏོང་ལས་ཁུངས་གསུམ་བཅས་ཡོད། དེ་ལས་གཞན། ཞིང་ཆེན་སྤྱི་བདེ་ཐོན་དང་ཞིང་ཆེན་ས་ཁྲལ་ཅུའུ། ཞིང་ཆེན་རྒྱལ་ཁབ་ས་ཁང་བདག་ཁོངས་ཅུའུ། ལྗོངས་ཁུལ་སོ་སོའི་སྤྱི་བདེ་ཡན་ལག་ཅུའུ་དང་ས་ཁྲལ་ཡན་ལག་ཅུའུ། རྒྱལ་ཁབ་ས་ཁང་བདག་ཁོངས་ཡན་ལག་ཅུའུ་བཅས་ཡོད་ལ། མངག་གཏོང་སྡེ་ཁག་དང་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡི་མགོ་ཁྲིད་བྱེད་བཞིན་ཡོད། ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ལྟར། ལྗོངས་ཁུལ་དོ་དམ་ཅུའུ་ཡིས་རྒྱལ་དབང་རྒྱུ་ནོར་གཏོང་བའི་འགན་ཁུར་དེ་མཚོ་སྔོན་པོའི་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་སིས་དོ་དམ་དང་འགན་ཁུར་བཞིན་ཡོད། སྡེ་ཚོགས་ཀུང་སི2008ལོའི་ཟླ་ལྔ་བར་བཙུགས་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་ཡོད་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བའི་གནས་སྐོར་ཁེ་ལས་རེད།

གཉིས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དམིགས་འབེན་གཙོ་བོ་དང་ཡོངས་འགྲུབ་གནས་ཚུལ།
“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་སུ། མཚོ་སྔོན་པོའི་ལྗོངས་ཁུལ་གནས་སྐོར་ལས་རིགས་འཕེལ་རྒྱས་ཧ་ཅང་མགྱོགས་པ་དང་། ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་གནས་སྐོར་མི་གྲངས2010ལོའི་འབུམ་དྲུག་དང་ཁྲི་གསུམ་ལས་འཕར་སྣོན་བྱུང་སྟེ། 2015ལོར་མི་གྲངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་རུ་སླེབས་ཡོད་པ་དང་། ལྡབ་གཉིས་དང་གྲངས་ཆུང་དྲུག་འཕར་ཡོད། གནས་སྐོར་གྱི་སྤྱིའི་ཡོང་སྒོ2010ལོའི་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་ནས་འཕར་ཏེ2015ལོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་གསུམ་དུ་འཕར་ཡོད་ལ། འཕར་ཚད་ལྡབ་གསུམ་རེད། གནས་སྐོར་གྱི་མི་གྲངས་དང་གནས་སྐོར་གྱི་ཡོང་སྒོ་ལོ་རེར་ཆ་སྙོམས་བྱས་ན་སོ་སོར་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་ལྔ་དང་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་གསུམ་འཕར་ཡོད། བྱ་བ་སྤེལ་བའི་གནས་ཚུལ་གཙོ་བོ་གཤམ་གསལ་ལྟར།

གཅིག་ནི་འཆར་འགོད་འཛུགས་སྐྲུན་ནན་ཏན་སྒོས་སྐུལ་འདེད་བྱས་པ། སྒྲིག་སྦྱོར་བྱས་ཏེ་གོང་རིམ་ལ་སྙན་ཞུ་ཕུལ་བའི«མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་གནས་ཀྱི་སྤྱིའི་འཆར་འགོད(2015ལོ་ནས2025)»དེ་2015ལོའི་ཟླ་བཅུ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆོག་མཆན་བཀོད་པ་བརྒྱུད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་དངོས་སུ་མཆོག་མཆན་བཀོད། «མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་དང་ཚོད་འཛིན་འཆར་འགོད»དང«མཚོ་སྔོན་པོའི་ལྕགས་རྟའི་མཚོ་སྐོར་ཞབས་ཞུ་དང་འགན་སྲུང་འཆར་འགོད»སོགས་ཆེད་གཉེར་འཆར་འགོད་ལག་བསྟར་བྱས། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་ཙམ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་གནས་སྐོར་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་སོགས་འཛུགས་སྐྲུན་ལས་གཞི་རྩ་འཛུགས་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དགུ་ཡོངས་འགྲུབ་བྱས། གཙོ་བོར་མཚོའི་མཛེས་ལྗོངས་ལ་བལྟ་བའི་མགྲོན་ཁང་དང་གླང་ཆེན་མཆེ་བ་རུའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་སོགས་འཛུགས་སྐྲུན་ལས་གཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་པ་དང་། གླང་ཆེན་མཆེ་བ་རུའི་ལྗོངས་ཁུལ་གྱི་ཁང་འཁོར་སྤོ་སྒུལ་མགྲོན་ཁང་དང་། མཚོ་སྔོན་པོའི་ཆུ་ཐོག་སྐྱེལ་འདྲེན་དུས་སྐབས་གཉིས་པ། གླང་ཆེན་མཆེ་བ་རུའི་གྲུ་ཁ་རྒྱ་བསྐྱེད་འཛུགས་སྐྲུན་བྱེད་པ། བྱེ་གླིང་མགྲོན་ཁང་སོགས་ཀྱི་ལས་གཞི་ལག་བསྟར་བྱས།

གཉིས་ནི་གནས་སྐོར་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བ། ཧུར་ཐག་གིས་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། གཟུགས་འདས་རིག་གནས་ཐོན་རྫས་ལྗོངས་ཁུལ་དུ་ནང་འདྲེན་བྱས་ནས། ཀྲུང་གོའི་མཚོ་སྔོན་པོའི་ཚོད་ལྟའི་རྟེན་གཞི་རུ་རྟེན་མཛོད་གླིང་བཙུགས་པ་མ་ཟད་གནས་སྐོར་བར་སྒོ་འབྱེད་བྱས། ནུས་ཤུགས་ཡོད་དགུས་མཚོ་སྔོན་པོའི་བྱ་ལ་བལྟ་བའི་དུས་ཚིགས་དང་མཚོ་སྔོན་པོའི་རྒྱལ་སྤྱིའི་འཇིམ་བརྐོས་དང་མཛེས་ལྗོངས་སྒྱུ་རྩལ་གནས་སྐོར་དུས་ཚིགས། མཚོ་སྔོན་པོའི་མཚོ་མཆོད་རིག་གནས་གནས་སྐོར་དུས་ཚིགས་སོགས་བྱ་འགུལ་ཆེན་པོ་གཙོར་བཟུང་ནས་གནས་སྐོར་ཐོན་རྫས་མ་ལག་རབ་དང་རིམ་པ་ལེགས་བཟོ་བྱས་ཏེ། གནས་སྐོར་ཐོན་རྫས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཤུགས་ཆེན་པོས་མཚོ་སྐོར་ཞིང་སྡེའི་གནས་སྐོར་ལ་རྒྱབ་སྐྱོར་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་བྱེ་བ་ལྔ་ཙམ་བཏང་། གང་འདོད་དུ་ལམ་ལས་པ་དང་ལྗོངས་ཁུལ་འཛུགས་པ། རས་གུར་ཕིབ་པ། ཚོང་འཕྲིན་འགལ་བ་དང་དེ་མིན་བཙན་གྱིས་ཉོ་ཚོང་བྱེད་པ། གནས་སྐོར་བར་མགོ་སྐོར་གཏོང་བ་སོགས་སྣང་ཚུལ་ལེགས་བཅོས་བྱས་ཏེ། ཚོང་རའི་ཁོར་ཡུག་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས།

གསུམ་ནི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱས་པ། ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྨང་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་རྩ་འཛུགས་ལག་བསྟར་བྱས་པས། མཚོ་སྔོན་པོའི་ས་ཁོངས་ཀྱི་སྐྱེ་ཁམས་ལ་མངོན་གསལ་སྒོས་སླར་གསོ་ཐོབ། ལྟ་སྐུལ་ཞིབ་བཤེར་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་བསྟུད་མར་ལོ་བཅུ་གཅིག་ལ་འཕར་བ་དང་། 2004ལོའི་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་ཉིས་བརྒྱ་ཞེ་བཞི་གྲངས་ཆུང་ལྔ་ནས་འཕར་སྣོན་བྱུང་སྟེ2016ལོར་སྟོང་བཞི་བཞི་བརྒྱ་ཉེར་བཞི་དང་གྲངས་ཆུང་དགུ་རུ་འཕར་ཡོད། མཚོ་སྔོན་པོའི་བྱ་རིགས་ཏེ1196ལོའི་རིགས་བརྒྱ་དང་རེ་བཞི་ནས་འཕར་ནས2016ལོར་རིགས་ཉིས་བརྒྱ་ཉེར་གཉིས་སུ་སླེབས་ཡོད། རྒྱུད་ཆད་ཉེན་ཆེ་བའི་དགོ་ཡི་གྲངས་ཀ་དེ2004ལོའི་ཉིས་བརྒྱ་ང་བདུན་ནས་འཕར་སྣོན་བྱུང་སྟེ་མིག་སྔར་སྟོང་གཅིག་བཞི་བརྒྱ་རེ་བཞི་རུ་འཕར་ཡོད། མཚོ་སྔོན་པོའི་ཉ་རིགས་ཀྱི་གྲངས་ཀ་དེ2002ལོའི་ཏུན་སྟོང་གཉིས་ལྔ་བརྒྱ་གོ་གཉིས་ནས་འཕར་ཏེ2016ལོའི་ལོ་མཇུག་ཏུ་ཏུན་ཁྲི་དྲུག་དང་སྟོང་གཉིས་ལ་སླེབས་ཡོད་པ་དང་། ལྡབ་ཉེར་བཞི་འཕར་ཡོད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།