མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་སྒྲོག་བཤད་རྒྱུ་ཆ།
2017.04.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 32

དང་པོ། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་གནས་ཚུལ།

     ཉེ་བའི་ལོ་འགའི་རིང་དུ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་དང་ཟུང་དུ་སྦྲེལ་ཏེ། ལམ་ལུགས་དམ་འཛིན་དང་སྒྲིག་གཞི་བསྐྲུན་པ། ཇུས་འགོད་དམ་འཛིན་དང་འཛུགས་སྐྲུན་སྐུལ་འདེད། ཚོང་ར་དམ་འཛིན་དང་གཟུགས་བརྙན་མཐོར་འདེགས། དྲིལ་སྒྲོག་དམ་འཛིན་དང་ཚོང་གཉེར་རྒྱ་བསྐྱེད། སྐྱེ་ཁམས་དམ་འཛིན་དང་ཁོར་སྲུང་སྐུལ་འདེད། ཞབས་ཞུ་དམ་འཛིན་དང་རྒྱུ་སྤུས་མཐོར་འདེགས་སོགས་ཀྱི་ཕྱོགས་ནས་བྱ་བ་སྤེལ་ཞིང་། བྱ་བ་སོ་སོར་གོང་འཕེལ་མི་དམན་པ་ཐོབ་ལ། ལྷག་པར་དུ་ལྗོངས་རྒྱུའི་ལས་རིགས་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།

གཅིག  སྐྱེ་ཁམས་སྲུང་སྐྱོང་ཕྱོགས།

མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་བྱ་བས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ནི་རྩ་དོན་དང་པོ་རུ་འཛིན་པ་དང་། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་བཟང་ཕྱོགས་ལ་བསྐྱོད་པ་མངོན་འགྱུར་བྱུང་། ལོ་མང་པོའི་རིང་དུ། རང་བྱུང་སྲུང་སྐྱོང་ཁུལ་འཛིགས་སྐྲུན་ལ་ཤུགས་སྣོན་ཁ་གཙོ་གནད་དུ་བཟུང་སྟེ། ཧུར་བརྩོན་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་བ་ཡིན། རགས་རྩིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་ལྔ་བཏང་སྟེ། སྔ་གཞུགས་ཏུ་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། བརླན་སའི་སྲུང་སྐྱོང་དང་སླར་གསོ་འཛུགས་སྐྲུན་བཟོ་སྐྲུན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་ཤུགས་འཛུགས་སྐྲུན། མཚོ་སྔོན་པོའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྲུང་སྐྱོང་ཁ་གསབ་མ་དངུལ་ལས་གཞི་སོགས་ལས་གཞི་གཙོ་བོ་ལག་བསྟར་བྱས། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཉམ་འབྲེལ་ཚན་རིག་ཞིབ་འཇུག་གནས་གཞི་བཙུགས་ཤིང་། ཚན་རྩལ་མཐོ་བའི་བྱེད་ཐབས་དང་འཇོན་མིའི་དགེ་མཚན་ལ་བརྟེན་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ཚན་རིག་བེད་སྤྱོད་པའི་རྣམ་པ་གསར་བའི་ཁྲོད་ཞུགས། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་གཞིས་ཁུལ་སྤྱིའི་དོ་དམ་སྒྲིག་གཞི་བཙུགས་ནས། ལྗོངས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་སྐུལ་འདེད་ལ་ལག་རྡང་སྦྲེལ་བའི་རྣམ་པ་བཟང་བོ་ཞིག་གྲུབ་།

སྐྱེ་ཁམས་སྲུང་སྐྱོང་བྱ་བའི་ནུས་ཡོད་མཐོར་འདེགས་ཀྱིས་མཚོ་སྐོར་སྐྱེ་ཁམས་ལ་ལེགས་བཅོས་བཟང་བོ་ཐོབ་པ་རེད། མཚོ་སྔོན་པོའི་རྒྱ་ཁྱོན་ཡང་2004ལོའི་སྟོང་མུས་གྲུ་བཞི་མ4244.5ནས2015ལོའི་སྟོང་མུས་གྲུ་བཞི་མ4432.3ལ་འཕར།

བྱའི་རིགས་ལ1984ལོའི་རིགས164ནས2013ལོའི་རིགས222ལ་འཕར། ཉེན་ཐེབས་རི་དྭགས་དགོ་དམར་ཁ་གྲངས2004ལོའི257ནས2014ལོའི1180ལ་འཕར། ཉའི་ཐོན་ཁུངས2002ལོའི་ཏུན2592ནས2014ལོའི་ཏུན་ཁྲི་དྲུག་ལ་འཕར།

མཚོ་སྔོན་པོ་ལྗོངས་རྒྱུ་སྡེ་ཚོགས་ཚད་ཡོད་ཀུང་སི་ནི་རྒྱལ་གཉེར་ཁེ་ལས་ཤིག་ཡིན་པའི་ཆ་ནས་ལྗོངས་ཁུལ་ཁོར་ཡུག་སྲུང་སྐྱོང་ཕྱོགས་ཀྱི་སྤྱི་ཚོགས་འགན་འཁྲི་མང་པོ་ཞིག་ཕྲག་ཏུ་བླངས་ཡོད། ཀུང་སིས་ལོ་རེར་སྒོར་ས་ཡ་གཉིས་ཀྱི་ཡན་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ཐད་ལ་བཏང་བར་མ་ཟད། ལོ་རེར་སྐབས་ཐོག་རང་བཞིན་གྱི་དུས་ཚིགས་ལས་བཟོ་བ་བརྒྱ་ལྷག་བསྡུ་ལེན་བྱས་ཏེ་མཚོ་སྐོར་ལམ་རྒྱུད་དུ་གད་སྙིགས་གཙང་སེལ་བྱེད་པ་སོགས་ཀྱི་བྱ་བ་སྤེལ།

གཉིས། ཇུས་འགོད་འཛུགས་སྐྲུན་གྱི་ཕྱོགས།

 མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད་ནི2015ལོའི་སྨད་དུ་རྒྱལ་ཁབ་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་དངོས་སུ་ཆོག་མཆན་གནང་། མཚོ་སྔོན་པོའི་ལྗོངས་རྒྱུའི་ཇུས་འགོད་དང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྲོང་སྡེ་ལྗོངས་རྒྱུའི་འཕེལ་རྒྱས་དང་ཚོད་འཛིན་ཇུས་འགོད། མཚོ་སྐོར་ལྩགས་རྟའི་ལྗོངས་རྒྱུའི་ཞབས་ཞུ་དང་ཁག་ཐེག་ཇུས་འགོད་བཅས་སྒྲིག་བཟོ་ལེགས་འགྲུབ་བྱས། འགོ་འཛུགས་མཐོན་པོའི་ཇུས་འགོད། རིམ་པ་མཐོན་པོའི་ཚོང་འགུག རྒྱུ་སྤུས་མཐོན་པོའི་འཛུགས་སྐྲུན། ཆུ་ཚད་མཐོན་པོའི་དོ་དམ་གྱི་རེ་བ་དང་ཤེད་ཤུགས་ཕྱོགས་བསྡུ། གཙོ་གནད་འབུར་ཐོན། ཁྱད་ཆོས་བཟོ་སྐྲུན་གྱི་རྩ་དོན་ལྟར། ཐབས་ལམ་མང་པོ་ནས་མ་དངུལ་བསྡུས་ཏེ་ཤུགས་ཆེན་པོས་སྐུལ་འདེད་བྱེད་དགོས། སྤྱིའི་མ་དངུལ་གཏོང་བའི་རྒྱ་ཁྱོན་སྒོར་སྒོར་དུང་ཕྱུར་བཅུ་གསུམ་ལ་བསླེབས་ཤིང་། རགས་རྩིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་བདུན་བཏང་ཟིན། འཛུགས་སྐྲུན་ཐད་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་བདག་གཉེར་སྒྲིག་ཆས་ལས་གཞི་སོགས་བརྒྱད་ཅུ་ཡས་མས་ཡོད། མཚོ་སྔོན་པོ་མཁའ་སྐྱེལ་དུས་སྐབས་གཉིས་པའི་བཟོ་སྐྲུན། གླང་ཆེན་མཆེ་བ་མཚོ་གཟིགས་མགྲོན་ཁང་གི་གྲུབ་ཆ་གཙོ་བོ་ལས་ཚར་ཏེ་མཛེས་སྤྲས་བྱེད་བཞིན་པའི་སྒང་ཡིན། ཞིང་ཆེན་འགྲིམ་འགྲུལ་ཐིན་དང་གུང་ཧོ་རྫོང་གཉིས་ལ་གྲོས་བྱས་ཏེ109རྒྱལ་ལམ་གྱི་རླངས་འཁོར་འདུག་གནས་བཅུ་ཡི་བདམས་གནས་དང་འཛུགས་སྐྲུན་བྱ་བ་གཏན་ཁེལ་བྱས། ཧུར་བརྩོན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ལ་མཐུན་སྦྱོར་བྱས་ཏེ་ཆེད་སྤྱོད་མ་དངུལ་སྒོར་ཁྲི3133བཀོད་སྒྲིག་བྱེད་དུ་བཅུག་ནས་བཙོག་ཆུའི་བཟོ་གྲྭ་གསུམ་གྱི་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས། ལས་གཞི་གལཆེན་འདི་དག་ལག་བསྟར་བྱས་པ་ཡིས་ནུས་ཡོད་ཀྱིས་ལྗོངས་ཁུལ་གྱི་ཆ་རྐྱེན་ལེགས་བཅོས་བྱས་ཤིང་། ལྗོངས་ཁུག་གྱི་ལྗོངས་རྒྱུའི་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བར་རྨང་གཞི་བརྟན་པོ་བཏང་།

གསུམ། ལྗོངས་རྒྱུའི་འཕེལ་རྒྱས་ཕྱོགས།

གཅིག དྲིལ་སྒྲོག་བདག་གཉེར་ཕྱོགས། ཉེ་བའི་ལོ་གཉིས་ཀྱི་རིང་ལ་རབ་མཛེས་མཚོ་སྔོན། ཆེས་མཛེས་མཚེའུ་ཡི་མཚན་སྙན་དང་ཟུང་འབྲེལ་བྱས་ཏེ། ལོ་རེར་དྲིལ་སྒྲོག་བདག་གཉེར་སྟེང་སྒོར་ས་ཡ་ལྔ་ཡན་གཏོང་བཞིན་ཡོད་པས། ལྗོངས་ཁུལ་གྱི་མཚན་སྙན་སྔར་ལས་ཇེ་ཆེ་ནས་ཇེ་ཆེ་ཡིན་ཞིང་། ལྗོངས་ཁུལ་གྱི་མཚོན་རྟགས་སྣང་ཚུལ་ལའང་མཐོར་འདེགས་ཆེན་པོ་ཐོབ། ལྗོངས་རྒྱུའི་མི་གྲངས2008ལོའི་མི་ཐེངས་འབུམ་གསུམ་ནས2012ལོར་མི་ཐེངས་ས་ཡ་གཅིག་ཡས་མས་ལ་སླེབས་ཤིང་། 2015ལོར་མི་ཐེངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་ལ་སླེབས་ལ། ལྗོངས་ཁུལ་ལྗོངས་རྒྱུའི་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།

གཉིས། ཉེ་བའི་ལོ་འགའི་རིང་གི་གྲུབ་འབྲས། ང་ཚོས་མུ་མཐུན་དུ་མཚོ་སྔོན་པོའི་ལོ་རྒྱུས་དང་དམངས་སྲོལ། ཆོས་ལུགས། སྐྱེ་ཁམས་སོགས་རིག་གནས་ཉིང་བཅུད་སྔོག་འདོན་བྱས་ཏེ། རིག་གནས་མཚོ་སྔོན་པོ། སྐྱེ་ཁམས་མཚོ་སྔོན་པོ། ངོ་མཚར་མཚོ་སྔོན་པོ། འཆར་ཡན་མཚོ་སྔོན་པོ། འཆམ་མཐུན་མཚོ་སྔོན་པོ་བཟོ་སྐྲུན་བྱས་ནས། ཀྲུང་གོའི་ཆེས་མཛེས་པའི་མཚོ། མཚོ་སྔོན་པོ་ཡི་མཚན་སྙན་དང་དགེ་མཚན་ཉིན་བཞིན་ཕྱིར་མངོན་བཞིན་ཡོད། 2011ལོར་རྒྱལ་ཁབ་རྒྱུ་སྤུས་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་གནང་སྟེ་རྒྱལ་ཡོངས་ལྗོངས་རྒྱུ་ཐོན་ལས་མཚོན་རྟགས་གྲགས་ཅན་དཔེ་སྟོན་ཁུལ་གྲབས་འཛུགས་བྱས། 2014ལོར་འཛམ་གླིང་བག་ཆགས --- ཀྲུང་གོའི་ལྗོངས་རྒྱུ་རིག་གནས་ལྗོངས་ཁུལ་མིང་གྲངས་ཅན་དུ་བདམས་ཤིང་། ཀྲུང་གོའི་པར་རྒྱག་གསར་རྩོམ་གནས་གཞི་རུ་གསར་འཛུགས་ལེགས་འགྲུབ་བྱུང་། རྒྱལ་ཁབ་ལྗོངས་རྒྱུ་ཅུས2014ལོའི་ཀྲུང་གོའི་རྩེར་སོན་ལྗོངས་རྒྱུ་ཁུལ།  མཛེས་སྡུག་གི་ཀྲུང་གོ་ལྗོངས་རྒྱུའི་ལྗོངས་ཁུལ་བཅུའི་དང་པོ་རུ་བདམས། 2015ལོའི་ཟླ་གཉིས་པར་རྒྱལ་ཁབ་སྐྱེ་ཁམས་ལྗོངས་རྒྱུ་དཔེ་སྟོན་ཁུལ་གསར་འཛུགས་ལེགས་འགྲུབ་བྱུང་།  2016ལོའི་ཟླ་གཉིས་པར་རྒྱལ་ཁབ་ལྗོངས་རྒྱུ་ཅུའུ་ཡི་རྒྱལ་ཡོངས་དཔལ་ཡོན་ལྗོངས་རྒྱུ་སྔོན་ཐོན་སྡེ་ཁག་གི་གཟི་བརྗིད་མཚན་སྙན་ཐོབ། མཚོ་སྔོན་པོའི་རབ་མཛེས་གཟུགས་བརྙན་དང་མཚན་སྙན་ལ་ནུས་ཡོད་ཀྱི་མཐོར་འདེགས་ཐོབ། མཚོ་སྔོན་པོའི་གདོད་མའི་རང་བཞིན་དང་སྐྱེ་ཁམས་མཚོ་སྔོན་པོ་ཡི་མཚོན་རྟགས་བཟོ་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་ཁྲོད་དཔེ་སྟོན་སྣེ་ལེན་ནུས་པ་ཐོན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ལྗོངས་རྒྱུ་དཔེ་སྟོན་ཁུལ་གྱི་གསར་བཙུགས་ལེགས་འགྲུབ་དང་ཟུང་འབྲེལ་བྱས་ཏེ། ཕྱིས་སུ་གཙོ་བོ་སྐྱེ་ཁམས་ལྗོངས་རྒྱུའི་དཔེ་སྟོན་ཁུལ་གྱི་བྱེད་ནུས་དང་ཕན་ནུས་འདོན་སྤེལ་བྱེད་རྒྱུ་ཡིན།

གསུམ། ལྗོངས་རྒྱུའི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་ཕྱོགས། གཅིག་ནི། སྐྱེ་ཁམས་ལྗོངས་རྒྱུ་འཕེལ་རྒྱས་ལ་མཇོང་ཆེན་བྱས་ཏེ། མུ་མཐུད་དུ་ལྗོངས་ཁུལ་ལྗོངས་རྒྱུའི་ལམ་རྒྱུད་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་། རིག་གནས་དང་ལྗོངས་རྒྱུའི་མཉམ་འདྲེས་བྱ་བ་ལེགས་པོར་བསྒྲུབས་ཏེ། གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་པོའི་རིག་གནས་ཀྱི་ནང་དོན་ཇེ་ཞིབ་ཏུ་བཏང་ཞིང་། དྭངས་གཙང་གི་མཚོ་སྔོན་པོ་ཞེས་པའི་མཚོ་མཆོད་ཟློས་གར་འཁྲབ་གཞུང་དང་མི་རིགས་གླུ་གར་སྒྲིག་བཟོ་གསར་གཏོང་བྱས་ནས། ལྗོངས་རྒྱུ་བ་རྣམས་ལ་དུས་རྒྱུན་རང་བཞིན་གྱིས་འཁྲབ་སྟོན་བྱས། ལྗོངས་རྒྱུ་བ་རྣམས་ལ་དུས་རྒྱུན་རང་བཞིན་གྱིས་འཁྲབ་སྟོན་བྱས། ཀྲུང་གོ་མཚོ་སྔོན་པོའི་ཆུ་མདེལ་ཚོད་ལྟའི་གནས་གཞིའི་བཤམས་སྟོན་ཁང་མིག་སྔར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་མ་ཟད་ལྗོངས་རྒྱུ་བར་སྒོ་ཕྱེས་པས། ལྗོངས་ཁུལ་ལྟ་སྐོར་ལས་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་། ལྗོངས་རྒྱུ་བྱ་འགུལ་སྣ་ཚོགས་རྩ་འཛུགས་ཁྱབ་སྤེལ་བྱས། གཉིས་ནི། མཚོ་སྐོ་ལྕགས་རྟ་འགྲན་སྡུར་དང་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན། མཚོ་སྔོན་པོ་རྒྱལ་སྤྱིའི་འཇིམ་རྐོས་དང་ས་ཆེན་པོའི་སྒྱུ་རྩལ་དུས་ཚིགས། མཚོ་སྔོན་པོ་མཚོ་མཆོད་རིག་གནས་ལྗོངས་རྒྱུ་དུས་ཚིགས། མཚོ་སྔོན་པོ་བྱ་གླིང་བྱ་གཟིགས་དུས་ཚིགས། མཚོ་སྔོན་པོ་དགུན་དུས་མུ་འབྲེལ་བྱ་འགུལ།མཚོ་སྔོན་པོ་སྟོང་མི་རྐང་ཐང་བསྐྱོད་དེ་ལོ་སར་བསུ་བ། མཚོ་སྐོར་རྒྱལ་ཡོངས་རྐང་ཐང་ཚོགས་ཆེན། ཀྲུང་གོ་ཚོང་ལས་རིག་པའི་སློབ་གླིང་མཚོ་སྔོན་རིམ་འདས་བང་རྒྱུག་འགྲན་བསྡུར་སོགས་ཀྱི་བྱ་འགུལ་བདེ་བླག་ངང་སྤེལ། གསུམ་ནི། ལྗོངས་རྒྱུའི་ལས་གཞི་སོ་སོ་ཇུས་འགོད་ལག་བསྟར་བྱས། མགྱོགས་མྱུར་གྱིས་བྱེ་གླིང་མཚོ་བོད་མཐོ་སྒང་གི་ཕྱི་ཡུལ་ལུས་རྩལ་ཁམས་གཡེང་རོལ་རྩེད་ལྗོངས་རྒྱུའི་དམིགས་འདུན་གནས་ཀྱི་དམིགས་ཡུལ་བཟོ་སྐྲུན་ལེགས་འགྲུབ་བྱ་ཆེད། ཤུགས་ཆེན་པོས་ལྗོངས་རྒྱུའི་ལས་གཞི་ཁར་བསྣན་ཏེ། ཐོག་མའི་ཆུ་སྟེང་དང་སྐམ་ས། མཁའ་དབྱིངས་བཅས་ཟུང་འབྲེལ་དམ་ཚགས་ཀྱི་ཁམས་གཡེང་རོལ་རྩེད་ཐོན་རྫས་མ་ལག་གྲུབ། གླང་ཆེན་མཆེ་བ་ལྗོངས་ཁུལ་དུ་ཁོར་སྲུང་ལྗོངས་རྒྱུའི་གྲུ་གཟིངས་གཉིས་བཀོད་སྒྲིག་བྱས་ཤིང་། ལྟ་སྐོར་ལམ་བར་དུ་ལྗོངས་རྒྱུ་བ་རྣམས་ལ་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པས། ལྗོངས་རྒྱུའི་ནང་དོན་ཕུན་སུམ་ཚོགས་པར་བཏང་། ཆུ་སྟེང་གནམ་གྲུ་དང་ཐད་འཕུར་གནམ་གྲུ། དབུགས་ལྒང་ཚ་བ་སོགས་ཀྱི་ལས་གཞི་འགོ་བརྩམས་ཏེ་མཁའ་དབྱིངས་ཀྱི་ལྗོངས་རྒྱུ་གསར་སྤེལ་བྱས། བཞི་ནི། མཚོ་མཆོད་དང་པར་རྒྱག རྐང་ཐང་། བྱ་གཟིགས། ཕྱི་ཡུལ་འདུག་སྡོད། བྱེ་ཐང་ཉེན་སྐྱོད་སོགས་མུ་འབྲེལ་ཆེད་དོན་ལྗོངས་རྒྱུའི་ཐོན་རྫས་འདོན་སྤེལ་བྱས།མཚོ་བོད་ལྕགས་ལམ་དང་མཉམ་འབྲེལ་བྱས་ཏེ། མེ་འཁོར་ལ་བསྡད་དེ་བྱ་གླིང་ལ་ལྟ་སྐོར་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ། ཟི་ལིང་ནས་གླང་ཆེན་མཆེ་བ། ཟི་ལིང་ནས་བྱེ་གླིང་བར་གྱི་འགྲུལ་སྐྱེལ་རླངས་འཁོར་བསྐྱོད་འགོ་བརྩམས་པས་ལྗོངས་ཁུལ་གྱི་མི་ནང་འགུག་ལ་ནུས་པ་ཆེན་པོ་ཐོབ། ཤུགས་ཆེན་པོས་གྲོང་སྡེ་ལྗོངས་རྒྱུ་དང་རང་གིས་རླངས་འཁོར་བསྐོར་ཏེ་ལྗོངས་རྒྱུ་བྱེད་པ། ལྕགས་རྟ་བསྐོར་ཏེ་ལྗོངས་རྒྱུ་བྱེད་པ། རྐང་ཐང་དུ་ལྗོངས་རྒྱུ་བྱེད་པ་སོགས་ལྗོངས་རྒྱུའི་ཐོན་རྫས་གསར་བ་སྐྱེད་སྲིང་བྱས་ཤིང་། དེ་ཉིད་ལྗོངས་ཁུལ་ལྗོངས་རྒྱུའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་དང་གོང་འཕར་གསར་བ་རུ་གྱུར། ལྔ་ནི། དུས་བཞིའི་ལྗོངས་རྒྱུ་ཆ་སྙོམས་ཀྱིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བ། རང་བྱུང་ལྟ་སྐོར། སྐྱེ་ཁམས་ཚན་རིག་ཁྱབ་གདལ། དམངས་སྲོལ་རོལ་མྱོང་། རོལ་རྩེད་རེས་སྤེལ་བཅས་བརྗོད་བྱ་ཆེན་པོ་བཞི་དང་དམ་འབྲེལ་བྱས་ཏེ། གང་ལེགས་ཀྱིས་མཚོ་སྔོན་པོའི་དགུན་དུས་ལྗོངས་རྒྱུའི་ཐོན་ཁུངས་སྔོག་འདོན་བྱས་ནས། ཧུར་བརྩོན་གྱིས་དགུན་དུས་ལྗོངས་རྒྱུ་རབས་དང་རིམ་པ་འཚོལ་ཞིབ་ཚོད་ལྟ་བྱས། སྔ་རྗེས་སུ་དགུན་དུས་ངང་དཀར་ལ་ལྟ་བ་དང་མཚོ་སྔོན་པོ་སྟོང་མི་རྐང་ཐང་དུ་བསྐྱོད་དེ་ལོ་སར་བསུ་བ། མཚོ་སྔོན་དར་སྟེང་བརྙན་རིས་ཁང་སོགས་མུ་འབྲེལ་དགུན་དུས་ལྗོངས་རྒྱུའི་བྱ་འགུལ་འདོན་སྤེལ་བྱས། དགུན་དུས་ལྗོངས་རྒྱུའི་དམིགས་བསལ་བྱེད་ཐབས་དང་ཁྱབ་ལྡན་བྱ་འགུལ། ལྗོངས་རྒྱུའི་ལམ་ཐིགས་བཅས་འདོན་སྤེལ་བྱས་ཏེ། ཧུར་བརྩོན་གྱིས་ལྗོངས་རྒྱུའི་དུས་ཚིགས་ལ་དབྱེ་བ་མེད་པ་དང་དུས་བཞིར་ཆ་སྙོམས་འཕེལ་རྒྱས་བྱེད་པའི་དམིགས་འདུན་མངོན་འགྱུར་བྱས།

གཉིས་པ། མཚོ་སྔོན་པོའི་ལྗོངས་ཁུལ་གྲོང་སྡེའི་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་གནས་ཚུལ།

གཅིག མཚོ་སྔོན་པོའི་ལྗོངས་ཁུལ་གྱི་མཚན་སྙན་གྲགས་དང་ཤན་ཤུགས་ཇེ་ཆེ་ཇེ་མཐོར་སོང་བ་དང་བསྟུན་ཏེ། མཚོ་སྐོར་ཉེ་འགྲམ་གྱི་མང་ཚོགས་ཀྱིས་ལྗོངས་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཀྱིན་ཡོད་ཅིང་། ལྗོངས་རྒྱུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་སྔོན་དང་བསྡུར་ཚེ་ལྡབ་འགྱུར་གྱིས་ཆེ། སྐྱེ་ཁམས་སྲུང་སྐྱོང་གི་ཚད་ཇེ་མཐོར་བཏང་སྟེ། འཕེལ་རྒྱས་ཀྱི་ཁྱབ་རྒྱར་ཚོད་འཛིན་བྱ་ཆེད། གྲོང་སྡེ་ལྗོངས་རྒྱུ་ག་ས་གང་དུ་འཕེལ་རྒྱས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་རབས་དང་རིམ་པ་བྱུང་བར་སྔོན་འགོག་བྱས་ཏེ། ས་གནས་མང་ཚོགས་ཀྱིས་ལྗོངས་རྒྱུའི་ལས་རིགས་ཀྱི་ཐོན་ཁུངས་ལ་བརྟེན་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས། 2010ལོར་ངེད་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱི་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་གྲོང་སྡེ་ལྗོངས་རྒྱུ་འཕེལ་རྒྱས་དང་ཚོད་འཛིན་ཇུས་འགོད་སྒྲིག་བཟོ་བྱས། ཇུས་འགོད་འདི་ལག་བསྟར་བྱས་པ་བརྒྱུད་དེ། མཚོ་སྐོར་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་ཡུལ་སྲོལ་གང་ལེགས་ཀྱིས་ཕྱིར་མངོན་ནས་ས་གནས་དལ་འབྱོར་ལ་སྐུལ་འདེད་བཏང་། ས་གནས་འབྲོག་དམངས་ཀྱིས་ལྗོངས་རྒྱུའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་ཁྲིད་སྟོན་བྱས། མགྱོགས་མྱུར་གྱིས་ལྗོངས་ཁུལ་དང་གྲོང་སྡེ་མཉམ་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཁེ་ཕན་དང་ལྗོངས་ཁུལ་འཛུགས་སྐྲུན་ཕྱོགས་གཉིས་ཀར་རྒྱལ་ཁ་ལེན་པ་མངོན་འགྱུར་བྱས་ཤིང་། ས་གནས་འབྲོག་དམངས་ཀྱིས་དོན་དངོས་སྒོས་ལྗོངས་རྒྱུའི་ཁྲོད་ཁེ་ཕན་ཐོབ་ཏུ་བཅུག་པས། མཚོ་སྔོན་པོའི་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་ཀྱི་ཕན་ཐོབ་མཁན་དང་རྒྱབ་སྐྱོར་མཁན་དུ་གྱུར།

༡ ཇུས་འགོད་དུས་ཡུན།  ཇུས་འགོད་དུས་ཡུན་ནི་ལོ་བཅུ་སྟེ2011ནས2020བར་ཡིན། ཇུས་འགོད་ལག་བསྟར་ལ་ཉེ་བ་དང་བར་དཀྱིལ། རྒྱང་རིང་བཅས་དུས་སྐབས་གསུམ་དུ་དབྱེ་ཡོད། ཉེ་བའི་དུས་སྐབས་ནི2011ལོ་ནས2013ལོའི་བར་ཡིན། བར་དཀྱིལ་དུས་སྐབས་ནི2014ལོ་ནས2015ལོའི་བར་ཡིན། རྒྱང་རིང་གི་དུས་སྐབས་ནི2016ལོ་ནས2020ལོའི་བར་ཡིན།

༢ བྱེད་ནུས་དབྱེ་ཁུལ། མཚོ་སྐོར་ལ་ཚོད་འཛིན་ས་ཁུལ་གསུམ་དུ་དབྱེ་ཡོད་དེ། མཚོ་སྐོར་གཞུང་ལམ་ནང་ཕྱོགས་ནི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཡིན། མཚོ་སྐོར་གཞུང་ལམ་ཕྱི་ཕྱོགས་ཀྱི་སྨིས100ནས500བར་གྱི་ས་ཁོངས་ནི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ཡིན་ལ། གྲོང་སྡེ་ལྗོངས་རྒྱུའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཆོག མཚོ་སྐོར་གཞུང་ལམ་ཕྱིའི་སྨིས500ཕན་ཆད་ནི་མང་ཚོགས་འཚོ་བའི་ཐོན་སྐྱེད་སྒྲིག་ཆས་དང་གཞན་པའི་སྤྱི་སྤྱོད་སྒྲིག་ཆས་འཛུགས་སྐྲུན་བེད་སྤྱོད་ཁོངས་ཡིན།

༣ གནས་གཞི་བཀོད་སྒྲིག སྤྱིའི་བཀོད་སྒྲིག་ནི། ས་ཁུལ་གཅིག་གནས་གཞི་ལྔ་གནས་ཉི་ཤུ་དང་ཁྱད་ལྡན་གྲོང་སྡེ་བཅུ་བདུན་ཡིན། ས་ཁུལ་གཅིག་ནི་མཚོ་སྔོན་པོའི་ཤང་སྡེ་ལྗོངས་རྒྱུའི་འཕེལ་རྒྱས་ས་ཁུལ་ཡིན། གནས་གཞི་ལྔ་ནི་རིག་སྨོན་གྲོང་རྡལ་དང་གླང་ཆེན་མཆེ་བ་ལྗོངས་ཁུལ། རྟ་ནག་མ་ཤང་། བྱ་གླིང་ལྗོངས་ཁུལ། འོམ་བུ་ཆུ་གྲོང་རྡལ་བཅས་ཕྱོགས་བསྡུས་ཞབས་ཞུའི་གནས་གཞི་ལྔ་ཡིན། གནས་ཉི་ཤུ་ནི་མཚོ་སྐོར་གྱི་གཞན་པའི་ཤང་གྲོང་སྲིད་གཞུང་ཡོད་ས་དང་གཙོ་གནད་སྡེ་བའི་ཤང་སྡེའི་ལྗོངས་རྒྱུ་བདག་གཉེར་གནས་ཡུལ་ཉི་ཤུ་ལ་གོ ཁྱད་ལྡན་གྲོང་སྡེ་བཅུ་བདུན་ནི་རྒྱ་ཡེ་དང་རྨོག་རུ། དཀར་ལྷ། ཉྭ་ནག་སོ་མ་སྡེ་བ། མཐོན་པོ་སྡེ་བ་སོགས་ཀྱི་ཁྱད་ལྡན་གྲོང་སྡེ་བཅུ་བདུན་ལ་གོ གཞན་ཡང་། སྔར་ལས་ལྷག་པར་ས་གནས་འབྲོག་དམངས་ཀྱི་སྣེ་ཁྲིད་དེ་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་གཏོང་ཆེད། 2015ལོར་གུང་ཧོ་རྫོང་སྲིད་གཞུང་གི་མཚམས་སྦྱོར་བརྒྱུད་དེ། ཤང་སྡེ་ལྗོངས་རྒྱུའི་ས་གནས་སུམ་ཅུ་ཁ་སྣོན་བྱས་པས།ཕལ་ཆེར་མཚོ་སྐོར་ལྷོ་འགྲམ་གྱི་ཤང་གྲོང་འགའ་ཚང་མར་ཁྱབ་ཡོད།

༤ འཕེལ་རྒྱས་གཙོ་གནད། 109རྒྱལ་ལམ་མཚོ་སྔོན་པོའི་ལམ་མཚམས་སམ་མཚོ་སྐོར་ནུབ་ལམ་དང་མཚོ་སྔོན་པོ་བྱང་འགྲམ་ནི་ཤང་སྡེ་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་གཙོ་གནད་ས་ཁུལ་ཡིན།

༥འཕེལ་རྒྱས་དམིགས་འདུན། 2020ལོར་ཐོན་ཚེ། མཚོ་སྐོར་ཤང་སྡེའི་ལྗོངས་རྒྱུ་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཤང་སྡེའི་ལྗོངས་རྒྱུའི་དཔེ་སྟོན་གནས་དང་ཞིང་འབྲོག་མང་ཚོགས་ཀྱིས་ཡོང་སྒོ་བཙལ་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་མིག་དཔེ་རུ་སྐྲུན་བཟོ་བྱ་དགོས་ཤིང་། མཚོ་སྐོར་ནི་མཚོ་སྔོན་པོའི་མི་ཆོས་ལྗོངས་རྒྱུའི་ཡུལ་ལྗོངས་ལྟ་སྐོར་གྱི་བགྲོད་ལམ་ཞིག་ཏུ་བསྐྲུན་དགོས།

མཚོ་སྔོན་པོའི་ཞང་སྡེའི་ལྗོངས་རྒྱུ་ཇུས་འགོད་ལག་བསྟར་དང་འཕེལ་རྒྱས་གནས་ཚུལ།

2012ལོ་ནས་བཟུང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་མཚོ་སྐོར་གྱི་ཁུལ་རྫོང་ཞང་སྲིད་གཞུང་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། མུ་མཐུད་དུ་སྣེ་ཁྲིད་དང་མ་གཏོང་གི་ཚད་ལ་ཤུགས་བསྣན་ནས། ཞང་སྡེའི་ལྗོངས་རྒྱུའི་རྨང་གཞིའི་ཆ་རྐྱེན་ལ་རིམ་བཞིན་ལེགས་བཅོས་ཐོབ་ཅིང་། འཕེལ་རྒྱས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་སོང་ལ། ལྗོངས་རྒྱུའི་ཐོན་རྫས་ཉིན་བཞིན་ཕུན་ཚོགས་སུ་སོང་བས། མཚོ་སྐོར་གྱི་ཞང་གྲོང་ལྗོངས་རྒྱུར་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱུང་ཞིང་། གཙོ་བོ་གཤམ་གསལ་གྱི་བྱ་བ་གལ་ཆེན་འགའ་བསྒྲུབས།

1.འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། ཇུས་འགོད་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས། ཇུས་འགོད་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་པོ་ལྗོངས་ཁུལ་ཞང་སྡེ་ལྗོངས་རྒྱུ་རོགས་སྐྱོར་ལས་གཞི་འཛུགས་སྐྲུན་དོ་དམ་སྐབས་སྤྱོད་བྱེད་ཐབས།》《ལོ་འཁོར་ཞང་སྡེ་ལྗོངས་རྒྱུ་རོགས་སྐྱོར་ཇུས་གཞིསྒྲིག་བཟོ་བྱས་ཤིང་། དེ་དང་མཉམ་དུ་ད་དུངལོག་དཀར་མེ་ཏོག་པར་ལེན་དོ་དམ་བྱེད་ཐབསདངརས་གུར་སྒར་རྒྱག་བདག་གཉེར་དོ་དམ་བྱེད་ཐབསསོགས་ཀྱང་སྒྲིག་བཟོ་བྱས་པས། ཞང་སྡེ་ལྗོངས་རྒྱུར་ཚད་ལྡན་སྣེ་ཁྲིད་བྱས།

2.དྲིལ་སྒྲོག་ཁྲིད་སྟོན་ལ་མཐོང་ཆེན་བྱས་ཏེ། ཁ་དབུགས་བཟོ་སྐྲུན་དང་རྨང་གཞི་བརྟན་པོ་བཏིང་། ལོ་བཞིའི་རིང་དུ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ས་གནས་སྲིད་གཞུང་ལ་མཉམ་འབྲེལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་བཏོན་ནས། ཞང་སྡེའི་ལྗོངས་རྒྱུའི་ཇུས་འགོདདངལྗོངས་རྒྱུ་བཅའ་ཁྲིམས།》《མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིགསོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་དང་ལྗོངས་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལག་དེབ་ཏུ་སྒྲིག་བཟོ་བྱས་ཏེ། མཚོ་སྐོར་གྱི་རྫོང་ཞང་སྡེ་བ་བཅས་སུ་ཟབ་ཞུགས་བྱས་ཏེ་རྒྱུན་མཐུད་ཀྱིས་དྲིལ་སྒྲོག་བྱས་པས། ཁ་དབུགས་གསར་བ་བསྐྲུན་ཞིང་རྨང་གཞི་བརྟན་པོ་བཏིང་།

3.མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། ཞང་སྡེའི་ལྗོངས་རྒྱུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྐོར་གྱི་ཞང་སྡེའི་ལྗོངས་རྒྱུའི་རོགས་སྐྱོར་ཚད་ཇེ་ཆེར་གཏོང་ཆེད། ལྗོངས་ཁུལ་གྱིས་ལོ་རེར་ལྗོངས་ཁུལ་སྒོ་འཛིན་ཁྲོད་བརྒྱ་ཆའི་བཅུ་ནས་བཅོ་ལྔ་བར་གྱི་མ་དངུལ་ཞང་སྡེའི་ལྗོངས་རྒྱུའི་རོགས་སྐྱོར་མ་དངུལ་དུ་བཞག་སྟེ། མཚོ་སྐོར་རྫོང་གསུམ་གྱི་ཞང་སྡེའི་ལྗོངས་རྒྱུ་འཕེལ་རྒྱས་ཐད་སྤྱད་པ་ཡིན། ལོ་བཞིའི་རིང་དུ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྐོར་ཞང་སྡེའི་ལྗོངས་རྒྱུའི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་ཡས་མས་ལ་བསླེབས། གཙོ་བོ་ཞང་སྡེའི་ལྗོངས་རྒྱུའི་ས་གནས་ཀྱི་བགྲོད་ལམ་དང་གློག་མཁོ་སྤྲོད། ཆུ་འདོན་པ། རླངས་འཁོར་འདུག་གནས། ཁོར་ཡུག་གཙང་སྦྲའི་སྒྲིག་ཆས། སྦྱར་ཡིག་བྱང་བུ། ཡུལ་ལྗོངས་བཅོས་སྒྱུར་སོགས་རྨང་གཞིའི་སྒྲིག་ཆས་ལས་གཞི་ལག་བསྟར་ཐག་གཅོད་བྱས། མུ་མཐུད་དུ་ཁྲིད་སྟོན་དང་མ་གཏོང་གི་ཚད་ཇེ་ཆེར་བཏང་སྟེ། ཞང་སྡེའི་ལྗོངས་རྒྱུའི་རྨང་གཞི་ཆ་རྐྱེན་རིམ་བཞིན་ལེགས་བཅོས་བྱས་ཤིང་། བདག་གཉེར་ཁ་ཕྱོགས་ཚད་ལྡན་ཡིན་ཞིང་། ཁོར་ཡུག་ལ་ལེགས་བཅོས་ཐེབས་པས། མཚོ་སྐོར་ཞང་སྡེ་ལྗོངས་རྒྱུར་མགྱོགས་མྱུར་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་།

4.རྟོག་ཞིབ་དང་གསབ་སྦྱོང་རྩ་འཛུགས་ཁྱབ་སྤེལ་བྱས་ཏེ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། མུ་མཐུད་དུ་མཁྲེགས་ཆས་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་། ཞང་སྡེ་ལྗོངས་རྒྱུའི་བདག་གཉེར་མཁན་དང་ལས་ཞུགས་མི་སྣའི་སྤུས་ཚད་མཐོར་འདེགས་གཏོང་ཆེད། ཐེངས་མང་པོར་མཚོ་སྐོར་རྫོང་གསུམ་ལྗོངས་རྒྱུ་སྡེ་ཁག་དང་གཙོ་གནད་ཞང་སྡེ། གཙོ་གནད་སྡེ་བའི་འགན་འཁུར་མི་སྣ་རྩ་འཛུགས་བྱས་ཏེ་ཐེངས་ལྔ་ལ་བགོས་ནས་མི་བརྒྱ་དང་སུམ་ཅུ་སི་ཁྲོན་དང་ཀོས་ཀྲིག ཡོན་ནན་ནམ་རང་ཞིང་གི་རྨ་ལྷོ་ཁུལ་དང་ཧུའུ་ཀྲུའུ་རྫོང་གི་ཞང་སྡེའི་འཕེལ་རྒྱས་ཉམས་མྱོང་ལ་རྟོག་ཞིབ་བྱེད་དུ་ཁྲིད། མཚོ་སྐོར་ཞང་སྡེ་ལྗོངས་རྒྱུའི་ལས་ཞུགས་མི་སྣ་ཐེངས་དྲུག་ལ་མི་ཉིས་བརྒྱ་ལྔ་བཅུ་ལ་ལས་སྒོའི་གསབ་སྦྱོང་སྤེལ།

5.ལྗོངས་རྒྱུའི་མཐུན་ཚོགས་འཛུགས་པར་སྐུལ་འདེད་བྱས་ཏེ། མཐུན་ཚོགས་ཀྱི་དོ་དམ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས།

མཚོ་སྐོར་གཙོ་གནད་སྡེ་བ་བཅུ་རུ་ཞང་སྡེ་ལྗོངས་རྒྱུ་མཐུན་ཚོགས་འཛུགས་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ། མཐུན་ཚོགས་ཀྱི་དོ་དམ་དང་སྣེ་ཁྲིད་ནུས་པར་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ལྗོངས་རྒྱུའི་བདག་གཉེར་ཞབས་ཞུའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལྗོངས་རྒྱུ་སྡེ་ཁག་ལ་མཐུན་འབྲེལ་བྱས་ཏེཞིང་ཁྱིམ་སྤྲོ་སྐྱིད་གླིངཚད་ལྡན་ཅན་འཛུགས་སྐྲུན་ལ་གཞོགས་འདེགས་བྱས་ཤིང་། བསྡོམས་པས་སྐར་བཞི་རིམ་པའིཞིང་ཁྱིམ་སྤྲོ་སྐྱིད་གླིངགསུམ་དང་སྐར་ལྔ་རིམ་པ་ལྔ་དཔྱད་བསྡུར་གཏན་འབེབས་བྱས་པས། དཔེ་སྟོན་སྣེ་ཁྲིད་ནུས་པ་ཐོན།

6.ལྗོངས་ཁུལ་དང་ཞང་སྡེའི་ལྗོངས་རྒྱུ་ཕྱོགས་གཅིག་ཏུ་བསྡུས་ཏེ། སྤྱི་ཡོངས་ཀྱིས་དྲིལ་སྒྲོག་བདག་གཉེར་སྤེལ་བ།

ལོ་འགའི་རིང་དུ། མཚོ་སྐོར་ཞང་སྡེའི་ལྗོངས་རྒྱུ་མཚོ་སྔོན་པོ་ལྗོངས་ཁུལ་སྤྱིའི་དྲིལ་སྒྲོག་བདག་གཉེར་སྒྲིག་གཞིའི་ཁྲོད་བཞག་ཅིང་། དྲིལ་སྒྲོག་དེབ་དང་དྲ་ཚིགས་ཁྲོད་ཆེད་བསྒྲིགས་ལེ་ཚན་ཕྱེས་ནས། གཅིག་གྱུར་གྱིས་ལྗོངས་རྒྱུའི་ལམ་ཐིག་སྒྲིག་བཟོ་བྱས་ཏེ་ལྗོངས་ཁུལ་སྤྱི་དང་མཉམ་གཅིག་ཏུ་དྲིལ་སྒྲོག་བདག་གཉེར་སྤེལ། དུས་མཚུངས་སུ་མཚོ་སྐོར་ཞང་སྡེ་ལྗོངས་རྒྱུ་མཚོ་སྔོན་པོའི་ལྗོངས་ཁུལ་སྤྱི་དང་མཉམ་གཅིག་ཏུ་དྲིལ་སྒྲོག་བདག་གཉེར་སྤེལ། དུས་མཚུངས་སུ་མཚོ་སྐོར་ཞང་སྡེའི་ལྗོངས་རྒྱུ་མཚོ་སྔོན་པོའི་ལྗོངས་ཁུལ་སྤྱིའི་བདག་གཉེར་དྲིལ་སྒྲོག་འཆར་གཞིའི་ཁྲོད་བཞག་ལ། ཆེད་དུ་དྲིལ་སྒྲོག་དེབ་སྒྲིག་བཟོ་བྱས་ནས་ཁྱད་ལྡན་ལྗོངས་རྒྱུའི་ཐོན་རྫས་སུ་བརྩིས་ཏེ་མགྲོན་པོའི་ཡོང་ཁུངས་ཚོང་རར་མཚམས་སྦྱོར་བྱས། མུ་མཐུད་དུ་བར་མཚམས་མ་ཆད་པར་རོགས་སྐྱོར་འཕེལ་རྒྱས་བྱུང་བ་བརྒྱུད་དེ། མཚོ་སྔོན་པོའི་ལྗོངས་ཞང་སྡེ་ལྗོངས་རྒྱུ་ལ་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བར་མ་ཟད། རང་གིས་རླངས་འཁོར་བསྐོར་བའི་མཚོ་སྐོར་ལྗོངས་རྒྱུ་དང་རྐང་ཐང་མཚོ་སྐོར་ལྗོངས་རྒྱུ། ལྕགས་རྟའི་མཚོ་སྐོར་ལྗོངས་རྒྱུ་དང་མཉམ་དུ་མཚོ་སྔོན་པོའི་ལྗོངས་རྒྱུ་ལས་རིགས་གསར་བར་གྱུར་བས། འཕེལ་རྒྱས་གནས་བབ་དང་འཕེལ་རྒྱས་ནུས་ཤུགས་བཟང་པོ་ཐོན། ད་ལྟའི་བར་དུ། མཚོ་སྔོན་པོའི་ལྷོ་འགྲམ་གྱི་གཙོ་གནད་ཞང་སྡེའི་ལྗོངས་རྒྱུའི་ས་ཁུལ་ཕལ་ཆེར་ལེགས་འགྲུབ་བྱུང་ཞིང་། ཇུས་འགོད་དམིགས་ཡུལ་རིམ་བཞིན་མངོན་འགྱུར་བྱུང་། གུང་ཧོ་རྫོང་ལྗོངས་རྒྱུ་ཅུའུ་ཡིས་བརྟག་དཔྱད་བྱས་པ་ལྟར་ན། མོག་རུ་བཀྲ་ཤིས་ན་གཞོན་མགྲོན་ཁང་དང་དཀར་ལྷ་མཚོ་འབྲེལ་ས་ཚིགས་སོགས་ཀྱི་ལོ་རེའི་བདག་གཉེར་ཡོང་སྒོ་ས་ཡ་གཉིས་ནས་གསུམ་བར་ཡིན་པས། ཅུང་མཐོ་བའི་དཔལ་འབྱོར་ཁེ་ཕན་མངོན་འགྱུར་བྱུང་བའི་ཕན་ཆད་ནས། མཐའ་འཁོར་གྱི་ཞང་སྡེ་ལྗོངས་རྒྱུའི་ལས་རིགས་ལ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས།

 རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།