མཚོ་སྔོན་པོ་ལྗོངས་ཁུལ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་གནང་བའི་གཅེས་ནོར་ཡིན། ང་ཚོ་ནི་མཚོ་སྔོན་པོའི་བུ་ཕྲུག་ཡིན་པས། ང་ཚོར་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། ང་ཚོའི་མཛེས་སྡུག་གི་ཁྱིམ་གཞིས་འགེབས་སྲུང་ལེགས་པོ་བྱས་ཏེ། མཚོ་སྔོན་པོའི་བུ་ཕྲུག་གི་སྣང་བརྙན་བཟང་བོ་བསྐྲུན་དགོས། ཡང་ཅིག་བཤད་ན་མཚོ་སྔོན་པོའི་འཕེལ་རྒྱས་ནི་ང་ཚོ་མཚོ་སྔོན་པོའི་བུ་ཕྲུག་རེ་རེ་དང་དམ་དུ་འབྲེལ་ཡོད་པས། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྣང་བརྙན་ང་ཚོ་ཚས་མས་མཉམ་དུ་འགེབས་སྲུང་བྱ་དགོས།
ཉེ་སྔོན་རྒྱལ་ནང་དུ་ལྗོངས་ཁུལ་ལྗོངས་རྒྱུའི་ཚོང་རར་ཟིང་ཆ་སློང་བ་དང་། ལྗོངས་རྒྱུ་བ་དང་འཛད་སྤྱོད་པར་མགོ་སྐོར་གཏོང་བའི་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད།
དཔེར་བརྗོད་དང་པོ། ཆིན་ཏའོ་ཡི“གོང་ཆེན་གློམ་འབུའི”དོན་རྐྱེན། 2015ལོའི་ཟླ་བཅུ་བར་སྐུ་ཞབས་ཀྲའོ་ཁྱིམ་མི་བདུན་པོས་ཟ་ཁང་དུ་ཟ་མ་ཟོས་ཚར་རྗེས་ད་གཟོད་ཟས་ཐོ་སྟེང་གློམ་འབུའི་རིན་གོང་ནི་གློམ་འབུ་གཅིག་ལ་སྒོར་སོ་བརྒྱད་ཡིན་ཞེས་བྲིས་ཡོད་པ་མཐོང་ཞིང་། སྐུ་ཞབས་ཀྲའོ་ཁྱིམ་མི་ཚོས་བསྡོམས་པས་གློམ་འབུ་བཞི་བཅུ་ཟོས། ཟས་རིན་རྩིས་རྒྱག་དུས་ཁོ་ཚོའི་བར་དུ་རྩོད་གླེང་བྱུང་ཞིང་། སྦྱིན་བདག་གིས་ད་གཟོད་ཟས་ཐོའི་གཤམ་གྱི“གོང་གི་མཚོ་འབུ་རྣམས་ལ་རེ་རེ་བཞིན་རིན་གོང་བརྩི་བ་ཡིན”ཞེས་པའི་ཡིག་ཕྲེང་དེ་བསྟན།
ཞིབ་བསྡུར་བྱས་རྗེས་ཟ་ཁང་དེ་གཤམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་ཡོད་དེ། «འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་བཅའ་ཁྲིམས»ཀྱི་དོན་ཚན་ང་ལྔའི“བདག་གཉེར་མཁན་གྱིས་ཚོང་རྫས་སམ་ཞབས་ཞུ་མཁོ་སྤྲོད་བྱས་པར་མགོ་སྐོར་གྱི་བྱ་སྤྱོད་ཡོད་ཚེ། འཛད་སྤྱོད་པའི་རེ་བ་ལྟར་གྱོང་གུད་ལ་སྐྱིན་ཚབ་འཇལ་དགོས་ཤིང་། སྐྱིན་ཚབ་ཀྱི་སྒོར་གྲངས་ལྔ་བརྒྱར་མི་ལོངས་ཚེ་སྒོར་ལྔ་བརྒྱ་རུ་བརྩི་དགོས། བཅའ་ཁྲིམས་སུ་གཏན་ཁེལ་གཞན་པ་ཡོད་ན། དེའི་གཏན་ཁེལ་དང་བསྟུན་དགོས”ཞེས་གཏན་འཁེལ་བྱས་ཡོད་ཅིང་། «རིན་གོང་བཅའ་ཁྲིམས»ཀྱི་དོན་ཚན་བཅུ་བཞིའི“བདག་གཉེར་མཁན་གྱིས་རྫུན་བཟོའམ་མིར་གོ་ནོར་ཐེབས་པའི་རིན་གོང་བྱེད་ཐབས་བཀོལ་ཏེ། འཛད་སྤྱོད་པའམ་གཞན་པའི་བདག་གཉེར་མཁན་ལ་མགོ་སྐོར་བཏང་སྟེ་བརྗེ་རེས་བྱེད་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད། ད་དུང«རིན་གོང་བཅའ་ཁྲིམས»ཀྱི་དོན་ཚན་བཞི་བཅུ་དང་ཞེ་གཉིས་སུ་སོ་སོར་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་དང་དངུལ་ཆད་གཅོད་པ། ལས་མཚམས་བཞག་སྟེ་ལེགས་བཅོས་བྱེད་པར་བཀའ་འབབ་པ་དང་། ལས་གཉེར་དཔང་ཡིག་མེད་པར་བཟོ་བ་སོགས་ཀྱི་ཆད་གཅོད་བྱེད་ཐབས་སྤྱད་ཆོག་པ་གཏན་འཁེལ་བྱས་ཡོད།”དོན་དེ་བྱུང་རྗེས་འབྲེལ་ཡོད་སྡེ་ཁག་གིས་ཟ་ཁང་དེར་སྒོར་ཁྲི་དགུ་ཡི་ཆད་པ་བཅད་ཅིང་། ལས་མཚམས་བཞག་སྟེ་ལེགས་བཅོས་བྱེད་པར་བཀའ་འབབ་པ་དང་ལས་གཉེར་དཔང་ཡིག་མེད་པར་བཟོ་བའི་སྲིད་འཛིན་ཆད་གཅོད་བྱས།
དཔེར་བརྗོད་གཉིས་པ། ཧ་འར་པེན་གྱི“གོང་ཆེན་ཉའི”དོན་རྐྱེན། 2016ལོའི་ཟླ་གཉིས་པར་ཅང་སུའུ་ཁྲང་ཀྲིག་ནས་ཡོང་བའི་ལྗོངས་རྒྱུ་བ་ཞིག་ཧ་འར་པེན་ནས་ལྗོངས་རྒྱུ་སྣེ་སྟོན་པས་མིང་ལ“བྱང་འགྲམ་རི་སྐྱེས་ཉ་གྲོང”ཟེར་བའི་ཟ་ཁང་ཞིག་ཏུ་ཁྲིད་ཅིང་། ཉའི་རིན་གོང་ནི་རྒྱ་མ་གང་ལ་སྒོར་ཉིས་བརྒྱ་གོ་བརྒྱད་དང་སུམ་བརྒྱ་གོ་བརྒྱད་རེད། མཇུག་མཐར་སྦྱིན་བདག་གིས་ད་དུང་ཉའི་རྒྱ་གྲངས་གང་འདོད་དུ་བྲིས། མགྲོན་པོས་ཉ་རྒྱ་མ་བཅུ་ཟོས་ཤིང་མཇུག་མཐར་རྩིས་རྒྱག་དུས་རྒྱ་མ་བཅུ་བཞི་བྲིས་འདུག་ཅིང་། མཐའ་མར་ལྗོངས་རྒྱུ་བས་སྒོར་ཁྲི་གཅིག་ཡས་མས་མི་སྟེར་ཐབས་མེད་བྱུང་། དོན་དག་བྱུང་རྗེས་འབྲེལ་ཡོད་སྡེ་ཁག་གིས་དེ་ནི་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཐེབས་པའི་དོན་རྐྱེན་ངན་རུལ་ཞིག་ཡིན་པས། ཟ་ཁང་གི་བདག་གཉེར་དཔང་ཡིག་མེད་པར་བཟོས་པར་མ་ཟད། སྦྱིན་བདག་ལ་སྒོར་འབུམ་ལྔ་ཡི་ཆད་པ་བཅད།
དཔེར་བརྗོད་གསུམ་པ། ལའོ་ཉིན་ཕིན་ཅིན་གྱི“གོང་ཆེན་སྲན་ཐུད།” ཟླ་བཅུ་བའི་ཚེས་བརྒྱད་ཉིན། ལྗོངས་རྒྱུ་བས་ལའོ་ཉིན་ཕིན་ཅིན་དུ་ཟ་མ་ཟ་དུས་སྲན་ཐུད་ཅིག་ལ་སྒོར་སུམ་བརྒྱ་རེ་བརྒྱད་ཡིན་ཟེར། སྦྱིན་བདག་གིས་བཤད་རྒྱུར། སྲན་ཐུད་ཐམས་ཅད་སྡིག་སྲིན་གྱི་ཤ་ཡིས་བཟོས་པ་ཡིན་ཟེར། གྱོད་དོན་འདིར་ད་དུང་བྱེ་བྲག་གི་ཐག་གཅོད་མཇུག་འབྲས་མེད་མོད། འོན་ཀྱང་ལྗོངས་རྒྱུའི་ཚོང་རའི་ཤུགས་རྐྱེན་ཧ་ཅང་ཆེ། གོང་གི་གྱོད་དོན་འགའི་ཁྲོད་བདག་གཉེར་སོ་སོར་འོས་འཚམ་གྱི་ཆད་པ་བཅད་མོད། འོན་ཀྱང་། ས་གནས་དེའི་ལྗོངས་རྒྱུའི་ཚོང་ར་ཡོངས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་རུལ་རེད། ཉེ་སྔོན་རྒྱལ་ནང་དུ་བྱུང་བའི་ལྗོངས་རྒྱུའི་ཚོང་རའི་རྙོག་འཛིང་ལ་བལྟས་རྗེས། ང་ཚོའི་མཚོ་སྔོན་པོའི་ལྗོངས་ཁུལ་མཐའ་འཁོར་གྱི་གཏུག་བཤེར་བྱས་པའི་ཚོང་བདག་འགའ་ཡི་བྱ་སྤྱོད་ལ་ཐེངས་ཤིག་བལྟ།
དཔེར་བརྗོད་དང་པོ། 2015ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན། མཚོ་སྔོན་པོ་ཉ་ཤའི་ཟ་ཁང་གི“སྐམ་རྩིབ་དམར་བཙོས་སྡེར་མ་གང་གི་རིན་གོང་ལ་སྒོར་བརྒྱ་དང་གོ་ལྔ་དང་གོ་རེ་ཅོང་རྡོག་གཅིག་ལ་སྒོར་ལྔ”ཡིན་པའི་གནས་ཚུལ་ལྗོངས་རྒྱུ་བས་ཞུ་གཏུག་བྱས།
དཔེར་བརྗོད་གཉིས་པ། 2015ལོའི་ཟླ་བརྒྱད་པར་གནས་དེར་གསར་འགོད་པས་བརྟག་དཔྱད་བྱས་ཏེ་ཤེས་གསལ་ལྟར་ན། མཚོ་སྔོན་པོའི་ཉེ་འགྲམ་སྒེར་གྱིས་བདག་བཟུང་བྱས་ཡོད་པའི་མཚོ་ཁའི་ཐད་གཏོང་ལམ་ཆེན་བཅུ་དང་། ལམ་ཆེན་སྒོ་ཁའི་སྒྲིག་ཆས་ནི་མཚོ་སྔོན་པོའི་མཛེས་ལྗོངས་འགག་སྒོའི་ཁ་རུ་བཙུགས་ཡོད་པའི་སྒྲིག་ཆས་དང་གཉིས་སུ་མ་མཆིས། ས་བབ་དང་ལམ་གྱི་གནས་ཚུལ་ལ་ཆ་རྒྱུས་ཅི་ཡང་མེད་པའི་ནང་ལོགས་ཀྱི་ལྗོངས་རྒྱུ་བ་དག་གིས་མཉམ་མ་བཞག་པར་སྒེར་གྱིས་བདག་བཟུང་བྱས་ཡོད་པའི་ཐད་གཏོང་ལམ་ཆེན་དག་གི་ནང་དུ་འཛུལ་ཚེ། ཁོ་ཚོས་གང་བྱུང་དུ“སྤྲོད་མི་དགོས་པའི་སྒོར་མོ”ལག་ཏུ་ལེན་ངེས་ཡིན། ས་གནས་དེ་དག་ནི་མི་སྒེར་གྱིས་རང་འགུལ་སྒོས་བཙུགས་པ་ཡིན་པས་ཁྲིམས་མཐུན་གྱི་འགྲོ་ལུགས་ཅི་ཡང་མེད་པར་མ་ཟད། ད་དུང་ནང་དུ་འཛུལ་སྐབས་ཁོ་ཚོས་ལྗོངས་རྒྱུ་བ་དག་གི་རླངས་འཁོར་དང་མི་གྲངས་རྩིས་ནས་གང་འདོད་དུ་ལམ་ཁྲལ་བླངས་ཏེ། མི་རེ་རེར་སྒོར་ལྔ་བཅུ་ནས་བརྒྱད་ཅུ་ལེན་པ་དང་། རླངས་འཁོར་རེ་ལ་སྒོར་བཞི་བཅུ་ནས་བརྒྱ་ལེན་གྱིན་འདུག
དཔེར་བརྗོད་གསུམ་པ། ཕྱོགས་བཞིར་རྩུབ་ཧྲལ་གྱི་འགྱིག་ཁུག་གིས་གཡོགས་པའི་སྟབས་བདེ་སྤྱོད་ཁང་ལའང་མི་རེར་སྒོར་གཉིས་རེ་ལེན་པར་མ་ཟད་ད་དུང་རིན་གོང་ཕབ་རྒྱུ་ཅི་ཡང་མེད། གསང་སྤྱོད་ཁང་ལ་ལ་ཞིག་ཏུ་གཅིག་སྐྱག་གི་དྲི་མ་སྣ་ལ་གཟན་ཞིང་། དེ་དག་ལ་གཙང་སྦྲ་བྱེད་མཁན་ཡང་མེད་པར་སྒོར་མོ་ལེན་བཞིན་ཡོད་པར་མ་ཟད། ལ་ལ་ཞིག་ནི་གང་འདོད་དུ་བཟོས་པའི་སྤྱོད་ཁང་ཡིན་ནའང་སྒོར་མོ་ལེན་གྱིན་འདུག
དཔེར་བརྗོད་བཞི་བ། 2015ལོའི་ཟླ་བཅུ་བའི་མཚོ་སྔོན་པོའི་ལྗོངས་ཁུལ“གད་སྙིགས་ར་བར”གྱུར་བའི་ཐད་ཀྱི་གནས་འཕྲིན་སྤེལ་ཞིང་། གནས་འཕྲིན་གྱི་ནང་དུ་མཚོ་སྔོན་པོ་གད་སྙིགས་ར་བར་གྱུར་འདུག་ཟེར། མཐའ་སྐོར་ལྕགས་རའི་སྟེང་དུ་གད་སྙིགས་ར་བ་ནས་འཁུར་ཡོང་བའི་དཀར་མདོག་གི་བཙོག་བསྒྱུར་རྫས་བཀལ་ནས་ཁེབས་ཡོད་པ་དང་། གད་སྙིགས་འཕེན་སའི་ནང་དུ་མུའུ་བཅུ་ཡས་མས་མཚམས་ལ་འཚོ་བའི་གད་སྙིགས་དང་སྨན་བཅོས་གད་སྙིགས་ཀྱིས་ཁྱབ་ཅིང་། རླུང་ཞིག་གཡུགས་ཚེ་དཀར་མདོག་གི་འགྱིག་ཁུག་ག་ས་གང་དུ་འཕུར་ལྡིང་བྱེད་པ་དང་། དུས་མཚུངས་སུ་དྲི་ངན་གྱི་གཤེར་གཟུགས་ཕྱི་རུ་འཕྱུར་ཏེ་རྩ་རའི་ནང་དུ་ཐོན་ལ་ཉེ་ཞིང་། ཆུའི་སྨད་རྒྱུད་ཀྱི་ཐག་མི་རིང་བའི་ས་ནི་མཚོ་སྔོན་པོའི་ཐད་གཏོད་ལམ་ཆེན་གྱི་རྟ་ནག་མ་ཞང་རེད། ཞིང་ས། ས་འོག་དང་ས་སྟེང་གི་ཆུ་བཅས་ཚང་མ་བཙོག་བསྒྱུར་བྱེད་པའི་ཉེན་ཁ་ཚབས་ཆེན་ལ་འཕྲད་འདུག གོང་གི་གནས་འཕྲིན་འདི་དག་ནི་ང་ཚོ་ལྗོངས་རྒྱུ་བ་དང་དྲ་གྲོགས་དག་གིས་འཕྱ་སྨོད་བྱེད་སའི་ཁུངས་ཙམ་མ་ཡིན་པར་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྤྱིའི་སྣང་བརྙན་ལ་གནོད་འཚེ་བཟོས་ཡོད་པར་མ་ཟད། “མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་རྣམ་པ་ལའང་གནོད་འཚེ་ཚབས་ཆེན་བཟོས་ཤིང་། ང་ཚོའི་བོད་ཁུལ་མི་དམངས་ཀྱི་སྣང་བརྙན་ལའང་ཤུགས་རྐྱེན་མི་ངན་པ་བཟོས་ཡོད།
དེ་བས་ཉེ་བའི་ལོ་འགའི་ནང་དུ་མཚོ་སྔོན་པོའི་ལྗོངས་ཁུལ་མཐའ་འཁོར་གྱི་ལྗོངས་རྒྱུའི་ཁོར་ཡུག་གི་བཅོས་བསྒྱུར་བྱེད་པའི་ཚད་ལ་ཤུགས་རྒྱག་བཞིན་ཡོད་པ་དང་། ལྗོངས་ཁུལ་གྱི་ལྗོངས་རྒྱུ་ཞབས་ཞུའི་སྤུས་ཚད་དང་བདེ་འཇགས་འགན་ལེན་ཡར་འདེགས་བྱེད་པའི་ཐད་ཀྱི་བྱ་བའི་རིམ་པ་ནི་འདི་ལྟར།
གཅིག ལྗོངས་རྒྱུའི་མགོ་ཁྲིད་ཚན་ཆུང་གིས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྗོངས་རྒྱུའི་བཅའ་ཁྲིམས»དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས།»«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས།»«མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྲོལ་ཡིག»«མཚོ་སྔོན་པོའི་ལྗོངས་ཁུལ་གྱི་དོ་དམ་སྲོལ་ཡིག»བཅས་མཛུབ་སྟོན་དུ་བྱས་ཤིང་། «མཚོ་སྔོན་པོའི་ལྗོངས་ཁུལ་ཡུལ་སྐོར་གྱི་ནང་རྐྱེན་ཞུ་གཏུག་གཅིག་གྱུར་ངང་དང་ལེན་བྱེད་པ་དང་ཡུལ་སྐོར་ཚོང་རའི་ནང་རྐྱེན་ཁྲིམས་བསྟར་བྱ་བར་མཉམ་འབྲེལ་གྱི་བྱེད་ཐབས»གཏན་འཁེལ་བྱས་ཏེ། ལྗོངས་ཁུལ་གྱི་ཁོར་ཡུག་སྣ་འཛོམས་སྒོས་དོ་དམ་བྱེད་པ་དང་། འབད་བརྩོན་སྒོས་དཔལ་ཡོན་དང་སྒྲིག་ལམ་ཡོད་པ། བདེ་འཇགས་ཡིན་པའི་ཡུལ་སྐོར་ཁོར་ཡུག་ཅིག་འཛུགས་སྐྲུན་བྱ་དགོས་པར་མ་ཟད། མཚོ་སྔོན་པོའི་ལྗོངས་རྒྱུ་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ་ཁྲིམས་ལུགས་ཀྱི་རྨང་གཞི་བཏིང་།
གཉིས། མཚོ་སྔོན་པོའི་མཐའ་འཁོར་དུ་གནས་པའི་ཁུལ་གཉིས་དང་རྫོང་གསུམ་ལ་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཆེས་ཆེ་བའི་གཞི་རྒྱ་དང་བྱེད་ཐབས་བཀོལ་ནས་ལྗོངས་ཁུལ་ཁོར་ཡུག་གི་དག་ཐེར་འགུལ་སྐྱོད་ལ་རྒྱུན་འཁྱོངས་སྐུལ་སྤེལ་བྱས་ཏེ། ཁྲིམས་ལྟར་སྒེར་གྱིས་བདག་བཟུང་བྱས་ཡོད་པའི་ཐད་གཏོང་ལམ་ཆེན་དང་། སྒེར་གྱིས་གང་བྱུང་དུ་འཛུགས་སྐྲུན་བྱས་ནས་ཁང་བ་ཕུབ་པ། སྒེར་གྱིས་མཚམས་སྦྱོར་བརྡ་ཁྱབ་གང་འདོད་དུ་འཛུགས་པ་དང་ལྗོངས་ཁུལ་ཁོར་ཡུག་གི་གཙང་སྦྲ་སོགས་ལ་ཆེད་སྤྱོད་དག་ཐེར་བྱས་མཐར་གྲུབ་འབྲས་མི་དམན་པ་བླངས། སྔ་རྗེས་སུ་གཞི་རྒྱ་ཆེས་ཆེ་བའི་ཁྲིམས་བསྟར་འགུལ་སྐྱོད་ཐེངས་གཉིས་རྒྱ་ཆེར་སྤེལ་ཏེ། ཁྲིམས་འགལ་གྱི་ལྕགས་ལེབ་ཁང་གྱན་སྟོང་གཅིག་དོན་བརྒྱད་དང་མུས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་བརྒྱད་བརྒྱ་གོ་དགུ་བཅས་མེད་པར་བཟོས་ཤིང་། ཁྲིམས་འགལ་གྱི་འཛུགས་སྐྲུན་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། གླང་ཆེན་མཆེ་བ་རུ་ཡི་ལྗོངས་ཁུལ་གྱི་ཐོན་སྒོ་དང་འཇུག་སྒོ་གཉིས་སུ་ཁྲིམས་འགལ་སྒོས་རླངས་འཁོར་འགོག་པ། མགྲོན་པོ་སྐྱེལ་བ། མགྲོན་པོ་འགོག་པ། ལྗོངས་ཁུལ་གྱི་རྒྱལ་ལམ109ཡི་ལམ་ཐིག་འགག་པའི་འགྲིམ་འགྲུལ་སོགས་ཀྱི་གནད་དོན་ལ། ཞིང་ཆེན་སྤྱི་བདེ་ཐིན་གྱིས་ལོ་ཕྱེད་ཀའི་དུས་ཚོད་སྤྱད་དེ་མཚོ་སྔོན་པོའི་བདེ་འཇགས་སྒྲིག་ལམ་ཆེད་སྤྱོད་དག་ཐེར་གྱི་འགུལ་སྐྱོད་རྒྱ་ཆེར་སྤེལ་བ་དང་། བདེ་འཇགས་དམངས་དམག་དང་འགྲིམ་འགྲུལ་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་སྤྱི་བསྡོམས་ཉིས་བརྒྱ་ལྷག་ལྗོངས་རྒྱུའི་ཚོང་ལས་དར་སའི་ལྗོངས་ཁུལ་དང་པོར་བརྟན་སྲུང་བྱེད་པར་མངགས། ནུས་ཤུགས་ཆེན་པོས་ལྗོངས་ཁུལ་གྱི་བདེ་འཇགས་དང་འགྲིམ་འགྲུལ་ལམ་རྒྱུད་ཤར་གཏོང་བྱེད་པར་འགན་དུ་བླངས་ཤིང་། ལྗོངས་ཁུལ་གྱི་རྒྱུན་ལྡན་སྒྲིག་ལམ་ལ་སྲུང་སྐྱོང་བྱས། ལྗོངས་ཁུལ་གྱི་བཟའ་ཆས་དང་སྨན་རྫས་ཀྱི་བདེ་འཇགས། ཆོས་ལུགས་ཐོན་རྫས། སྤྱི་སྤྱོད་གཙང་སྤྲ། དངོས་པོའི་རིན་གོང་སོགས་ཀྱི་ཕྱོགས་ལ་ཉིན་རྒྱུན་བརྟག་དཔྱད་བྱེད་པར་ཤུགས་བསྣན་པ་དང་། མགྲོན་པོར་མགོ་གཡོག་མགོ་སྐོར་གཏོང་བ་དང་བཙན་གྱིས་བཙོང་བའམ་བཙན་གྱིས་ཉོ་རུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་སྤྱོད་ཁྲིམས་བསྟར་བརྟག་དཔྱད་རྒྱ་ཆེར་སྤེལ། ཟླ་དགུ་བ་ནས་བཟུང་། གུང་ཧོ་རྫོང་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་བྱས་ཏེ་གླང་ཆེན་མཆེ་བའི་ལྗོངས་ཁུལ་གྱི་ཚོང་ལས་ལམ་བཤིག་སྤོ་བྱེད་པའི་དག་ཐེར་བྱ་བ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མིག་སྔར་མང་ཚོགས་མང་ཆེ་བས་གྲོས་མཐུན་ཡི་གེ་བཞག་པ་དང་། བྱ་བར་ནུས་ཤུགས་ཆེན་པོའི་ངང་སྒྲིག་ལམ་དང་བཅས་སྐུལ་འདེད་བཏང་།
གསུམ། རིགས་སྣ་ཚོགས་ཀྱི་བྱ་འགུལ་སྤེལ་ཏེ«ལྗོངས་རྒྱུ་བཅའ་ཁྲིམས»དང«ལྗོངས་རྒྱུ་དཔལ་ཡོན་ཆིངས་ཡིག»«མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་སྲོལ་ཡིག»སོགས་དྲིལ་སྒྲོག་རྒྱུ་ཆ་བྱིན་ཞིང་། ལྗོངས་རྒྱུ་པ་དག་གིས་ཁོར་ཡུག་ལ་གཅེས་སྤྲས་དང་དཔལ་ཡོན་ལྡན་པའི་སྒོ་ནས་ལྗོངས་རྒྱུ་བྱ་རྒྱུའི་བསམ་བློའི་གོ་རྟོགས་མཐོར་འདེགས་སུ་བཏང་། ལྗོངས་རྒྱུ་ལས་དོན་ཁང་དུ«ལྗོངས་རྒྱུ་ལས་དོན་ཁང་ལ་སྤྲིངས་པའི་འཕྲིན»ཞེས་ཡི་གེ་བསྐུར་ཏེ། ལྗོངས་རྒྱུ་ལས་དོན་ཁང་དག་གིས་ཁ་དན་ཚིག་གནས་ཀྱི་ཚོང་གཉེར་འདུ་ཤེས་ལ་ཤུགས་རྒྱག་དགོས་པའི་གྲོས་གཞི་བཏོན་པ་དང་། ལྗོངས་རྒྱུ་སྣེ་སྟོན་མཁན་གྱི་སྤྱོད་ལམ་མཐོར་འདེགས་སུ་བཏང་ནས་ལྗོངས་ཁུལ་གྱི་དོ་དམ་བརྩི་སྲུང་བྱ་དགོས་ཤིང་། ཡུལ་སྐོར་མགྲོན་པོ་རྣམས་དཔལ་ཡོན་ལྡན་པའི་སྒོ་ནས་ལྗོངས་རྒྱུ་བྱ་རྒྱུའི་སྣེ་ཁྲིད་བྱས།
བཞི། དྲ་ལམ་དང་གཞུང་ཕྱོགས་པོད་འཕྲིན། སྐད་འཕྲིན། ཁ་པར་གྱི་བྱམས་བརྩེ་གསལ་འདེབས། གསལ་འདེབས་བྱང་བུ་སོགས་སྟེར་བའི་བྱེད་ཐབས་བརྒྱུད་ནས་ལྗོངས་རྒྱུ་ལས་དོན་ཁང་དང་རྒྱ་ཆེའི་ལྗོངས་རྒྱུ་བ། མཚོ་སྐོར་མང་ཚོགས་ལ་ཁ་དན་ཚིག་གནས་ཀྱི་ཚོང་གཉེར་བྱེད་པའི་ཡོངས་ཁྱབ་དྲིལ་སྒྲོག་དང་དཔལ་ཡོན་ལྗོངས་རྒྱུའི་ཕྱོགས་ཀྱི་གསལ་འདེབས་ཡི་གེ་ལག་ཏུ་འབྱོར་རྗེས་གྲུབ་འབྲས་བཟང་བོ་ཐོབ།
ལྔ། མཚོ་སྔོན་པོ་ལྗོངས་ཁུལ་གྱི་ཟ་ཁང་ལས་རིགས་ཚོགས་འདུའི་སྟེང་བཅའ་ཁྲིམས་སློབ་ཁང་ཞེས་པའི་བྱ་འགུལ་སྤེལ་ཏེ། དྲིལ་སྒྲོག་ཁྲོད་དུ་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་སྲོལ་ཡིག་དང་། རིན་གོང་བཅའ་ཁྲིམས། རིན་གོང་ལ་མགོ་སྐོར་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་གཏན་ཁེལ་དང་ཚོང་རྫས་དང་རིན་གོང་གསལ་བཀོད་ཞབས་ཞུའི་གཏན་ཁེལ་སོགས་སུ་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགྲེལ་བཤད་བྱས་པར་མ་ཟད། ཡུལ་སྐོར་ཚོང་གཉེར་ལས་མིའི་བཅའ་ཁྲིམས་འདུ་ཤེས་སྔར་ལས་མཐོར་འདེགས་སུ་བཏང་།
དྲུག མཉམ་འབྲེལ་ཁྲིམས་བསྟར་སྒྲིག་གཞིར་འཐུས་ཚང་དུ་བཏང་སྟེ། ལྗོངས་ཁུལ་གྱི་ཡུལ་སྐོར་ཚོང་ར་དང་བཟའ་ཆས་སམ་སྨན་རྫས་ཀྱི་བདེ་འཇགས། ཆོས་ལུགས་ཐོན་རྫས། སྤྱི་སྤྱོད་གཙང་སྦྲ། དངོས་པོའི་རིན་གོང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉིན་རྒྱུན་སྐོར་ཞིབ་ལ་ཤུགས་བསྣན་ཏེ་ཆེད་སྤྱོད་ཁྲིམས་བསྟར་བརྟག་དཔྱད་བྱ་འགུལ་སྤེལ།
ལྗོངས་ཁུལ་དོ་དམ་ཅུའུ་ཡིས་སྔར་མེད་ཀྱི་བྱ་བ་མང་པོ་ཞིག་བསྒྲུབས་ཡོད་མོད། འོན་ཀྱང་ལྗོངས་ཁུལ་གྱི་སྣང་བརྙན་ལེགས་པོ་དེ་སྔར་བཞིན་ཁྱོད་ཚོ་ཐུན་མོང་གི་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད་ཅིང་། མཚོ་སྔོན་པོའི་སང་ཉིན་གྱི་མཛེས་སྡུག་ནི་ཁྱོད་ཚོ་ཐུན་མོང་གི་འབད་བརྩོན་ལ་བརྟེན་དགོས།
བཞི། མ་འོངས་པའི་འཆར་གཞི།
དང་པོ། མུ་མཐུད་དུ་གཏིང་ཟབ་སྒོས་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག་གཙོ་གནད་དུ་བཟུང་སྟེ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ། ལྗོངས་རྒྱུའི་དུས་ཚིགས་བེད་སྤྱད་བཟང་བོ་བྱས་ནས་གྲོང་ཚོ་རུ་ཟབ་ཞུགས་བྱེད་པ་དང་གདོང་གཏད་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་པར་མ་ཟད། མང་ཚོགས་ཀྱི་ཁྲིམས་ཤེས་ཁྲིམས་སྲུང་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས།
གཉིས། ལོ་ལྔའི་འཆར་གཞི་བཅུ་གསུམ་གྱི་སྐབས་སུ། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་ལག་ལེན་མཐར་ཕྱིན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རེ་བ་ལྟར། ཞིང་ཆེན་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་གཞིར་བཟུང་ནས། མཚོ་སྐོར་གྲོང་ཚོའི་ལྗོངས་རྒྱུ་དང་ལྗོངས་ཁུལ་ལྔའི་འཕེལ་རྒྱས་ཀྱི་གྲུབ་ཆ་གཙོ་བོར་བཟུང་སྟེ། མཚོ་སྔོན་པོའི་ཁྱབ་ཁོངས་སུ་ཡོད་པའི་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ནས་ལྗོངས་ཁུལ་མངའ་ཁོངས་ཡོངས་རྫོགས་ལྗོངས་ཁུལ་ཆེ་ཤོས་སུ་བསྒྱུར་དགོས། མགྱོགས་མྱུར་སྒོས་ལྗོངས་ཁུལ་ལྗོངས་རྒྱུ་དང་མཚོ་སྐོར་གྲོང་གསེབ་ལྗོངས་རྒྱུ་གཉིས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཡུལ་ལྗོངས་ཧྲིལ་བོ་ཞིག་ཏུ་བསྒྱུར་དགོས། ལྗོངས་རྒྱུ་ཐོན་ལས་མངའ་ཁོངས་ཡོངས་སུ་ཁེབས་པ། ལྗོངས་རྒྱུ་ཐོན་ལས་མངའ་ཁོངས་ཡོངས་སུ་ཕུལ་དུ་བྱུང་བ། ལྗོངས་རྒྱུ་ལམ་ཐིག་མངའ་ཁོངས་ཡོངས་སུ་དག་སྒྲིག་བྱེད་པ། ལྗོངས་རྒྱུ་ཚོང་རའི་མངའ་ཁོངས་ཡོངས་སུ་རྒྱ་བསྐྱེད་པའི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ནས། མཚོ་སྔོན་པོའི་ཡུལ་ལྗོངས་གྲགས་ཅན་གྱི་ཞིབ་ཕྲའི་འཆར་གཞི་དང་མཚོ་སྔོན་པོ་སྐོར་བའི་མི་ཆོས་ལྗོངས་རྒྱུ་མཛེས་ལྗོངས་ཁྱམས་ལམ་འཆར་གཞི་དང་། ལྗོངས་ཁུལ་གཙོ་བོའི་འཛུགས་སྐྲུན་རང་བཞིན་གྱི་ཞིབ་ཕྲའི་འཆར་གཞི་འགོད་དགོས་པར་མ་ཟད། མཚོ་སྔོན་པོའི་གྲོང་ཚོ་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་འཆར་གཞིར་སྐུད་འདེད་བཏང་།
གསུམ། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་དང་མི་རིགས་རིག་གནས། ཆོས་ལུགས་དམངས་སྲོལ་སོགས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། མཚོ་སྐོར་མཛེས་ལྗོངས་ལྟ་སྐོར་ཁྱམས་ལམ་ལ་བརྟེན་ཏེ་མི་རིགས་རིག་གནས་ལུས་རྩལ་ར་བ་དང་། གྲོང་ཚོའི་ལྗོངས་རྒྱུ། ལྗོངས་རྒྱུ་དབུལ་སྐྱོབ་དང་མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་བྱེད་པར་ཟུང་དུ་སྦྲེལ་ཏེ་རྩ་བའི་སྒྲིག་གཞི་དང་ཞབས་ཞུའི་བྱེད་ནུས་འཐུས་འཚང་དུ་བཏང་ནས། ལྗོངས་རྒྱུ་ཐོན་རྫས་ཀྱི་ལམ་ཕྱོགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། དམངས་སྲོལ་གོམས་གཤིས་ཉམས་སུ་ལེན་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལྗོངས་རྒྱུ་ལྗོངས་ཁུལ་དང་མཛེས་པའི་ལྗོངས་རྒྱུའི་གྲོང་རྡལ་ཆུང་བ། ཁྱད་ཆོས་ལྡན་པའི་གྲོང་ཚོའི་ལྗོངས་རྒྱུའི་མངའ་ཁོངས་ཀྱི་ལྗོངས་རྒྱུའི་ཁྱམས་རའི་སྒྲིག་བཀོད་བསྐྲུན་དགོས། 2020ལོར་ཐོན་དུས། ཐོག་མའི་མཚོ་སྔོན་པོའི་མི་ཆོས་ལྗོངས་རྒྱུའི་ཁྱམས་ར་འཛུགས་སྐྲུན་བྱས་པར་མ་ཟད་རིག་ལྡན་ལྗོངས་རྒྱུ་མངོན་འགྱུར་བྱུང་དུ་འཇུག་དགོས། མཚོ་སྔོན་པོའི་ལྗོངས་ཁུལ་རྒྱུན་མཐུད་དེ་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་དང་འབད་བརྩོན་སྒོས་ལྗོངས་རྒྱུ་ཞིང་ཆེན་མིང་གྲགས་ཅན་དུ་གཏོང་བའི་འཐབ་ཇུས་དམིགས་འབེན་དུ་བཟུང་སྟེ་དཔེ་ལེགས་ལྗོངས་ཁུལ་དུ་འཛུགས་སྐྲུན་བྱ་དགོས།
བཞི། ཡང་དག་པའི་སྒོ་ནས་ལྗོངས་ཁུལ་འཕེལ་རྒྱས་དང་གྲོང་ཚོ་ལྗོངས་རྒྱུ་ཅན་དུ་ཁྲིད་པའི་འབྲེལ་བ་ཐག་གཅོད་བྱ་དགོས་ཤིང་། མཛེས་ལྗོངས་ལྗོངས་རྒྱུ་ས་གནས་ཐུན་མོང་སྒོས་འཛུགས་སྐྲུན་བྱས་ཏེ། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་མཚོ་སྐོར་གྲོང་ཚོའི་ལྗོངས་རྒྱུ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཞིང་སྡེ་གསར་བ། འབྲོག་སྡེ་གསར་བ། ཞིང་འབྲོག་མི་དམངས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ་བཅས་ཟུང་དུ་སྦྲེལ་ཏེ་ས་གནས་མི་དམངས་སྲིད་གཞུང་དང་སེམས་ཤུགས་གཅིག་སྒྲིལ་བྱས་ནས་སྣེ་ཁྲིད་དང་མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ། གྲོང་ཚོའི་ལྗོངས་རྒྱུའི་རྩ་བའི་སྒྲིག་ཆས་རྒྱུན་མཐུད་དེ་ལེགས་བཅོས་བྱ་དགོས་པར་མ་ཟད། གྲོང་ཚོའི་ལྗོངས་རྒྱུ་ཁོར་ཡུག་ཀྱང་ཇེ་ལེགས་སུ་གཏོང་དགོས། ས་གནས་ལྗོངས་རྒྱུ་སྡེ་ཁག་གིས་གྲོང་ཚོའི་ལྗོངས་རྒྱུའི་དོ་དམ་ཚད་ལྡན་ཅན་དང་། བྱེད་སྒོ་གསབ་སྦྱོང་སྤེལ་བ། རིམ་པ་དཔྱད་བསྡུར་གྱི་ཚད་ལེན་སོགས་བྱ་བར་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཚོང་གཉེར་ནུས་པ་དང་ཞབས་ཞུའི་ཆུ་ཚད་ལ་སྐུལ་འདེད་བཏང་ནས་གྲོང་ཚོའི་ལྗོངས་རྒྱུ་ཇེ་བཟང་དུ་འགྲོ་བར་ཤུགས་བརྒྱབ།
གྲོང་ཚོའི་ལྗོངས་རྒྱུ་ཉམས་སུ་ལེན་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཁྱད་ཆོས་ཅན་གྱི་སྤུས་ཚད་མཐོ་བའི་གྲོང་ཚོའི་དཔེ་ལེགས་ལྗོངས་རྒྱུ་འཛུགས་པར་སྣེ་ཁྲིད་དང་ཕན་ནུས་འདོན་སྤེལ་བྱས། མཚོ་སྔོན་པོའི་ལྷོ་ཕྱོགས་སུ་གནས་པའི་གནད་འཁེལ་གྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་ལྗོངས་རྒྱུ་རིམ་གྱིས་འཕེལ་རྒྱས་སུ་སོང་ཡོད་པས་ལྗོངས་རྒྱུའི་དཀྱིལ་སྙིང་དུ་གྲུབ་པར་གདོན་མི་ཟ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།