«མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག»གི་གསལ་འགྲེལ།
2017.04.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

«མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག»ནི་སྤྱི་ལོ་2015ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་ཏུ་བསྟར། «སྲོལ་ཡིག»གིས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཇུས་འགོད་དང་འཛུགས་སྐྲུན་། སྲུང་སྐྱོང་། དོ་དམ་སོགས་ཀྱི་བྱ་བར་བཅའ་ཁྲིམས་གཏན་ཁེལ་གང་དག་བཏོན་པ་དང་། ང་ཚོ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བཅའ་ཁྲིམས་འདི་བེད་སྤྱད་དེ་ང་ཚོའི་མཛེས་སྡུག་གི་ཁྱིམ་གཞིས་ཏེ་མཚོ་སྔོན་པོ་ཇི་ལྟར་སྲུང་སྐྱོང་ལེགས་པོ་བྱེད་དགོས། གཤམ་དུ«སྲོལ་ཡིག»ཁྲོད་དང་ང་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་ཡོད་ཀྱི་གཏན་ཁེལ་ལ་གསལ་འགྲེལ་ཞིག་བྱེད།

གཅིག «སྲོལ་ཡིག» ཏུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་འཛུགས་སྐྲུན་གཏན་འགོག་བྱེད་པའི་ཁྱབ་ཁོངས་གཏན་ཁེལ་བྱས།
«སྲོལ་ཡིག»ཏུ་གཏན་ཁེལ་བྱས་དོན། མཚོ་སྔོན་པོའི་ལྗོངས་ཁུལ་ནི་མཚོ་སྔོན་པོའི་མཚོ་འགྲམ་ཤར་ནས་མཚོ་སྐོར་ཤར་ལམ་ཕྱིའི་མུས་ལྔ་བཅུའི་མཚམས་དང་ནུབ་ནས་མཚོ་སྐོར་ནུབ་ལམ་ཕྱིའི་མུས་ལྔ་བཅུའི་མཚམས། ལྷོ་ནས་གཅིག་ཐིག་དགུའི་རྒྱལ་ལམ་ཕྱིའི་མུས་བརྒྱའི་མཚམས། བྱང་ནས་མཚོ་བོད་ལྕགས་ལམ་ཕྱིའི་མུས་བརྒྱའི་མཚམས་ཀྱི་ཁྱབ་ཁོངས་ཡིན། མཚོའི་འགྲམ་རྒྱུད་ཞང་གྲོང་གིས་ཞང་གྲོང་ཇུས་འགོད་ལྟར་ལས་གཞི་འཛུགས་སྐྲུན་བྱེད་པ་ཕུད། ལྗོངས་ཁུལ་སྲུང་སྐྱོང་དང་འབྲེལ་བ་མེད་པའི་དུས་གཏན་རང་བཞིན་གྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོ་གསར་འཛུགས་དང་བསྐྱེད་འཛུགས། བསྒྱུར་འཛུགས་བྱེད་པ་གཏན་འགོག་བྱེད་དགོས།

«སྲོལ་ཡིག»གིས་འཛུགས་སྐྲུན་གཏན་འགོག་ས་ཁུལ་གཏན་ཁེལ་བྱས་རྗེས། ང་ཚོས་ས་ཁུལ་དེའི་ཕྱི་རུ་ཁང་བའམ་ཐོན་སྐྱེད་སྒྲིག་ཆས་འཛུགས་སྐྲུན་བྱས་ཆོག་པ་ཡིན་ནམ། «མཚོ་སྔོན་ཞིང་ཆེན་གྱི(ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་གྲོང་ཇུས་འགོད་བཅའ་ཁྲིམས )ཀྱི་ལག་བསྟར་བྱེད་ཐབས》ཀྱི་དོན་ཚན་སུམ་ཅུ་སོ་དགུ་བའི་གཏན་ཁེལ་ལྟར་ན། ཞང་དང་སྡེ་བའི་ཇུས་འགོད་ས་ཁུལ་ནང་ཁུལ་དུ་རོང་འབྲོག་མང་ཚོགས་ཀྱིས་གཞིས་ས་གསར་དུ་བཙུགས་ཚེ། གཞིས་འཛུགས་ས་ཞིང་བེད་སྤྱད་བདེན་དཔང་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བསམ་འཆར། ནུས་ཡོད་ཐོབ་ཐང་ལག་ཁྱེར་སོགས་རྒྱུ་ཆ་བཟུང་སྟེ། རང་སྡོད་སའི་ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་རེ་བ་ཞུ་དགོས་ཤིང་། ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་རམ་རྫོང་མི་དམངས་སྲིད་གཞུང་གི་ཇུས་འགོད་གཙོ་གཉེར་སྡེ་ཁག་ལ་རེ་བ་ཞུས་ཏེ་གྲོང་སྡེའི་འཛུགས་སྐྲུན་ཇུས་འགོད་ཆོག་མཆན་དཔང་ཡིག་སྟེར་དུ་འཇུག་དགོས།

ཞང་ངམ་སྡེ་བའི་ཇུས་འགོད་ས་ཁུལ་དུ་སྔར་ཡོད་གཞིས་ས་བེད་སྤྱད་དེ་སྡོད་ཁང་འཛུགས་སྐྲུན་བྱེད་པའི་རོང་འབྲོག་དམངས་ཀྱིས་སྔར་ཡོད་གཞིས་སའི་བདེན་དཔང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར་། ནུས་ཡོད་ཐོབ་ཐང་ལག་ཁྱེར་སོགས་ཀྱི་རྒྱུ་ཆ་བཟུང་སྟེ། རང་སྡོད་སའི་ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་ལ་ཡིག་ཐོག་གི་རེ་བ་ཞུ་དགོས་ཤིང་། ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཞང་དང་སྡེ་བའི་ཇུས་འགོད་ལྟར་ཞིབ་དཔྱད་བསམ་འཆར་འདོན་པ་དང་ཆབས་ཅིག གྲོང་ཁྱེར་རམ་རྫོང་མི་དམངས་སྲིད་གཞུང་ཞང་གྲོང་ཇུས་འགོད་གཙོ་གཉེར་སྡེ་ཁག་ལ་རེ་ཞུ་བྱས་ཏེ་ཞང་སྡེ་འཛུགས་སྐྲུན་ཆོག་མཆན་དཔང་ཡིག་སྟེར་དུ་འཇུག་དགོས། དོན་ཚན་ཞེ་གཅིག་པའི་ནང་དུ་གཏན་ཁེལ་བྱས་དོན། ཞང་དང་སྡེ་བའི་ཇུས་འགོད་ས་ཁུལ་ནང་དུ་དངོས་གནས་རྨོ་སྤྱོད་ས་ཞིང་བདག་འཛིན་བྱ་དགོས་ཚེ། ཁྲིམས་ལྟར་རྨོ་སྤྱོད་ས་ཞིང་བརྒྱུད་སྤྱོད་ཞིབ་བཤེར་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས་ཤིང་། གྲོང་ཁྱེར་རམ་རྫོང་མི་དམངས་སྲིད་གཞུང་ཞང་གྲོང་ཇུས་འགོད་གཙོ་གཉེར་སྡེ་ཁག་གིས་ཞང་སྡེའི་འཛུགས་སྐྲུན་ཇུས་འགོད་ཆོག་མཆན་དཔང་ཡིག་བྱིན་རྗེས། ཡང་བསྐྱར་ཁྲིམས་ལྟར་ས་ཞིང་བེད་སྤྱོད་བྱས་ཆོག་པའི་ཞིབ་བཤེར་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས།

གོང་གི་བཅའ་ཁྲིམས་གཏན་ཁེལ་དོན་ཚན་གཉིས་ལ་གཞིགས་ཚེ། མཚོ་སྔོན་པོའི་ལྗོངས་ཁུལ་འཛུགས་སྐྲུན་གཏན་འགོག་ས་ཁུལ་ཕྱི་རུ་གཞིས་ར་དང་ཐོན་སྐྱེད་སྒྲིག་ཆས་འཛུགས་སྐྲུན་བྱ་ཚེ། ཡོད་ཚད་ཁྲིམས་ལྟར་ཞང་གྲོང་མི་དམངས་སྲིད་གཞུང་ལ་ཆོག་མཆན་རེ་ཞུ་བྱས་རྗེས་ད་གཟོད་འཛུགས་སྐྲུན་བྱ་ཆོག གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱིས་འགན་ལེན་བྱས་པའི་ས་ཞིང་ངམ་རྩྭ་རར་ཚོང་གཉེར་ར་བ་འཛུགས་སྐྲུན་བྱས་ཚེ།(དཔེར་ན་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་སོགས།)ཁྲིམས་ལྟར་རྨོ་སྤྱོད་ས་ཞིང་གི་འགྲོ་ལུགས་བསྒྲུབ་དགོས། ཡང་ཅིག་བཤད་ན། ཁྱོད་ཀྱིས་འགན་ལེན་བྱས་པའི་ས་ཞིང་ངམ་རྩྭ་རའི་ངོ་བོ་བསྒྱུར་ཏེ་ཚོང་གཉེར་རང་བཞིན་གྱི་ས་ལ་བཀོལ་ཚེ། འགྲོ་གྲོན་ངེས་ཅན་ཞིག་བྱིན་རྗེས་ད་གཟོད་འཛུགས་སྐྲུན་བྱ་ཆོག དེ་ལས་ལྡོག་ཚེ་ཁྲིམས་འགལ་གྱི་འཛུགས་སྐྲུན་དངོས་པོར་གཏོགས།

གཉིས། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལས་གཞིའི་གཏན་ཁེལ།
«ཁྲིམས་སྲོལ»དོན་ཚན་བཅུ་བདུན་པ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལས་གཞི་དེ་ངེས་པར་དུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་འཆར་གཞིའི་དགོས་མཁོ་དང་མཐུན་དགོས་ཏེ། འཛུགས་སྐྲུན་དངོས་པོའི་ཁྱབ་རྒྱ་དང་མཐོ་ཚད། ཕྱི་དབྱིབས། ཁ་དོག་གཞི་ཁྱོན་སོགས་མཐའ་འཁོར་གྱི་མཛེས་ལྗོངས་དང་ཁོར་ཡུག་ལ་དོ་མཉམ་ཡོང་བར་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྤྱིའི་རྣམ་པར་གཏོར་བརླག་བྱ་མི་ཆོག ཁོར་ཡུག་ལ་སྦག་བཙོག་དང་ལྗོངས་རྒྱུ་ལ་བར་ཆད་བྱ་མི་རུང་།

སྒྲིག་སྲོལ་འདིས་ང་ཚོར་བསྟན་པ་ནི། འཛུགས་སྐྲུན་ལ་ཆོག་མཆན་ཐོབ་པའི་ལས་གཞི་གང་ཞིག་ཡིན་ཡང་། ཚང་མ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་འཆར་འགོད་དགོས་མཁོ་དང་འཚམ་དགོས་ཏེ།  ཕྱིའི་རྣམ་པ་སོགས་ཚང་མ་ལྗོངས་ཁུལ་གྱི་སྤྱིའི་ཆ་དང་མཐུན་དགོས། མཚོ་སྔོན་པོའི་མཛེས་ལྗོངས་ནི་ཨ་སྔོན་དང་གཙང་ཆུ། རྩྭ་ལྗང་དང་མེ་ཏོག་སོགས་ཀྱིས་གྲུབ་པ་ཡིན་པས། ཁྱོད་ཀྱིས་འདི་འདྲའི་མཛེས་ལྗོངས་ཤིག་ཏུ་ཁ་དོག་མིག་ལ་འཚེར་ཞིང་བཟོ་བཀོད་སོགས་ང་ཚོ་འབྲོག་ཕྱོགས་ཀྱི་འཛུགས་སྐྲུན་དང་མི་མཐུན་པ་ཞིག་བཟོས་ཚེ། དེ་ནི་རང་བྱུང་མཛེས་ལྗོངས་ལ་གཏོར་བརླག་བྱས་པ་ཡིན་པས་གཏན་ནས་མི་ཆོག

གསུམ། «སྲོལ་ཡིག»ཏུ་གྲུབ་ཟིན་པའི་འཆར་འགོད་བླང་བྱ་དང་མི་མཐུན་པའི་འཛུགས་སྐྲུན་དངོས་པོའི་ཐག་གཅོད་གཏན་ཁེལ་གསལ་པོར་བཀོད་ཡོད།
«སྲོལ་ཡིག»ཏུ་གཏན་ཁེལ་བྱས་དོན། གྲུབ་ཟིན་པའི་འཆར་འགོད་བླང་བྱ་དང་མི་མཐུན་ཞིང་མཛེས་ལྗོངས་ལ་གཏོར་བརླག་བཟོས་པ་དང་། ཁོར་ཡུག་བཙོག་པོར་བཏང་བ། ཡུལ་སྐོར་ལ་བཀག་འགོག་ཐེབས་པའི་འཛུགས་སྐྲུན་དངོས་པོ། བཟོ་བཀོད་དངོས་པོ་བཅས་ནི་ལྗོངས་ཁུལ་དོ་དམ་ལས་ཁུངས་དང་མཚོ་སྔོན་པོའི་ལྗོངས་ཁུལ་གནས་སའི་རྫོང་རིམ་པའི་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་ཆོད་སྒོས་ཕྱོགས་ཡོངས་བཅོས་སྒྱུར་རམ་ཡང་ན་འཆར་གཞི་སྤོ་སྒུལ་བྱ་དགོས་པར་མ་ཟད། སྔར་ལས་གོམ་གང་མདུན་སྤོ་སྒོས་ལག་བསྟར་དངོས་འབེབས་བྱ་དགོས།

དེ་དང་སྦྲགས་ནས«སྲོལ་ཡིག»ཏུ་གཏན་ཁེལ་བྱས་དོན། མཚོ་སྔོན་པོའི་ལྗོངས་ཁུལ་འཆར་འགོད་ལག་བསྟར་དངོས་འབེབས་བྱས་པས། སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་ལ་རྒྱུ་ནོར་གྱི་གྱོང་གུད་ཐེབས་སུ་བཅུག་པའི་རིགས་ལ་ཁྲིམས་ལྟར་གྱོང་གུད་ཁ་གསབ་བྱེད་དགོས། ཁྲིམས་འགལ་འཛུགས་སྐྲུན་དང་ཆོག་འཁྲོལ་དུས་ཡུན་ལས་བརྒལ་བའི་གནས་སྐབས་འཛུགས་སྐྲུན་ལ་གྱོང་གུད་ཁ་གསབ་མི་བྱེད།

བཞི། «སྲོལ་ཡིག»ཏུ་མཚོ་སྔོན་པོའི་ལྗོངས་ཁུལ་དུ་གཏན་ཁེལ་དུ་འགོག་རྒྱུའི་བྱ་སྤྱོད་གསལ་པོར་བཀོད་ཡོད།
«སྲོལ་ཡིག»ཏུ་གཏན་ཁེལ་བྱས་དོན། ཆུ་ལམ་དང་གཤེར་ཆུ་ལས་བཙོག་ཆུ་དང་བཙོག་སྒྱུར་དངོས་པོ་ཕྱིར་གཏོང་བ་དང་། ཁྲིམས་འགལ་སྒོས་རྒྱལ་ཁབ་དང་ས་གནས་རིམ་པའི་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་དང་མཚོ་སྔོན་པའི་ཉ་རིགས་འཛིན་པ། ཡུལ་སྐོར་དང་ཞབས་ཞུ་སོགས་ཀྱི་སྤྱི་སྤྱོད་སྒྲིག་ཆས་ལ་གཏོར་བརླག་བཟོ་བ། ལྗོངས་ཁུལ་གྱི་ཐོན་ཁུངས་དང་སྒྲིག་ཆས་གཞན་ལ་གཏོར་བརླག་བཟོ་བའི་བྱ་སྤྱོད་སྤེལ་བ་བཅས་གཏན་དུ་འགོག་དགོས།

སྤྱི་ལོ2014ལོའི་ཟླ9པར། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་དང་འགྲིམ་འགྲུལ། ནགས་ལས། མཚོ་ལྷོ་དང་མཚོ་བྱང་ཁུལ་སྲིད་གཞུང་གིས་མཚོ་སྔོན་པོའི་སྲུང་སྐྱོང་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་རྟོག་བཤེར་ནན་མོ་བྱས་ཏེ། རྟ་ནག་མ་དང་པུ་ཧ་ཆུ་བོའི་ཆུ་ལམ་དུ་གད་སྙིགས་འབོར་ཆེན་སྤུངས་ཤིང་རྟ་ནག་ཆུ་བོའི་འགྲམ་རྒྱུད་དུ་ཆང་དམ་སོགས་གཏེར་རྫས་མང་པོ་ཚོགས་པ་དང་། འཚོ་བ་ལས་དོར་བའི་གད་སྙིགས་མང་པོ་གང་སར་མཐོང་ཐུབ་པ་གསལ་པོར་རྟོགས། མཚོ་སྔོན་པོའི་མཚོ་ཆུར་གཏོར་བརླག་བཏང་ཚེ། དེས་ཐད་ཀར་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་ཉེན་བསྐྱལ་སྲིད། དེར་བརྟེན། མཚོ་སྔོན་པོའི་ཆུ་ལམ་དང་གཤེར་ཆུ་རྒྱུ་སར་བཙོག་ཆུ་དང་བཙོག་སྒྱུར་དངོས་པོ་ཕྱིར་གཏང་མི་ཆོག མཚམས་འདིར་ང་ཚོས་ཀྱང་གྲོས་ཤིག་འདོན་པར་བྱ་སྟེ། དེ་རིང་ཚུན་ཆད་ཀྱི་མང་ཚོགས་རང་བཞིན་གྱི་འདུ་འཛོམས་སམ་མཚོ་གཏེར་འཕེན་པའི་བྱེད་སྒོར་ང་ཚོ་ཚང་མས་དབུ་ཁྲིད་དེ་ཆུ་ཤོག་དང་རྫ་ཤེལ་སོགས་གཙང་མར་སེལ་མི་ཐུབ་པའི་གཏེར་རྫས་ཉོ་འཚོང་དང་བཀོལ་སྤྱོད། ཁྱབ་གདལ་དུ་གཏང་དགོས། ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་གསེང་དུ་ཆུ་ཤོག་དང་གློག་རྫས་སོགས་བཙོག་སྒྱུར་དངོས་པོ་ཅི་རིགས་བཀོད་སྒྲིག་བྱས་ཡོད་པའི་སྙིགས་སྒམ་དུ་འདོར་བ་ལས། རང་སྣང་གང་དྲན་གྱིས་གནས་ངེས་མེད་དུ་འཕེན་མི་རུང་ཞེས་པ་དེའོ།།

ལྔ། « སྲོལ་ཡིག»ཏུ་མཚོ་སྔོན་པོའི་ལྗོངས་ཁུལ་རྒྱ་བསྐྱེད་པའི་འབྲེལ་ཡོད་བྱ་འགུལ་ལ་ཁྲིམས་མཐུན་གྱི་ཆོག་མཆན་ཐོབ་དགོས་པ་གསལ་པོར་བཀོད་ཡོད།
«སྲོལ་ཡིག»ཏུ་གཏན་ཁེལ་བྱས་དོན། མཚོ་སྔོན་པོའི་ལྗོངས་ཁུལ་སྒྲིག་འཛུགས་བྱ་བ་དང་ཚོང་ལས་བརྡ་ཁྱབ་སྦྱར་བ། ཁྱོན་ཆེའི་རིག་གནས་དང་ལུས་རྩལ། དྲིལ་སྒྲོག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག་གི་རང་བྱུང་རྣམ་པར་བཅོས་སྒྱུར་བྱས་པའི་བྱ་འགུལ་དང་། སྐྱེ་ཁམས་དང་མཛེས་ལྗོངས་ལ་ཤུགས་རྐྱེན་ཐེབས་པའི་བྱ་འགུལ་གཞན་སྤེལ་དུས། ཐོག་མར་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་ཞིབ་བཤེར་བྱ་དགོས་ཤིང་། དེ་ནས་ཁྲིམས་ལུགས་དང་ཁྲིམས་སྲོལ་ཀྱི་གཏན་ཁེལ་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་བདག་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་དགོས།

སྤྱི་ལོ2014ལོར། གུང་ཧོ་རྫོང་སྲིད་གཞུང་དང་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕྱོགས་ཡོངས་ནས་མཚོ་སྔོན་པོའི་ལྗོངས་ཁུལ་དུ་སྒེར་སྦྱར་ཚོང་རྟགས་བརྡ་ཁྱབ་མེད་པར་བཏང་བར་མ་ཟད། 《མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁྱིམ་ཕྱིའི་བརྡ་ཁྱབ་སྤེལ་བའི་ཞིབ་བཤེར་ཆོག་མཆན་དང་དོ་དམ་གྱི་གནས་སྐབས་སྲོལ་ཡིག》སྒྲིག་བཟོ་བྱས། དེ་རིང་གི་ཉིན་མོ་འདི་ནས་བཟུང་ཁྱེད་ཀྱིས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁྱིམ་ཕྱིའི་བརྡ་ཁྱབ་སྦྱར་བར། རང་ཉིད་སྡོད་སའི་ལྗོངས་ཁུལ་དོ་དམ་ཡན་ལག་ལས་ཁུངས་སུ་སོང་སྟེ་དེ་ལ་ཆོག་མཆན་ཐོབ་པར་རེ་འདུན་ཞུས་ཆོག

དྲུག «སྲོལ་ཡིག »ལས་མཚོ་སྔོན་པོའི་ལྗོངས་ཁུལ་དུ་ཚོང་ལས་སོགས་ཀྱི་ཚོང་གཉེར་བྱ་འགུལ་སྤེལ་ན་ཁྲིམས་ལྟར་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས་པ་གསལ་པོར་བཀོད་ཡོད།

«སྲོལ་ཡིག»འདིའི་གཏན་ཁེལ་ལྟར་ན། མཚོ་སྔོན་པོའི་ལྗོངས་ཁུལ་དུ་ཚོང་ལས་དང་ཟ་ཁང་། སྡོད་གནས། རོལ་རྩེད། ལྗོངས་རྒྱུའི་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་བྱ་འགུལ་སྤེལ་བའི་ལས་ཁུངས་སམ་མི་སྒེར་ལ་མཚོན་ན། ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས་པར་མ་ཟད། ལྗོངས་ཁུལ་དོ་དམ་ལས་ཁུངས་ཀྱི་དམིགས་འཛུགས་བྱས་ཡོད་པའི་ས་གནས་སམ་ཁྱབ་ཁོངས་སུ་ཚོང་གཉེར་བྱ་འགུལ་སྤེལ་དགོས།

«སྲོལ་ཡིག»འདིའི་གཏན་ཁེལ་ལྟར་ན། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ལས་ཁུངས་ཀྱི་མཚོ་སྔོན་པོའི་ལྗོངས་ཁུལ་ཀྱི་དབྱེ་མཚམས་གཅོད་པའི་ཚོང་ལས་ཚོང་གཉེར་གྱི་དྲ་རྒྱའི་འཆར་འགོད་གཞིར་བཟུང་ན། རྗེས་སུ་མཚོ་སྔོན་པོའི་ལྗོངས་ཁུལ་དུ་བྱ་བ་སྒྲུབ་ཀྱིན་པའི་ཚོང་ལས་དང་ཟ་ཁང་། སྡོད་གནས། རོལ་རྩེད། ལྗོངས་རྒྱུའི་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ཚོང་གཉེར་བྱ་འགུལ་ཚང་མ་དམིགས་འཛུགས་གཏན་ཁེལ་བྱས་ཡོད་པའི་ས་གནས་སམ་ཁྱབ་ཁོངས་སུ་ཚོང་ལས་སྤེལ་དགོས།

མཚོ་སྔོན་པོ་ནི་རང་བྱུང་ཁམས་ཆེན་མོས་ང་ཚོར་གནང་བའི་རིན་ཆེན་གཏེར་མཛོད་ཅིག་ཡིན་ལ། ང་ཚོ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་ནས་རིམ་གྱིས་འཚར་ལོང་བྱུང་བའི་མི་བུ་དཀྱུས་མ་ཏག་ཏག་ཡིན་པས། ང་ཚོས་ཕྲག་ཏུ་མཚོ་སྔོན་པོར་འགན་ཁུར་དང་སྲུང་སྐྱོང་བྱ་དགོས་པའི་འོས་འགན་ལྕི་མོ་བབས་ཡོད་པར་མ་ཟད། འུ་ཅག་གིས་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་བླ་མཚོ་འདིར་སྲུང་སྐྱོང་བཟང་བོ་བྱས་ནས་མཚོ་སྔོན་པོའི་མི་བུ་དག་གི་སྣང་བརྙན་གསར་དུ་བཞེངས་དགོས། རྗེས་ཕྱོགས་ཀྱི་འཚོ་བའི་ཐོན་སྐྱེད་ཁྲོད་དུ། ང་ཚོས་རང་འགུལ་གྱིས་ལྗོངས་རྒྱུ་བ་རྣམས་ཀྱིས་གང་འདོད་དུ་གད་སྙིགས་འཕེན་པ་དང་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་འགོག་དགོས་ཤིང་། ནན་ཏན་སྒོས་རང་རང་ཁྱིམ་ཚང་གི་གཙང་སྦྲ་ལེགས་པོར་བྱས་ནས་སྡེ་ཁག་རིམ་པའི་བཀོད་སྒྲིག་ལྟར་གད་སྙིགས་ཕྱོགས་གཅིག་ཏུ་འཕེན་དགོས་པར་མ་ཟད། ཆབས་ཅིག་ཏུ《མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གཏན་ཁེལ་ལྟར་ན། ལྗོངས་ཁུལ་ལ་ལྟ་སྐུལ་བྱེད་པའི་ལས་ཁུངས་སོ་སོ་དང་མི་སྣ་དག་གིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱ་དགོས་པ་དང་། གལ་ཏེ་ཨར་ལས་སྡེ་ཚན་གྱིས་གང་འདོད་དུ་འཛུགས་སྐྲུན་ཁྲོད་ཀྱི་གད་སྙིགས་ཕྱོགས་གང་སར་འཕངས་པ་ཤེས་ཚེ། མྱུར་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་། གྲོང་རྡལ་ལམ་ལྗོངས་ཁུལ་དོ་དམ་ལས་ཁུངས་ལ་ཐེར་འདོན་གོང་ཞུ་བྱ་དགོས། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་ངམ་དོ་དམ་ཁྲོད་བྱས་རྗེས་བཞག་ཡོད་པའི་ལས་ཁུངས་དང་མི་སྒེར་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ངམ་ལྗོངས་ཁུལ་དོ་དམ་ལས་ཁུངས་ཀྱིས་གཟེངས་བསྟོད་དང་བྱ་དགའ་གནང་ངེས།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།