མཚོ་སྔོན་པོའི་མཚེའུ་དམར་པོར་གྱུར་བའི་ཐད་ཀྱི་གསལ་འདེབས་ཤིག
2017.04.18 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 26

སྤྱི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་ཉིན་གུང་མཚོ་སྔོན་པོའི་མཚོ་རྒྱུད་གླང་ཆེན་ཕྱེད་གླིང་གི་མཚེའུ་གློ་བུར་དུ་གློ་དམར་དུ་གྱུར་བའི་སྣང་ཚུལ་དེ་ཡུལ་དེའི་མང་ཚོགས་ཀྱིས་མཐོང་ནས་དེ་མུར་སྐད་འཕྲིན་ཐོག་བཀྲམས་པ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་ཐོབ་ཅིང་། མཚོ་སྔོན་པོ་དམར་པོ་གྱུར་སོང་ཞེས་པའི་གླེང་ཕྱོགས་འདྲ་མིན་མང་པོ་ཡང་རླུང་བཞིན་དུ་དྲ་ཐོག་ཏུ་ཁྱབ།

01_副本01.jpg
ངེད་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་བེད་སྤྱོད་ཅུས་ཀྱིས་གནས་ཚུལ་དེར་མཐོང་ཆེན་བྱས་ཏེ་མྱུར་དུ་རྟོག་ཞིབ་མི་སྣ་ཡུལ་དངོས་སུ་མངགས་ནས་བརྙན་དང་པར་བརྒྱབ་ཅིང་། མཚེའུ་རྒྱ་ཁྱོན་ཚད་འཇལ་དང་། ཆུ་དང་བྱེ་འདམ། རྩྭ་ལྡུམ་ལ་སོགས་པའི་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་འཚོལ་བསྡུ་བྱས་ནས་བརྟག་དཔྱད་ཞིབ་བསྡུར་བྱས་པ་དང་། སྨྱན་བྱད་ཚན་པའི་གསར་འགོད་ཁག་གདན་དྲངས་ནས་འབྲེལ་ཡོད་ཚན་པའི་ལས་ཀར་རྒྱུས་ལོན་གསལ་བོ་བྱས་ཐོག གནས་ཚུལ་ངོ་མ་དེ་ག་འདྲ་ཡིན་པ་ཇི་བཞིན་དྲང་བོར་བརྗོད་དེ་གླེང་ཕྱོགས་ཡང་དག་ཏུ་འཁྲིད་སྟོན་བྱས་པ་ཡིན།

མཚེའུ་འདི་ནི་གླང་ཆེན་མཚེའུ་དང་པོའི་ཕྱེད་གླིང་དུ་ཆགས་ཤིང་། གཞི་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་གཅིག་ལས་མེད་ལ། མཚོ་སྔོན་པོའི་མཚོ་ཆེན་དང་ཁ་ཁར་གྱེས་པའི་མཚེའུ་ཆུང་ཆུང་ཞིག་ཡིན། མཚེའུ་མཐའ་འཁོར་འབྲོག་པའི་རྩྭ་ས་དང་འབྲོག་ཁྱིམ་ཁོ་ན་ཆགས་པས་བཟོ་ལས་ཀྱི་འབག་བཙོག་ཐེབས་མི་སྲིད་ལ། སྣོད་བཅུད་གཏོར་བརླག་དང་འབག་བཙོག་གི་ཐད་ནས་ཡང་སྐྱོན་ཅི་ཡང་འབྱུང་མི་སྲིད། ལྷག་པར་ང་ཚོས་འཚོལ་སྡུད་བྱས་པའི་ཆུའི་མ་དཔེ་དེ་ཧ་ཅང་དྭངས་ཤིང་གསལ་ལ་དམར་པོའི་མདོག་གི་དྲི་མ་ཙམ་ཡང་མེད་པ་མཐོང་རྗེས་ད་གཟོད་མདོག་དམར་པོ་དེ་ནི་རྩྭ་ལྡུམ་དང་འདམ་ལ་འབྱར་བའི་དངོས་པོ་དམར་པོ་ཞིག་ལས་བསྐྱེད་པ་ངོས་ཟིན་བྱུང་བས། དུས་དང་པོར་ཀྲུང་གོ་ཚན་རིག་གླིང་ལ་འབྲེལ་བ་བྱས་ནས་མ་དཔེ་དག་ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་ཆུའི་སྐྱེས་དངོས་ཞིབ་འཇུག་ཁང་ལ་སྐྱེལ་བ་ཡིན། ད་སྐབས་ཞིབ་འཇུག་ཁང་དེས་ཚད་འཇལ་ངོས་འཛིན་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ཆེད་ལས་ལྟ་ཞིབ་ཚད་འཇལ་ལས་ཁུངས་ཀྱིས་ཀྱང་དངོས་པོ་དེ་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་ཡོད།

6156975_副本02.jpg
རིམ་བཞིན་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་བེད་སྤྱོད་ཅུས་ཀྱིས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་འབྲེལ་ཡོད་སྡེ་ཁག། ཚན་རིག་ཞིབ་འཇུག་གླིང་བཅས་བར་དམ་དུ་སྦྲེལ་ནས་ལྟ་ཞིབ་ཚད་འཇལ་གྱི་མཇུག་འབྲས་ལ་བརྡར་ཤ་བཅད་རྗེས་གང་མགྱོགས་སྒོས་སྤྱི་ཚོགས་སྟེང་བསྒྲག་ནས་དོགས་གཞི་གསལ་དཀྲོལ་བྱ་རྒྱུ་དང་། དུས་གཅིག་ཏུ་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་བེད་སྤྱོད་ཅུས་ཀྱིས་མངའ་ཁོངས་དེ་ལྟ་སྐུལ་ཚད་འཇལ་ལ་མུ་མཐུད་དུ་ཤུགས་བསྣན་ནས་མཚེའུ་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་དང་། ཀྲུང་གོ་ཚན་རིག་གླིང་གི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་བྱས་ནས་མཚེའུ་འགྱུར་ལྡོག་ཐད་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་གསལ་བོ་ཞིག་འཚོལ་ངེས་ཡིན། འདིར་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་བེད་སྤྱོད་ཅུས་ཀྱིས་མང་ཚོགས་རྣམས་ལ་ཞུ་རྒྱུ་ཞིག་ནི་ཆུ་སྣ་གར་འཁྲིད་ཀྱི་གཏམ་འདྲ་མིན་མི་སྨྲ་བར་དོན་དངོས་བདེན་འཚོལ་དང་ལུགས་མཐུན་ཡིན་མིན་ལ་དཔྱད་པ་ཡག་པོ་བཏང་ནས་སྐད་ཆ་སྨྲ་རྒྱུ་ནི་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་བེད་སྤྱོད་ཅུས་ཀྱིས་ཁྱེད་ཅག་ལ་བཅིངས་པའི་རེ་བ་ཆེན་པོ་ཡིན།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།