མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གནས་སྐོར་ཚོང་རའི་ཁོར་ཡུག་ལེག་བཅོས་དང་ཀ་ལྔ་རིམ་པའི་ལྗོངས་ཁུལ་སྲ་བརྟན་དང་རིམ་པ་སྤར་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།
2017.04.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

258.jpg

ཉེ་ལམ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གནས་སྐོར་ཚོང་རའི་ཁོར་ཡུག་ལེགས་བཅོས་དང་ཀ་ལྔ་རིམ་པའི་ལྗོངས་ཁུལ་སྲ་བརྟན་དང་རིམ་པ་སྤར་བའི་སྐུལ་སློང་ཚོགས་འདུ་བསྡུས། ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་གནས་སྐོར་མགོ་རྩོམ་པའི་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་དངོས་འབེབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཁུངས་ཀྱི་གོང་འོག་བར་གསུམ་གྱི་བསམ་བློ་གཅིག་གྱུར་ཡིན་པ་སྐུལ་སློང་བྱས་ནས་ནན་འཛིན་དོན་འཁྱོལ་བྱས་པ་དང་། ཧུར་ཐག་གིས་དཔལ་ཡོན་དང་འཆམ་མཐུན། གོ་རིམ་ཡོད་པ། བདེ་འཇགས་ཡིན་པའི་གནས་སྐོར་ཚོང་རའི་ཁོར་ཡུག་བསྐྲུན་ཏེ། མཚོ་སྔོན་པོའི་ཀ་ལྔ་རིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། མཚོ་སྔོན་པོའི་གནས་སྐོར་ལས་རིགས་རྒྱུན་མཐུད་དང་མགྱོགས་མྱུར། སྐྱོན་བྲལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱས།

དང་པོ། གནས་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་ཡིན་པ། གཅིག་ནི་སྒེར་གྱི་གནད་དོན་བཞི་དག་ཐེར་ལེགས་བཅོས་བྱེད་པ། “སྔ་མོ་ནས་སྔོན་འགོག་བྱེད་པ་དང་སྔ་མོ་ནས་གསར་རྙེད། དུས་ཐོག་ཏུ་ཁ་གཏད་འཇལ་བ། དུས་ཐོག་ཏུ་བཀག་འགོག་བྱེད་པ”བཅས་ཀྱི་རྩ་དོན་ལྟར། ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། མཐུན་སྦྱོར་མཉམ་འགུལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ས་གནས་ཀྱི་འགན་ནུས་སྡེ་ཁག་དང་མཐུན་སྦྱོར་བྱེད་པ་དང་། ནུས་ཤུགས་གཅིག་བསྡུས་བྱས་ཏེ་སྒེར་ངོས་ནས་གནས་སྐོར་གྱི་ལམ་བཏོད་པ་དང་རས་གུར་སོགས་གང་འདོད་སྒོས་ཕུབ་པ། སྒེར་ངོས་ནས་གནས་སྐོར་གནས་འཛུགས་པ། སྒེར་ངོས་ནས་ཚོང་འཕྲིན་བྱང་བུ་འགལ་བ་སོགས་ལྗོངས་ཁུལ་གྱི་སྣང་བརྙན་དང་གནས་སྐོར་བའི་རང་དབང་ལ་གནོད་པ་ཡོད་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། ལྗོངས་ཁུལ་གྱི་གནས་སྐོར་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་ཡར་སྐུལ་བྱས། གཉིས་ནི་སྒེར་ངོས་ཀྱི་གནས་སྐོར་གནས་འཛུགས་པ་དང་། གནས་སྐོར་པར་མགོ་བསྐོར་གཏོང་བའི་རླངས་འཁོར་དང་གནས་སྐོར་ཁང་། སྣེ་ཤན་པ་བཅས་ཀྱིས་བསླུ་བྲིད་དང་བརྙས་བཅོས་ཀྱི་བྱ་སྤྱོད་ལེགས་བཅོས་བྱེད་དགོས། མཉམ་འབྲེལ་ཁྲིམས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། གནས་སྐོར་ཚོང་རའི་བྱ་སྤྱོད་ངན་པ་དག་ལ་རྡུང་རྡེག་ནན་མོ་བྱས་ནས། གནས་སྐོར་པ་དང་གནས་སྐོར་ཚོང་ལས་གཉེར་མཁན། དེ་མིན་གནས་སྐོར་ལས་རིགས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། གནས་སྐོར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། གནས་སྐོར་ཞབས་ཞུའི་སྤུས་ཚད་དང་གནས་སྐོར་བའི་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཡིད་ཚིམས་ཚད་ཇེ་མཐོར་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་གནས་སྐོར་ཞུ་གཏུག་གཅིག་གྱུར་གྱིས་སྒྲུབ་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཞུ་གཏུག་བྱ་བ་དུས་ཐོག་ཏུ་ཐག་གཅོད་མི་བྱེད་པ་སོགས་རྩད་ཞིབ་ནན་མོ་བྱེད་དགོས། གསུམ་ནི་གནས་སྐོར་བར་བཙན་གྱིས་ཉོ་འཚོང་བྱེད་པར་ལེགས་བཅོས་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཟས་རིགས་ཚོང་ཟོག་ཉོ་འདྲེན་ལ་ཞིབ་བཤེར་དང་དཔང་ཡིག ཚོང་ཟོག་ནང་འདྲེན་གྱི་ཡིག་ཐོ། རིན་གོང་ཡོངས་བསྒྲགས། རིན་གོང་གསལ་བོར་འགོད་པ་སོགས་ཀྱི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་བཙན་གྱིས་ཉོ་འཚོང་བྱེད་པ། བསླུ་བྲིད་ཉོ་འཚོང་བྱེད་པ། དངོས་རྫས་རྫུན་མ་བཙོང་བ་དང་དེ་མིན་མགོ་སྐོར་གཏོང་བ་དང་གོ་ནོར་ཐེབས་སུ་འཇུག་པའི་སྐད་ཆ། ཡི་གེ འདྲ་པར་སོགས་ཀྱིས་གནས་སྐོར་པས་ལག་ནས་དངོས་རྫས་རིན་གོང་གང་འདོད་ཀྱིས་ལེན་པའི་མགོ་སྐོར་གྱི་བྱ་སྤྱོད་བཅས་ལ་རྡུང་རྡེག་ནན་མོ་བཏང་སྟེ། སེམས་བདེ་མོས་འཛད་སྤྱོད་བྱེད་པའི་གནས་སྐོར་ཉོ་འཚོང་ཚོང་རའི་ཁོར་ཡུག་བསྐྲུན་དགོས།

གཉིས་པ། ལྗོངས་ཁུལ་གྱི་གནས་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། གཅིག་ནི་འགྱིག་ཤོག་གི་གད་སྙིགས་གཅིག་བསྡུས་སྒོས་ལེགས་བཅོས་བྱེད་པ། ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་སློབ་གསོའི་བྱ་འགུལ་སྤེལ་ནས། སྡོད་ཁུལ་གྱི་སྡོད་དམངས་དང་ཁོར་ཡུག་སྲུང་སྐྱོབ་མི་སྣ། དང་བླངས་པ་སོགས་ཀྱི་སྣེ་ཁྲིད་ནས་ཧུར་ཐག་གིས་མཚོ་སྔོན་པོའི་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་དགོས། ལྗོངས་ཁུལ་གྱི་གཅིག་སྤྱོད་སྒྲོག་རས་དང་ཐུར་མ། ཇ་ཕོར། དེ་མིན་འགྱིག་ཤོག་ཁུག་མ་བཅས་བཀོལ་སྤྱོད་བྱེད་མཁན་གྱི་ཚོང་གཉེར་ཁྱིམ་ཚང་དག་ལ་ཐེངས་གཅིག་ལ་གཙང་བཤེར་བྱེད་རྒྱུ་ཡིན་པ། གཉིས་ནི་ས་གནས་གཙོ་བོའི་ཁོར་ཡུག་ལེགས་བཅོས་བྱ་བ་སྤེལ་དགོས་པ། མཚོ་སྔོན་པོའི་ལྗོངས་ཁུལ་ཁོར་ཡུག་སྲུང་སྐྱོབ་རུ་ཁག་བཙུགས་ཏེ། ཕྱོགས་ཡོངས་ནས་གླང་ཆེན་མཆེ་བ་རུ་དང་བྱ་གླིང་། བྱེ་གླིང་། ཀླུ་མོ་གཞོང་ལྗོངས་ཁུལ་བཅས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་བ་སྤེལ་ནས། ལྗོངས་ཁུལ་གྱི་ལམ་ངོས་དང་མཚོ་ངོས། གྱང་ངོས་གཙང་སྦྲ་ཡིན་པ་ཁག་ཐེག་བྱས་ཏེ། དངོས་པོ་གང་དགར་འཇོག་པ་དང་རས་གུར་གང་འདོད་སྒོས་ཕུབ་པ། དངོས་པོ་གང་འདོད་དུ་གཡུག་པ། གྱང་ངོས་སུ་གང་འདོད་དུ་འབྲི་བ་བཅས་ལེགས་བཅོས་ཀྱི་ཕན་འབྲས་སུ་སླེབས་སུ་འཇུག་དགོས། གསུམ་ནི་མཚོ་སྔོན་པོའི་ཆུའི་ཁོར་ཡུག་ལ་སྲུབ་སྐྱོབ་བྱེད་དགོས། མཚོ་སྔོན་པོའི་མཚོ་ངོས་དང་ཆུ་ལམ་སོགས་ཆུའི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དུས་ཐོག་ཏུ་མཚོ་ངོས་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ། མཚོ་སྔོན་པོའི་གནམ་མཁའ་སྔོ་ཞིང་ཆུ་བོ་གཙང་བའི་ཁོར་ཡུག་བསྐྲུན་དགོས། བཞི་ནི་ཧུར་ཐག་གིས་གསང་སྤྱོད་ཁང་གཙང་མ་འདོན་སྤྲོད་བྱེད་པ། ལྗོངས་ཁུལ་གྱི་གནས་སྐོར་གསང་སྤྱོད་ཁང་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་སྐུལ་འདེད་བྱས་ཏེ། གཟབ་ནན་སྒོས་འཕྲོད་བསྟེན་ཁང་གསུམ་པ་ལེགས་བཅོས་བྱེད་པའི་འགན་འཁྲི་དངོས་འབེབ་བྱས་ནས། ལྗོངས་ཁུལ་གྱི་གནས་སྐོར་གསང་སྤྱོད་དོ་དམ་ལམ་ལུགས་དང་འཕྲོད་བསྟེན་གཙང་སྦྲའི་ལམ་ལུགས་སོགས་འཐུས་ཚང་དུ་བཙུགས་ནས། ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཧུར་ཐག་གིས་ཉེ་འགྲམ་གྱི་མང་ཚོགས་དང་རྒྱ་ཆེའི་གནས་སྐོར་བས་གསང་སྤྱོད་ཁང་གཙང་མ་བཀོལ་སྤྱོད་བྱེད་དུ་བཅུག་སྟེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་ཡོན་ལྗོངས་ཁུལ་གྱི་སྣང་བརྙན་གསར་བ་བསྐྲུན་དགོས།

གསུམ་པ། ལྗོངས་ཁུལ་གྱི་དྲིལ་སྒྲོག་སྣེ་ཁྲིད་ནུས་པ་ཇེ་མཐོར་གཏོང་དགོས། གཅིག་ནི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་དམངས་ཕན་སྲིད་ཇུས་དང་མཚོ་སྔོན་པོའི་ལྗོངས་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། ལྗོངས་ཁུལ་གྱི“བཅའ་ཁྲིམས་གསུམ་དང་སྲོལ་ཡིག་བཞི”དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་བསམ་གཞིགས་བཅས་གཙོ་གནད་དུ་བཟུང་ནས་དྲིལ་སྒྲོག་བྱས་ཏེ། མཚོ་སྐོར་མང་ཚོགས་རྣམས་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་གནས་སྐོར་ཐོན་ཁུངས་ཀྱི་སྲིད་ཇུས་སྣ་ཚོགས་གཅིག་གྱུར་སྒོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་། ས་གནས་མང་ཚོགས་རྣམས་ཁྲིམས་ལྟར་ཞིང་སྡེའི་གནས་སྐོར་ཚོང་གཉེར་བྱ་བར་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་དགོས། མཚོ་སྔོན་པོ་སྐོར་བའི་གནས་སྐོར་གྱི་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་སྟེ། འཕྲིན་ཕྲན་དང་པོད་ཆུང་། ལག་འཁྱེར་འཕྲིན་ཐུང་། གསལ་འདེབས་བྱང་བུ་སོགས་བྱིན་ནས་གནས་སྐོར་པ་ཚད་ལྡན་གྱི་ལྗོངས་ཁུལ་དུ་ལྟ་སྐོར་དུ་འགྲོ་བ་སྣེ་ཁྲིད་བྱེད་དགོས། གཉིས་ནི་མི་ཚང་མ་ཀ་ལྔ་རིམ་པར་ཟབ་ཞུགས་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། རིགས་སོ་སོའི་གསར་འགྱུར་སྨྱན་བྱད་བེད་སྤྱོད་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་དགུས་མཚོ་སྔོན་པོའི་ཀ་ལྔ་རིམ་པའི་ལྗོངས་ཁུལ་སྲ་བརྟན་དང་རིམ་པ་སྤར་བའི་བྱ་བའི་ལག་བསྟར་གནས་ཚུལ་དང་བླངས་བའི་གྲུབ་འབྲས་དྲིལ་སྒྲོག་བྱེད་དགོས། “མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པར་ང་ཚོ་ཚང་མས་དང་ལེན་བྱེད་བཞིན་ཡོད”ཞེས་པའི་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་གི་བྱ་འགུལ་རབ་དང་རིམ་པ་མུ་མཐུད་དུ་སྤེལ་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་སེམས་ཁུར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། གསུམ་ནི་གནས་སྐོར་ལས་སྒོ་སོ་སོའི་གསོ་སྦྱོང་ལེགས་པོར་སྤེལ་དགོས། ལྗོངས་ཁུལ་གྱི་གནས་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་པོའི་ཞབས་ཞུ་ཚད་ལྡན་ཅན་གྱི་མ་ལག་དང་། ISO9000དངISO14000དོ་དམ། ཁོར་ཡུག་ཚད་ལྡན་མ་ལག་བཅས་དོན་འཁྱོལ་བྱས་ཏེ། ཧུར་ཐག་གིས་ལས་ཐོག་སྦྱོང་བརྡར་དང་རྩལ་ནུས་འགྲན་བསྡུར་སོགས་བྱ་འགུལ་སྤེལ་ནས། ལས་བཟོ་བའི་ཞབས་ཞུའི་འདུ་ཤེས་དང་བྱང་ཚད་ཇེ་མཐོར་གཏོང་བ་དང་། ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་དགོས། མཚོ་སྐོར་ཞིང་སྡེའི་གནས་སྐོར་གྱི་ལས་བཟོ་བའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་ཏེ། མཚོ་སྐོར་ཞིང་སྡེའི་གནས་སྐོར་ཚོང་གཉེར་དོ་དམ་མི་སྣ་དང་ལས་ཞུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ་དང་། ལྗོངས་ཁུལ་གྱི་གཅིག་ལ་གཅིག་བརྟེན་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་བོ་ཆགས་སུ་འཇུག་དགོས། བཞི་ནི་གླེང་ཕྱོགས་སྣེ་ཁྲིད་དང་དོ་དམ་ཚོད་འཛིན་བྱ་བ་བཟང་བོ་སྒྲུབ་དགོས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཆུའི་བདེ་འཇགས། ལྗོངས་ཁུལ་འཛུགས་སྐྲུན། གནས་སྐོར་ཚོང་ར། འགྲིམ་འགྲུལ་འགག་པ་སོགས་ཀྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་བྱས་ཏེ། ལྡོག་ཕྱོགས་ཀྱི་སྐད་ཆ་དང་དོན་དག་འབྱུང་བར་སྔོན་འགོག་བྱེད་དགོས།

བཞི། ལྗོངས་ཁུལ་གྱི་བདེ་འཇགས་ལ་ནུས་ལྡན་ཁག་ཐེག་ཡོད་པར་བྱེད་པ། གཅིག་ནི་གཙོ་གནད་ཀྱི་གནས་དང་སྒྲིག་ཆས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། མགྲོན་ཁང་དང་བཟའ་བཏུང་ལྟེ་གནས། གྲོང་གསེབ་བཅས་ཀྱི་ལྗོངས་རྒྱུ་སྣེ་ལེན་ས་ཚུགས་དང་། ལྗོངས་ཁུལ་གྱི་རྨང་གཞིའི་ཞབས་ཞུ་སོགས་ས་ཁུལ་གཙོ་བོར་ཁྱོན་ཡོངས་དང་གྲུ་ཟུར་གང་རུང་ལ་བདེ་འཇགས་རྐྱེན་ངན་ཡོད་མེད་ལ་ཞིབ་དཔྱད་གསལ་བོར་བྱེད་དགོས། ལྗོངས་ཁུལ་གྱི་ཟས་རིགས་དང་སྨན་རྫས། ལྗོངས་རྒྱུའི་རོལ་རྩེད་ཁང་གི་སྒྲིག་ཆས་དང་ལྗོངས་རྒྱུའི་ལྟ་སྐོར་རླངས་འཁོར། གློག་སྐས་སོགས་སྒྲིག་ཆས་ལ་བདེ་འཇགས་ཡིན་མིན་ལྟ་ཞིབ་དོ་དམ་བྱེད་དགོས། གཉིས་ནས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཤར་གཏོང་བྱེད་ཐུབ་པར་བྱེད་དགོས། གཙོ་བོ་རིག་སྨོན་ནས་མཆེ་བ་རིའི་ལྗོངས་ཁུལ་བར་དང་། གཞུང་ལམ་དུ་འགྲིམ་འགྲུལ་བཀོད་འདོམས། ལམ་སྟོན་བཅས་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་དགོས། འགྲིམ་འགྲུལ་གོ་རིམ་ཚད་ལྡན་དུ་བཏང་ནས་ལྗོངས་ཁུལ་དུ་རླངས་འཁོར་འགག་པར་སྔོན་འགོག་བྱེད་དགོས། གསུམ་ནི་བྲེལ་མྱུར་བྱ་བ་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏང་དགོས། “བདེ་འཇགས་ཐོན་སྐྱེད་ལ་དུས་ཀྱི་ངེས་གཏན་མེད་པ”“མངོན་མེད་རྐྱེན་ངན་ནི་དོན་རྐྱེན་ཡིན།” “བདེ་འཇགས་མེད་ན་འཕེལ་རྒྱས་མེད”པའི་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས། སྐབས་བསྟུན་འགོག་སྲུང་དང་མགོ་ཁྲིད་དཔུང་སྡེ་ཡིས་སྣེ་ཁྲིད་ལས་ཀའི་ལམ་ལུགས་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་ཆ་འཕྲིན་སྙན་ཞུའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཆེད་ལས་ལྗོངས་རྒྱུའི་སྐབས་བསྟུན་མྱུར་སྐྱོབ་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་འཕྲལ་སྒྲུབ་སྔོན་ཇུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཏང་སྲིད་འགན་མཉམ་འཁུར་དང་ལས་གཅིག་འགན་གཉིས། འགན་མཉམ་ལེན་དང་དོན་མཉམ་སྒྲུབ་བྱེད་པ། ལས་ཤོར་རྩད་གཅོད”བཅས་བྱེད་པའི་འགན་འཁྲིའི་མ་ལག་བཙུགས་ཏེ། རྒྱུན་ཆད་མེད་པར་ལྗོངས་རྒྱུའི་འཕྲལ་སྒྲུབ་རོགས་སྐྱོར་བྱེད་ཤུགས་ཇེ་མཐོར་བཏང་ནས། ནུས་ཤུགས་ཡོད་དགུས་བདེ་འཇགས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།