མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ་རྒྱལ་ཡོངས་ཀྱི“ཁྱད་ལྡན་མཚེའུ་གནས་སྐོར་དམིགས་བསལ་ས་ཁུལ”འཛུགས་སྐྲུན་མིང་མཛོད་ནང་བདམས་པ།
2017.05.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

2016ལོའི་ཟླ12པའི་ཚེས26ཉིན། གསར་འགོད་པས་ཁྱབ་བསྒྲགས་བྱས་པའི«“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད»ལས་ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། རང་རྒྱལ་གྱིས་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་གནས་སྐོར་དམིགས་བསལ་ས་ཁུལ་སྐོར་ཞིག་གསར་འཛུགས་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་སྣ་མང་ཅན་དང་ཁྱད་ལྡན་གནས་སྐོར་ཚོང་རའི་དགོས་མཁོ་སྐོང་རྒྱུ་རེད། དེའི་ནང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དེ་མཚེའུ་གནས་སྐོར་དམིགས་བསལ་ས་ཁུལ་གྱི་གྲས་སུ་ཚུད་ཡོད།

«འཆར་འགོད»ལས་ཁྱད་ལྡན་གནས་སྐོར་དམིགས་བསལ་ས་ཁུལ་ཆེན་པོ8འཛུགས་སྐྲུན་བྱེད་པ་ལ། རི་ཀླུང་གནས་སྐོར་དམིགས་བསལ་ས་ཁུལ་དང་གླིང་ཕྲན་གནས་སྐོར་དམིགས་བསལ་ས་ཁུལ། མཚེའུ་གནས་སྐོར་དམིགས་བསལ་ས་ཁུལ། བརླན་ས་གནས་སྐོར་དམིགས་བསལ་ས་ཁུལ། རྩྭ་ཐང་གནས་སྐོར་དམིགས་བསལ་ས་ཁུལ། བྱེ་ཐང་གནས་སྐོར་དམིགས་བསལ་ས་ཁུལ། གནའ་གྲོང་གནས་སྐོར་དམིགས་བསལ་ས་ཁུལ། དམངས་སྲོལ་གོམས་གཤིས་གནས་སྐོར་དམིགས་ཡུལ་ས་ཁུལ་བཅས་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་པོའི་མཚན་སྙན་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན་ནས་མཚོ་སྔོན་པོར་རླངས་འཁོར་བསྐོར་ནས་གནས་སྐོར་བྱེད་པ་དང་ལྕགས་རྟ་ཞོན་ནས་གནས་སྐོར་བྱེད་པ། རྐང་ཐང་དུ་གནས་སྐོར་བྱེད་པ། ཚན་རིག་ཞིབ་འཇུག་གནས་སྐོར་བྱེད་པ་བཅས་ཀྱི་གནས་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། 2016ལོའི་ཟླ6པར། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི་དྲུག་དང་སྟོང་བདུན་ལྷག་སྣེ་ལེན་བྱས། 2016ལོའི་ཟླ7པའི་ནང་གནས་སྐོར་བ་མི་ཐེངས་འབུམ་གཅིག་ཁྲི་བཞི་ལྷག་སྣེ་ལེན་བྱས་པས། མཚོ་སྔོན་པོའི་གནས་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་མཚོ་སྔོན་པོའི་མཛེས་ཉམས་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།