མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཏང་སྲོལ་སྲིད་གཙང་གི་བྱ་བའི་གྲོས་ཚོགས་བསྡུས།
2017.05.17 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 20

སྤྱི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཏང་སྲོལ་སྲིད་གཙང་གི་བྱ་བའི་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐེངས་ལྔ་བའི་ཏང་སྲོལ་སྲིད་གཙང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། འཆར་གཞི་འཛུགས་སྐྲུན་ཁྲུའུ་དང་། ལྗོངས་རྒྱུ་དོ་དམ་ཁྲུའུ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་བྱ་བར་དམིགས་ནས་བགྲོ་གླེང་དང་གཏམ་བཤད་སྤེལ་བ་དང་ཆབས་ཅིག ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན།བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་འགན་འཁུར་ཡི་གེ་སྟེང་མིང་རྟགས་བཀོད།

མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཅུའུ་ཀྲང་ཏུང་ཅིན་མིན་གྱིས་ཚོགས་ཐོག་ཏུ《དུས་བབ་གསལ་རྟོགས་དང་། གོ་སྐབས་དམ་འཛིན་གྱིས་མཚོ་སྔོན་པོ་དེ་ཞིང་ཆེན་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས》ཞེས་པ་བརྗོད་སྙིང་ཡིན་པའི་བྱ་བའི་སྙན་ཞུ་ཕུལ། སློབ་སྦྱོང་གཙོ་བོར་འཛིན་པར་འབད་པ་དང་། ཏང་ཡོན་དཔུང་སྡེའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྨང་གཞི་དམ་འཛིན་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ། འགན་འཁྲི་དམ་འཛིན་ནན་མོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་དམ་འཛིན་བྱས་ཏེ།ལྗོངས་ཁུལ་གྱི་ཕྱི་ཕྱོགས་མཚན་སྙན་མི་མཐུད་དུ་མཐོར་འདེགས་གཏོང་བ་དང་བྱེད་ཐབས་དམ་འཛིན་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་ཏེ། ཕྱོགས་དྲུག་གི་ཐད་ནས་ཉིས་སྟོང་བཅུ་དྲུག་ལོའི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། དངོས་ཡོད་གནད་དོན་དང་ཞན་ཆར་དབྱེ་ཞིབ་བྱས།

ཏུང་ཅིན་མིན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་མགོ་རྩོམ་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མིག་སྔར་ལ་ཁ་ཕྱོགས་པ་དང་།རྒྱང་རིང་ལ་དམིགས་ཏེ་ལས་དོན་ཡག་པོ་བསྒྲུབས་ནས་ཉིས་སྟོང་བཅུ་བདུན་ལོའི་ཏང་འཛུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་དགོས།

གཅིག སློབ་གསོ་ཡར་སྐུལ་བྱས་ཏེ་འཛུགས་སྐྲུན་གྱི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ།ཕྱོགས་ཡོངས་ནས་སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོའི་བྱ་བར་ཡར་སྐུལ་བྱས་ནས། སློབ་སྦྱོང་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།སློབ་གསོའི་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ།ཏང་ཡོན་ལས་བྱེད་པའི་ཆེད་ལས་གཞི་རྩའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དེ་ཏང་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཏུ་བརྩིས་ནས།ཕུགས་བསམ་གྱི་སློབ་གསོ་ཤུགས་ཆེར་གཏོང་བ་དང་།འགན་འཁྲིའི་ལམ་ལུགས་དངོས་འབེབ་བྱེད་པ།ཧུར་ཐག་གིས་མཚོ་སྔོན་པོའི་ལྗོངས་ཁུལ་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུར་ཁག་ཐེག་བྱེད་དགོས།

གཉིས་། རྨང་གཞི་སྲ་བརྟན་དུ་གཏོང་བར་ཡར་སྐུལ་བྱས་ཏེ་རྩ་འཛུགས་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས།ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཏང་ཡོན་གྱི་ཉིན་རྒྱུན་དོ་དམ་བྱ་བར་ཤུགས་སྣོན་དགོས།ཏང་འཛུགས་སྐྱོང་གི་འབྲེལ་གཏུག་ལམ་ལུགས་དང་ཏང་འཛུགས་བྱ་བའི་མཛུབ་སྟོན་མཁན་གྱི་ལམ་ལུགས་ནན་ཏན་སྒོས་ལེགས་བསྡུས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་ལ་དཔྱད་འཇོག་ཟབ་མོ་བྱེད་དགོས་པ་དང་། གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བའི་ཏང་འཛུགས་ལས་ཀའི་རྣམ་པ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།གཞི་རིམ་ཏང་འཛུགས་བྱ་བའི་ཐད་ཕན་འབྲས་དངོས་ཐོན་པར་ཡར་སྐུལ་བྱེད་དགོས།

གསུམ། སྤྱོད་ཚུལ་དག་ཐེར་དང་སྒྲིག་ལམ་ནན་སྲུང་བྱས་ཏེ། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་སློབ་གསོ་དང་དྲན་སྐུལ་སློབ་གསོ།ལས་གནས་ཀྱི་སྤྱོད་གཙང་གི་སློབ་གསོ་བཅས་གཏིང་ཟབ་དུ་སྤེལ་ནས་ཏང་ནང་གི་སྒྲིག་ལམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས།སྒྲིག་ཁྲིམས་དང་སྒྲིག་ལམ་སེམས་ལ་ངེས་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

བཞི། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་བརྟེན་ནས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།དཔེ་མཚོན་གྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་།ལས་བྱེད་པའི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་དགོས།ནུས་ཤུགས་ཆེན་པོ་བཏོན་ནས་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་ལ་བདམས་ཐོན་མ་བྱུང་བའི་བཅོས་སྒྲིག་བྱ་བ་དམ་འཛིན་ཟབ་མོ་བྱས་ཏེ།ཞན་ཆ་འཚོལ་བ་དང་དག་ཐེར་དམ་འཛིན།རིམ་པ་འཕར་བར་ཡར་སྐུལ་བྱེད་དགོས།ཚོགས་པའི་རྩ་འཛུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཕྱོགས་ཡོང་ནས་ལས་བྱེད་ལས་བཟོའི་རིག་གནས་ཀྱི་འཚོ་བ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ། བློ་མཐུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་བྱས་ནས་བྱ་བར་སྐུལ་འདེད་བྱེད་དགོས། ཅུའུ་ཏང་རྩ་འཛུགས་ཀྱི་ཚན་ཁག་གི་ཁོངས་མི་དང་ཅུའུ་ཁོངས་གཏོགས་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་།མཚོ་སྔོན་པོའི་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཐོ་རིམ་དོ་དམ་མི་སྣ་གྲོས་ཚོགས་སུ་ཞུགས་པ་དང་། ཅུའུ་རུ་སྡོད་པའི་སྒྲིག་བཤེར་ཚན་ཆུང་གི་ཚན་གཙོ་ལོས་ཅིན་ཀྲི་སོགས་ཚོགས་འདུར་ཞུགས།
                                                                                                                                                                                                                                                                                                                                                                                                                   ལོ་ཙཱ་བ། སྐར་མ་མཚོ།