ཀྲུང་གོའི་ཡུལ་སྐོར་ཉིན་མོར་མཚོ་སྔོན་པོའི་འགྲམ་རྒྱུད་དུ“མཛེས་སྡུག་གི་མཚོ་སྔོན”ཞེས་པའི་བྱ་འགུལ་སྤེལ་བ།
2017.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

1.jpg
ཀྲུང་གོའི་ཡུལ་སྐོར་ཉིན་མོར་མཚོ་སྔོན་པོའི་འགྲམ་རྒྱུད་དུ“མཛེས་སྡུག་གི་མཚོ་སྔོན”ཞེས་པའི་བྱ་འགུལ་སྤེལ་བའི་ཡུལ་དངོས།

ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། དྭངས་གསལ་གཡུ་མདོག་གི་མཚོ་སྔོན་པོའི་འགྲམ་དུ། ཞིང་ཆེན་ཡུལ་སྐོར་ཅུའུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“5.19”ཀྲུང་གོའི་ཡུལ་སྐོར་ཉིན་མོར་མཚོ་སྔོན་པོ་རུ་མཛེས་སྡུག་གི་མཚོ་སྔོན་ཞེས་པའི་བྱ་འགུལ་སྤེལ། མཚོ་སྔོན་པོའི་ལྷོ་ཕྱོགས་གླང་ཆེན་མཆེ་བ་རུ་ནས་བྱ་འགུལ་མགོ་བརྩམས་པ་དང་། དེ་ནི་རང་ཞིང་གི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”དྲིལ་སྒྲོག་བྱ་འགུལ་ཟི་ལིང་ས་ཁུལ་ལས་གནས་གཞན་དུ་སྤེལ་བའི་བྱ་འགུལ་ཐོག་མ་རེད།

བྱ་འགུལ་མ་སྤེལ་སྔོན་ལ། ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་གཞུང་ཕྱོགས་འཕྲིན་ཕྲན་དང་མཚོ་སྔོན་གསར་འགྱུར་དྲ་བ། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྱིས5.19ཀྲུང་གོའི་ཡུལ་སྐོར་ཉིན་མོར་ཆེད་དུ་གནས་སྐོར་བར་བརྟག་དཔྱད་དང་དུས་སྔོན་དྲིལ་སྒྲོག་བྱ་བ་སྤེལ། ཉིན་དེར། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་དུ་ལྗོངས་ཁུལ་དུ་ཡོང་ནས་མགོ་རྩོམ་པའི་མཛད་སྒོར་བལྟས་པ་མ་ཟད། མཛེས་སྡུག་གི་མཚོ་སྔོན་གྱི་རྣམ་པ་མངོན་པར་བྱས། གར་སྟེགས་སྟེང་དུ། མི་རིགས་ཀྱི་གྱོན་ཆས་གོན་པའི་ན་གཞོན་རྣམས་ཀྱི་གླུ་ལེན་གར་རྩེད་བྱེད་བཞིན་ཡོད་ལ། མཚོ་སྔོན་ཡན་ལག་ཚོགས་རའི་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་ལ་མཐོ་རླབས་གསར་བ་ཞིག་བསླངས་བར་མ་ཟད། མཚོ་སྔོན་པོའི་འགྲམ་རྒྱུད་ནས་མཛེས་སྡུག་གི་མཚོ་སྔོན་ཅེས་པའི་གླུ་གར་གྱི་མཆོད་པ་ཕུལ་བ་དང་། མཚོ་སྔོན་པོའི་རླབས་དཀར་གྱི་ཟེགས་མ་གླུ་གར་གྱི་རྒྱ་མཚོའི་དབུས་སུ་དལ་གྱིས་འཕྱོ།

3.jpg

མི་རིགས་གླུ་གར་གྱིས་ཀྲུང་གོའི་གནས་སྐོར་ཉིན་མོར་བསུ་མ་བྱེད་བཞིན་པ།

བྱ་འགུལ་གྱི་ཉིན་དེར། འབྲེལ་ཡོད་སྡེ་ཁག་གིས་ད་དུང་ཡུལ་སྐོར་བ་བརྒྱ་ལྷག་མཚོ་སྔོན་པོར་ཁྲིད་ཡོང་ནས་བྱ་འགུལ་དུ་ཞུགས་སུ་བཅུག་སྟེ། དྲིལ་སྒྲོག་ཉིན་མོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་། ཡུལ་དངོས་ཀྱི་སྤྲོ་སྣང་དེས་ཡུལ་སྐོར་བ་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པས། ཁོ་ཚོས་ཀྱང་དགའ་བའི་གླུ་ལེན་གར་རྩེད་བྱས་ཏེ་དུས་ཆེན་ལ་རོལ་མྱོང་བྱས། བྱ་འགུལ་དེས་ཡུལ་སྐོར་བ་རྣམས་ལ་སྤྲོ་སྣང་ལྡན་དུ་བཅུག་པ་དང་ཆབས་ཅིག ཀྲུང་གོའི་ཡུལ་སྐོར་ཉིན་མོ་དྲིལ་སྒྲོག་བྱས། དེ་ལས་གཞན། ལྗོངས་ཁུལ་དུ་ད་དུང“བདེ་ཐང་འཚོ་བ། སྤྲོ་སྐྱིད་གནས་སྐོར།”“དཔལ་ཡོན་གནས་སྐོར། ཁྱེད་དང་ང་ལ་ཕན”ཞེས་པའི་འཕྲེད་བྱང་བཀལ་ཡོད་པ་མ་ཟད། «ཡུལ་སྐོར་བཅའ་ཁྲིམས»དང«ཡུལ་སྐོར་དཔལ་ཡོན་སྤྱི་ཆིངས»སོགས་དྲིལ་སྒྲོག་རྒྱུ་ཆ་བཀྲམ། ཡུལ་སྐོར་པར་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལ་སྣེ་ཁྲིད་ནས། དཔལ་ཡོན་གྱི་ཡུལ་སྐོར་འདུ་ཤེས་ཇེ་མཐོར་བཏང་།

རྒྱུས་ལོན་པ་ལྟར་ན། ཉིན་དེར་རང་ཞིང་གི་ཡུལ་སྐོར་བྱ་འགུལ་དེ་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྤེལ་བཞིན་ཡོད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་སོ་སོ་དང་ཡུལ་སྐོར་ཁེ་ལས་ཀྱིས་ཀྱང་རྣམ་པ་མང་པོ་སྤྱད་ནས་ཡུལ་སྐོར་པར་གཟིགས་སྐྱོང་བྱེད་ཐབས་སྤྱད་དེ་དམངས་ཕན་དང་དམངས་བདེའི་བྱ་འགུལ་སྤེལ། ད་ལོ་ནི་ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཐེངས་ལྔ་བ་ཡིན་ལ། ཐེངས་འདིའི་བྱ་འགུལ་གྱི་བརྗོད་གཞི་ནི“དཔལ་ཡོན་གནས་སྐོར། བདེ་ཐང་འཚོ་བ”ཞེས་པ་དེ་རེད། མཛེས་སྡུག་གི་མཚོ་སྔོན་ཞེས་པའི་མིང་གྲགས་ཚད་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས། རང་ཞིང་གི་སྡེ་ཁག་མང་པོས་ཀྱང་ཀྲུང་གོའི་ཡུལ་སྐོར་ཉིན་མོ་གོ་སྐབས་སུ་བརྩིས་ཏེ། དཔལ་ཡོན་ཡུལ་སྐོར་གྱི་འདུ་ཤེས་དར་སྤེལ་བྱས་ནས། ཡུལ་སྐོར་ཁེ་ལས་ཀྱིས་བསམ་པ་རྣམ་དག་གིས་ཚོང་གཉེར་བྱེད་པ་སྐུལ་སློང་བྱས་པ་མ་ཟད། རྒྱ་ཆེའི་ཡུལ་སྐོར་མཁན་ཧུར་ཐག་གིས་དཔལ་ཡོན་ཡུལ་སྐོར་གསར་འཛུགས་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་ནང་མཁོ་རྒྱ་བསྐྱེད་ཚད་འདོན་སྤེལ་གང་ལེགས་བྱས་ནས། བྱང་ཚད་མཐོ་རུ་གཏོང་བ་དང་། རིག་གནས་རྒྱུད་འཛིན་བྱས་ཏེ། མང་ཚོགས་ཀྱི་ཡུལ་སྐོར་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཡུལ་སྐོར་ལ་དོ་སྣང་དང་ཡུལ་སྐོར་ཁྲོད་ཟབ་ཞུགས་བྱེད་པ། ཡུལ་སྐོར་ལ་རྒྱབ་སྐྱོར་བྱེད་པ། ཡུལ་སྐོར་ལ་སྐུལ་འདེད་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་བདེ་ཐང་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་བྱས་རྗེས་བཞག
 

ལོ་ཙཱ་བ། ཤ་བོ་རིན་མཚོ།