ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད།༼ཁག་གཉིས་པ།༽
2017.05.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 32

   ༼དཔུང་རྡང་མཉམ་གཤིབ་ཀྱིས་རི་ཆུ་ཀླུང་གསུམ་སྐྲུན་པ༽ལས་མཚོ་སྔོན་པོར་སོང་ནས་རང་བྱུང་བསླབ་ཚན་ཞིབ་འཇུག་ཁོར་སྲུང་དང་བླངས་ཞབས་ཞུའི་བྱ་འགུལ་མགོ་བརྩམས་པ།

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་གྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་པའི་བྱ་འགུལ་སྤེལ། ༼དཔུང་རྡང་མཉམ་གཤིབ་ཀྱིས་རི་ཆུ་ཀླུང་གསུམ་སྐྲུན་པ༽ལས་མཚོ་སྔོན་པོར་སོང་ནས་རང་བྱུང་བསླབ་ཚན་ཞིབ་འཇུག་ཁོར་སྲུང་དང་བླངས་ཞབས་ཞུའི་བྱ་འགུལ་དེ་མཚོ་སྔོན་པོའི་བྱ་གླིང་ནས་སྤེལ་མགོ་བརྩམས།མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ལེན་མི་སྣ་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་ཚབ་པ།

མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་བའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཁོར་སྲུང་སློབ་གསོ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གནས་སྐོར་པར་ལེན་མཐུན་ཚོགས་བཅས་ཀྱི་དང་བླངས་བའི་འཐུས་ཚབ་དང་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པ་བཅས་བསྡོམས་པའི་མི་བརྒྱ་དང་ཉི་ཤུ་བྱ་འགུལ་ནང་ཞུགས།

བྱ་འགུལ་མགོ་བརྩམས་པའི་ཉིན་དེར། ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་པའི་བརྗོད་གཞི་ལ་གྲོས་མཐུན་མིང་རྟགས་འགོད་པའི་བྱ་འགུལ་རྒྱ་བསྐྱེད་པ་དང་། ལོ་ཆུང་གདོང་ལེན་རུ་མིའི་འཐུས་ཚབ་པས་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་རྣམས་ལ་གྲོས་མཐུན་ཡི་གེ་བཀྲམ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་བྱང་ལམ་ཆེན་མོའི་སློབ་ཆུང་དང་མཁར་ནུབ་ཁུལ་ཧྲིན་ལས་ལམ་སློབ་ཆུང་གི་སློབ་མ་དྲུག་ཅུ་ལྷག་གིས་འདབ་ཆགས་ལ་ལྟ་སྐོར་བྱེད་སའི་ཁྱམས་རིང་དང་སོ་བྱའི་གླིང་ནས་འདབ་ཆགས་ཀྱི་དངོས་དཔེ་དང་སྨྱན་མང་བརྙན་ལམ། འདབ་ཆགས་ཀྱི་རིགས་ངོས་འཛིན་དང་རི་ཐང་ཀྲི་ཡི་ངོས་འཛིན་ལ་ལྟ་ཞིབ་བྱེད་པ་བཅས་ཀྱི་ཐབས་ལམ་བརྒྱུད། རང་བྱུང་བསླབ་ཚན་ལས་མཚོ་སྔོན་པོའི་སྐྱེ་ཁམས་མཛེས་སྡུག་ལྡན་པ་བདེན་དཔང་བྱེད་པའི་བྱ་རིགས་ལྟ་སྐོར་ཞིབ་འཇུག་གི་བྱ་འགུལ་རྒྱ་བསྐྱེད་པ་དང་། མཚོ་སྔོན་པོའི་བྱ་གླིང་མཐོ་རིམ་ཚན་རྩལ་གྱི་འདེགས་སྐྱོར་འོག་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཚད་ལེན་བྱ་བ་དང་གྲུབ་འབྲས་ལ་རྒྱུས་ལོན་བྱས། སློབ་བུ་ཚོས་ད་དུང་བྱ་གླིང་དུ་ས་སྨྱུག་གིས་རི་མོ་འབྲི་བའི་ཡུལ་དངོས་བྱ་འགུལ་སྤེལ་ནས། བྱིས་པའི་སྣང་ཚུལ་ཇི་བཞིན་བྱ་གླིང་གི་སྐྱེ་ཁམས་དང་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ངོས་འཛིན་དང་བསམ་གཞིགས་རི་མོའི་ལམ་ནས་བྲིས་ཏེ། ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ཀྱི་བསྟོད་སྔགས་མི་དམན་པ་ཐོབ་པ་མ་ཟད། བྱ་འགུལ་ཡུལ་དངོས་སུ་ད་དུང་སློབ་མས་ཡུལ་སྐོར་བ་རྣམས་ལ་རིག་གནས་ལྗོངས་རྒྱུ་རྒྱུད་སྒྲོག་དང་ལན་ཏུའུ་ཏུའུ་མཚོ་སྔོན་པོའི་དྲན་རྟེན་འོས་འཚོང་བྱ་འགུལ་བསྡུས། འོས་འཚོང་གི་ཡོངས་འབབ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩར་ཕུལ་བ་དང་། ལྗོངས་ཁུལ་མཐའ་སྐོར་གཞུང་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་འཐུ་བ་སོགས་ཀྱི་ཁོར་སྲུང་དང་བླངས་བྱ་འགུལ་རྒྱ་བསྐྱེད། བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། བྱིས་པ་རྣམས་རང་བྱུང་དང་འདྲིས་ཤིང་། ཤེས་རྒྱ་དང་མཐོང་རྒྱ་བསྐྱེད་ཐུབ་པ་བྱུང་ལ། ཉམས་མྱོང་དངོས་བརྒྱུད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་སོང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་བྱས།

 ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད།༼དཔུང་རྡང་མཉམ་གཤིབ་ཀྱིས་རི་ཆུ་ཀླུང་གསུམ་སྐྲུན་པ༽ལས་མཚོ་སྔོན་པོར་སོང་ནས་རང་བྱུང་བསླབ་ཚན་ཞིབ་འཇུག་ཁོར་སྲུང་དང་བླངས་ཞབས་ཞུའི་བྱ་འགུལ་ནི་མཚོ་སྔོན་པོའི་ཡུལ་སྐོར་མཛེས་ལྗོངས་ཀྱི་དོ་དམ་ཅུའུ་མཉམ་འབྲེལ་སྒོས་བསྒྲུབ་བཞིན་པའི་མཚོ་སྔོན་པོའི་བྱ་གླིང་ཡུལ་སྐོར་དུས་ཚིགས་དང་མཐའ་འཁོར་ཀུན་དུ་སྒོ་ཕྱེས་པ་དང་། ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་པའི་བརྗོད་གཞི་ཁྱབ་བསྒྲགས་བྱས་པ་དང་།མཚོ་སྔོན་པོ་རྒྱལ་ཁབ་སྐྱེ་ཁམས་ལྟ་སྐོར་གྱི་མིག་དཔེར་དང་།མཚོ་སྔོན་ཞིང་ཆེན་ན་གཞོན་སྐྱེ་ཁམས་ཞིབ་འཇུག་ལག་ལེན་གྱི་རྟེན་གཞི་ཡི་སྐྱེ་ཁམས་ཚན་རིག་སློབ་གསོ་ནུས་པ་འདོན་སྤེལ་བྱས།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་གྱིས་སྐྱེ་ཁམས་ཞིབ་འཇུག་གི་ལག་ལེན་བྱ་འགུལ་སྤེལ།དམིགས་ཡུལ་ནི་ན་གཞོན་མང་བོའི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་འདུ་ཤེས་གསོ་སྐྱོང་བྱེད་པ་དང་།བྱིས་པ་ཚོ་མཚོ་སྔོན་པོར་བསྐྱོད་པར་སྐུལ་མ་བྱེད་པ་དང་།མཚོ་སྔོན་པོར་རྒྱུས་ལོན་བྱེད་པ།  མཚོ་སྔོན་པོར་དགའ་བ།རང་བྱུང་བསླབ་ཚན་ལས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་པ།ཆུང་དུས་ནས་བཟུང་ཕ་ཡུལ་ལ་དགའ་བའི་འདུན་མ་གསོ་སྐྱོང་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་འདུ་ཤེས་ལ་དོ་སྣང་བྱེད་དགོས་པ་དང་།ལྗང་མདོག་གི་འཕེལ་རྒྱས་ཀྱི་བསམ་བློ་བརྒྱུད་སྒྲོག་བྱེད་དགོས།

རྗེས་ཕྱོགས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོདཅེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོར་བརྩིས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལོ་ན་ཆུང་བ་དག་བདེ་ཐང་ངང་འཚར་ལོངས་ཡོང་བ་ནི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན་པར་བསྟན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་།རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད།༼དཔུང་རྡང་མཉམ་གཤིབ་ཀྱིས་རི་ཆུ་ཀླུང་གསུམ་སྐྲུན་པ༽་ནི་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་བ་དང་། དཔུང་རྡང་མཉམ་གཤིབ་ཀྱིས་ཁྱིམ་ཚང་གི་ཁོངས་མིར་སྐུལ་ཁྲིད་དང་སྤྱི་ཚོགས་ཀྱི་དམངས་ཡོང་མཉམ་ཞུགས་ཀྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་མཚོ་སྔོན་པོ་འཛུགས་སྐྲུན་བྱེད་པ་བཅས།

 ལོ་ཙཱ་བ། རྟ་མགྲིན་སྐྱབས།