མཚོ་སྔོན་པོའི་མཚོ་རིས་ཚད་མཇལ་རིས་འབྲི་བཟོ་སྐྲུན་བདེ་བླག་ངང་འགྲུབ་པ།
2017.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་པོའི་མཚོ་རིས་ཚད་མཇལ་རིས་འབྲི་བཟོ་སྐྲུན་མགོ་རྩོམ་པའི་མཛད་སྒོ་དེ་མཚོ་སྔོན་པོའི་གླང་ཆེན་མཆེ་བ་ཡུལ་ལྗོངས་ཁུལ་གྱི་གྲུ་ཁ་ནས་འཚོགས།

བཟོ་སྐྲུན་འདིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བྱང་ཕྱོགས་མཚོ་འགྲུལ་སྲུང་སྐྱོབ་ལྟེ་གནས་དང་། ལྷོ་ཕྱོགས་མཚོ་འགྲུལ་འགན་སྲུང་ལྟེ་གནས། ཐེན་ཅིན་ཆུ་ཐོག་སྐྱེལ་འདྲེན་རྟོག་ཞིབ་ཇུས་འགོད་ཁང་། ཀྲུང་གོའི་འགྲིམ་འགྲུལ་མཚོ་ཐོག་སྐྱེལ་འདྲེན་དང་པོ་སོགས་ལས་ཁུངས་ཀྱིས་རྩ་འཛུགས་ལག་བསྟར་བྱས་པ་ཡིན་ལ། འཆར་གཞི་ནི་ཟླ་གཉིས་ཀྱི་རིང་ལ་མཚོ་སྔོན་པོའི་གླང་ཆེན་མཆེ་བ་ཡུལ་ལྗོངས་ཁུལ་གྱི་ལྟེ་བའི་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱའི་ཁྱབ་ཁོངས་ནང་དུ། གླང་ཆེན་མཆེ་བ་ཡུལ་ལྗོངས་ཁུལ་གྱི་གྲུ་ཁ་ནས་ཉ་ལས་ར་བའི་1:30000སྡུར་ཚད་དང་གླང་ཆེན་མཆེ་བ་ཡུལ་ལྗོངས་ཁུལ་གྱི1:5000སྡུར་ཚད་གཉིས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་མཚོ་རིས་ཚད་མཇལ་རིས་འབྲི་བྱ་བ་ལེགས་འགྲུབ་བྱུང་། 

མཚོ་སྔོན་པོར་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡི་མཚན་སྙན་ཐོབ་ཡོད་པ་དང་། ལོ་རེར་གནས་སྐོར་བ་ས་ཡ་གཅིག་ལྷག་གནས་འདིར་ཡོང་ནས་མཐོ་སྒང་གི་ཁྱད་མཚར་བའི་མཛེས་སྡུག་འདི་ལ་རོལ་མྱོང་བྱེད་བཞིན་ཡོད། ཡིན་ནའང་། མཚོ་སྔོན་པོའི་ཆུ་ཁོངས་མཚོ་དོན་ལྟ་རྟོག་དོ་དམ་གྱི་རྨང་གཞི་ཞན་པ་དང་། མཚོ་སྔོན་པོའི་ཆུ་ཐོག་སྐྱེལ་འདྲེན་བདེ་འཇགས་ནུས་པ་མི་འདང་བའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་གཉིས་ཀྱིས་ཚད་མཐོན་པོའི་གདེང་འཇོག་བྱས་པ་བརྒྱུད་དེ། ཤུགས་ཆེན་པོའི་སྒོ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་ཁོངས་གཏོགས་མཚོ་དོན་སྡེ་ཁག་ལ་བྱ་བ་སྙན་ཞུ་བྱས་ནས་ལས་གཞི་བརྩོན་ལེན་བྱས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་མཚོ་དོན་ཅུའུ་ཡི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག མཚོ་སྔོན་པོའི་མཚོ་རིས་ཚད་འཇལ་རིས་འབྲི་བཟོ་སྐྲུན་ལས་གཞི་དངོས་འབེབ་བྱེད་ཐུབ་པ་བྱུང་། 

མཚོ་སྔོན་པོའི་མཚོ་རིས་ཚད་འཇལ་རིས་འབྲི་བཟོ་སྐྲུན་ཡོངས་འགྲུབ་བྱུང་ན། དེ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་མཚོ་རིས་དང་གློག་རྡུལ་མཚོ་རིས་ཨང་དང་པོ་དེ་ཡིན་ལ། མཚོ་སྔོན་པོའི་ཆུ་ཁོངས་སུ་ཚད་ལྡན་ཅན་གྱི་མཚོ་རིས་དང་གློག་རྡུལ་མཚོ་འགྲུལ་རི་མོ་མེད་པའི་སྟོང་ཆ་བསྐང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག དེའི་རྨང་གཞིའི་སྟེང་ད་ལྟ་ལས་ཡོད་པའིGPSདང་། བརྙན་རིས་ལྟ་རྟོག་སོགས་ཀྱི་མ་ལག་ལེགས་སྒྲིག་བྱས་ཏེ། མཚོ་སྔོན་པོའི་བརྡ་འཕྲིན་ཅན་གྱི་ལྟ་རྟོག་དོ་དམ་སྟེགས་བུ་ལ་བརྟེན་ནས་མཚོ་སྔོན་པོའི་མཚོ་འགྲུལ་ཆུ་ཁོངས་སུ་གྲུ་འཇོག་ས་དང་གྲུ་བགྲོད་སའི་བདེ་འཇགས་ལ་ཡིད་བརྟེན་ཆོག་པའི་གྲངས་ཀའི་རྨང་གཞི་འདོན་སྤྲོད་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་པོའི་མཚོ་ཁོངས་ཀྱི་ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས་ལྟ་རྟོག་དོ་དམ་དང་བྲེལ་མྱུར་འགན་སྲུང་ནུས་པ་ཇེ་མཐོར་བཏང་སྟེ། མཚོ་སྔོན་པོའི་གྲུ་འཇོག་སའི་བདེ་འཇགས་ལ་སྟོབས་དང་ལྡན་པའི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས། 

ལོ་ཙཱ་བ། ཚེ་རིང་སྒྲོལ་མ།