མཚོ་སྔོན་པོའི་ཉེ་འགྲམ་གྱི་རི་ཁུལ་ནས་རི་དྭགས་སྲུང་སྐྱོབ་ས་ཚིགས་འཛུགས་པའི་འཆར་གཞི་ཡོད།
2017.06.06 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 23

རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད་པའི་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་ལ་མཚོན་ན། ད་ལྟ་གྲངས་ཀ་སོགས་ཀྱི་ཆ་ནས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་ནས། དགོ་དམར་གྱི་འཚོ་བ་རོལ་སྟངས་དང་འཚོ་སྡོད་བྱེད་སྟངས་སོགས་མི་རྣམས་ཀྱིས་རྒྱུས་ལོན་བྱས་ཏེ།  མ་འོངས་པར་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་ལ་སྲུང་སྐྱོབ་གང་ལེགས་བྱས་པ་བརྒྱུད། དགོ་དམར་གྱི་གྲངས་ཀ་སྔར་ལས་ཀྱང་ཇེ་མང་དུ་འགྲོ་རྒྱུ་དང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད་པའི་མཚོ་སྔོན་པོའི་མཐའ་འཁོར་གྱི་རི་ཁུལ་དུ་དགོ་དམར་དམིགས་སུ་བཟུང་ནས། རི་དྭགས་སྲུང་སྐྱོབ་ས་ཁུལ་འཛུགས་རྒྱུའི་འཆར་འགོད་ལག་བསྟར་བྱས་ནས། དགོ་དམར་སྲུང་སྐྱོབ་ཀྱི་བྱ་བ་སྔར་ལས་ཀྱང་གྲུབ་འབྲས་ལྡན་པའི་སྒོ་ནས་སྤེལ་དགོས།   
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་དང་། རང་བྱུང་སྲུང་སྐྱོབ་དོ་དམ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་རི་ཁུལ་དུ་དགོ་དམར་དམིགས་སུ་བཟུང་ནས་མིའི་རིགས་ཀྱི་བར་ཆད་དང་ལྐོག་གསོད་སོགས་མེད་པའི་རི་དྭགས་སྲུང་སྐྱོབ་ས་ཁུལ་འཛུགས་རྒྱུ་དང་བསྟུན་ནས། དགོ་དམར་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་ཅན་དུ་གཏོང་རྒྱུར་འབད་པ་བྱེད་བཞིན་ཡོད་པ་དང་།  རི་ཁུལ་གྱི་རི་དྭགས་སྲུང་སྐྱོབ་ས་ཚིགས་ཟེར་བ་ནི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་པོའི་ཉེ་འགྲམ་ས་ཁུལ་དུ་རྩྭ་ཆུ་འཛོམས་པའི་ས་ཆ་ཞིག་བདམས་རྗེས། མཚོ་མཐའི་ཡུལ་སྐོར་བ་རྣམས་ཀྱིས་རྒྱང་གཟིགས་བྱས་ཆོག་པའི་དགོ་སྐྱའི་སྲུང་སྐྱོབ་ས་ཚིགས་ཞིག་འཛུགས་འདོད་པ་ཡིན་ལ། དེ་ནི་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྐྱེ་ཁམས་རང་བཞིན་གྱི་ཡུལ་སྐོར་རྣམ་གྲངས་ཞིག་ཡིན། 

མཚོ་སྔོན་པོའི་མཐའ་འཁོར་གྱི་རི་ཁུལ་དུ་དགོ་དམར་སྲུང་སྐྱོབ་ས་ཚིགས་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད་པའི་དགོ་དམར་ལ་སྲུང་སྐྱོབ་བྱ་འདོད་པ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་པོའི་ཉེ་འགྲམ་ས་ཁུལ་དུ་རྩྭ་ཆུ་འཛོམས་པའི་ས་ཆ་ཞིག་བདམས་རྗེས། དགོ་དམར་གྱི་འཚོ་བ་རོལ་སྟངས་དང་གོམས་གཤིས་སོགས་ལ་འགྱུར་ལྡོག་རྩ་བ་ནས་མ་བཏང་བར་མཚོ་མཐའི་ཡུལ་སྐོར་བ་རྣམས་ཀྱིས་རྒྱང་གཟིགས་བྱས་ཆོག་པའི་དགོ་སྐྱའི་སྲུང་སྐྱོབ་ས་ཚིགས་ཞིག་འཛུགས་རྒྱུ་ཡིན་པ་དང་། གཞན་ཡང་མཚོ་སྔོན་པོའི་ཉེ་འགྲམ་དུ་དགོ་དམར་ལྐོག་གསོད་བྱེད་མཁན་སོགས་ཀྱང་རྩད་གཅོད་ནན་མོ་བྱེད་རྒྱུ་རེད།