མཚོ་སྔོན་པོའི་རྒྱལ་སྤྱིའི་རྐོས་བརྙན་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ལྗོངས་རྒྱུའི་དུས་ཚིགས་ཀྱི་འགོ་བརྩམས་པ།
2017.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 ཟླ་6ཚེས་17ཉིན་གྱི་ཕྱི་དྲོར། 2017ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་རྐོས་བརྙན་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ལྗོངས་རྒྱུའི་དུས་ཚིགས་མཚོ་སྔོན་པོའི་བྱེ་གླིང་དུ་མགོ་བརྩམས་པའི་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཁྱོན་བསྡོམས་རྐོས་བརྙན་གཙོ་བོ་གཅིག་དང་བྱེ་རྐོས་རྟག་པ་གསུམ། གཞོག་འདེགས་ཀྱི་རྐོས་བརྙན་དགུ་བཅས་ཡོད་ལ། "མཚོ་སྔོན་པོ་ང་ཚོའི་གཞིས་ཁྱིམ"དང་"ཚེ་སྲོག་གི་འབྱུང་ཁུངས"སོགས་ས་གཞི་ཆེན་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་ལྔ་བཏོན་ནས། གཙོ་བོ་དར་གོས་ཚོང་ལམ་ནུབ་རྒྱུད་ཀྱི་སྐྱེ་ཁམས་དང་ལོ་རྒྱུས་མངོན་ཆེད་ཡིན་པ་དང་། མཚོ་སྔོན་པོའི་རང་བྱུང་གི་མཛེས་པ་དང་རིག་གནས་ཀྱི་མཛེས་པ། སྐྱེ་ཁམས་ཀྱི་མཛེས་པ་དང་འཆམ་མཐུན་གྱི་མཛེས་པ་སོགས་བཏོན་ཏེ། ལྗོངས་རྒྱུའི་ས་ཚིགས་ཀྱི་མིང་གྲགས་ཇེ་ཆེར་གཏོང་བ་དང་ཚོང་རྟགས་ཀྱི་སྣང་བརྙན་གསར་བསྐྲུན་བྱས་ནས། ལྗོངས་རྒྱུའི་ལས་རིགས་ཀྱི་རྒྱུན་སྲིང་རང་བཞིན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་པ་རེད།

ཡུལ་སྐོར་བ་ཝང་ཅེ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་མི་ཞིག་ཡིན་པའི་ཆ་ནས། སྔོན་ཆད་མཚོ་སྔོན་པོའི་རྐོས་བརྙན་ལ་བལྟ་རུ་འགྲོ་མ་ཐུབ་པས་འགྱོད་སེམས་སྐྱེས་ལ། དེ་རིང་ཆེད་ཏུ་ཁྱིམ་མི་འཁྲིད་ནས་ཡོང་བ་ཡིན། རྐོས་བརྙན་ལ་མཚོ་སྔོན་གྱི་གྲུབ་ཆ་མང་པོ་ལྡན་པ་སྟེ། དཔེར་ན། གེ་སར་རྒྱལ་པོ་དང་། རྒྱང་ཐག་རིང་བའི་ས་ཆ་དེ་ན་ཞེས་པ་སོགས་ལྟ་བུ་དང་། ད་དུང་དར་གོས་ཚོང་ལམ་བརྗོད་བྱར་བྱས་པའང་ཡོད་པས། ཕྱོགས་གཅིག་ནི་རང་བྱུང་ཁམས་ཀྱི་སྒྱུ་རྩལ་ཏེ། མཚོ་སྔོན་པོ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་སྒྱུ་རྩལ་པའི་རྐོས་བརྙན་རེད། དེ་དག་དངོས་གནས་ལྟ་བས་མི་ངོམས་པ་ཞིག་རེད་ཟེར།
མཚོ་སྔོན་པོའི་རྒྱལ་སྤྱིའི་རྐོས་བརྙན་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ལྗོངས་རྒྱུའི་དུས་ཚིགས་ནི་མཚོ་སྔོན་པོའི་རིག་གནས་དང་དུས་ཆེན་གྱི་ཚོང་རྟགས་ལྟ་བུ་ཞིག་ཡིན་པའི་ཆ་ནས། 2007ལོ་ནས་ད་བར་དུ་ཁྱོན་བསྡོམས་བྱ་འགུལ་ཐེངས་དགུ་བདེ་བླགས་ངང་སྤེལ་ཡོད་ལ། བྱ་འགུལ་ཐོག་མཚོ་སྔོན་པོའི་བྱེ་གླིང་གི་རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་མངོན་ནས། ལྗོངས་རྒྱུའི་ནང་དོན་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཡོད་པ་རེད།
 

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།