མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱིས་ཆེས་ཐོག་མར་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་ནང་འདྲེན་བྱས་པ།
2017.06.26 ཁུངས། མཚོ་སྔོན་པོ་དོ་དམ་སྲུང་སྐྱོབ་དྲ་བ། ཀློག་གྲངས། 18
ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་ཀྲུང་གོ་སྐབས་བརྒྱད་པའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་འཚོང་ཚོང་གཏམ་གྲོས་ཚོགས་སྟེང་། མཚོ་སྔོན་པོ་གནས་སྐོར་ཀུང་ཟི་དང་། ཚོང་འགུག་ཅུའུ་ཀྲུང་གོ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཏཱ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཀྱིས་སོ་སོར་འཐབ་ཕྱོགས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་མ་དངུལ་དེ་སྒོར་མོ་དུང་ཕྱུར་གསུམ་ལྷག་ལ་སླེབས་ཡོད། དེའི་ནང་ཚོང་འགུག་ཅུའུ་ཀྲུང་གོ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིར་སྒོར་མོ་དུང་ཕྱུར་གཉིས་དང་། མཚོ་སྔོན་ཏཱ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིར་སྒོར་མོ་དུང་ཕྱུར་གཅིག་ལྷག་ཐོབ་སྟེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཚོགས་པ་ནས་མཚོ་སྔོན་པོའི་ཡུལ་ལྗོངས་དོ་དམ་ཅུའུ་ལ་མིང་རྟགས་འགོད་མཁན་མེད་པའི་ལོ་རྒྱུས་དེ་མཇུག་རྫོགས། 
ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དུ་མིང་རྟགས་འགོད་པའི་ལས་གཞི་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་ཆེད། ཟླ་དྲུག་པའི་ཟླ་མགོར་མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཏུང་ཅིན་མེན་དང་། མཚོ་སྔོན་པོ་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུ་ཧྲུའུ་ཅི། འགོ་གཙོ་ཧྥང་ཀྲི་གཉིས་པེ་ཅིན་དུ་ཡོད་པའི་ཚོང་འགུག་ཅུའུ་ཀྲུང་གོ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིར་སོང་ནས་མཉམ་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འབྲེལ་ཡོད་བྱ་བའི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས། ཚོང་འགུག་ཅུའུ་ཀྲུང་གོ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་ནི་ཆེད་དུ་དངུལ་གཏོང་དང་མ་དངུལ་དོ་དམ་གྱི་བྱ་བ་གཉེར་བའི་ཁེ་ལས་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། ཚོང་འགུག་ཅུའུ་ཡི་མ་དངུལ་དོ་དམ་སྤྱིའི་ཐོན་ཚད་དེ་ཕལ་ཆེར་སྒོར་མོ་དུང་ཕྱུར་སྟོང་གཉིས་དང་བཞི་བརྒྱ་རེད། མཚོ་སྔོན་ཏཱ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལྷག་ཐོ་འགོད་བྱས་པ་དང་། དེ་ནི་གཙོ་བོ་ལོག་དཀར་འདེབས་འཛུགས་དང་། སྣུམ། ཞིང་ཞོར་ཐོན་རྫས་ཉོ་བསྡུ་ཕྱིར་འཚོང་བྱེད་པ། དངོས་པོ་སྐྱེལ་འདྲེན་བྱེད་པ། གློག་རྡུལ་ཚོང་དོན། སྤྱིར་བཏང་གི་གཞུང་ལམ་སྟེང་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་ཀའི་སྟེང་བཀོལ་རྒྱུ་རེད།
མཚོ་སྔོན་པོ་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཁེ་ལས་ཀྱི་མ་དངུལ་བུ་ལོན་བསྐྱིས་བ་མང་བ་དང་། ལས་གཉེར་དོ་དམ་མི་སྣ་ཉུང་བ། བཅོས་སྒྱུར་གསར་སྐྲུན་དང་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་བ་རེད། ཐེངས་འདིར་ཚོང་འགུག་ཅུའུ་ཀྲུང་གོ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཏཱ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་པོ་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཁོར་བསྐྱོད་མ་དངུལ་ཇེ་མང་དང་། ཁེ་ལས་ཀྱི་དོ་དམ་ཇེ་བཟང་དུ་བཏང་སྟེ། ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་བྱས་ནས་ཚོང་རྭར་ཞུགས་པར་ཡར་སྐུལ་བྱས་ནས། ཁྱད་སྟོབས་ཕན་ཚུན་གསབ་རེས་བྱས་ཏེ་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། གཉིས་ཕན་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་། 
 
ལོ་ཙཱ། ཚེ་རིང་སྒྲོལ་མ།