2017ལོའི་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ལ་ཁྱད་ཆོས་ཆེན་པོ་གསུམ་ལྡན་པ།
2017.07.20 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 17

 
ཟླ7ཚེས15ཉིན་སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟའི་འགྲན་བསྡུར་དེ་ལོ་ཏུའུ་རྫོང་དུ་སྤེལ་འགོ་བརྩམས། ཚེས16ཉིན་ནས་བཟུང་ཨེ་ཤ་ཡའི་རྩེར་སོན་གྱི་ལྕགས་རྟའི་འགྲན་བསྡུར་དེས་འགྲན་བསྡུར་གྱི་ཉིན་མོ་བསུས་ནས། རྩལ་འགྲན་རང་བཞིན་དང་ལྟད་མོའི་རང་བཞིན་གཞི་གཅིག་ཏུ་འདུས་པའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་རིན་ཐང་ཆེན་པོ་གསུམ་ལྡན་ཡོད།

འགྲན་བསྡུར་ཁྲོད་མུ་མཐུད་འགྲན་སློང་གི་རྣམ་པ་རྒྱུན་འཁྱོངས་བྱས་པ།

ད་ལོའི་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་སུམ་སྟོང་སུམ་བརྒྱ་ཞེ་བདུན་ཡོད་པ་དང་། འགྲན་བསྡུར་ལམ་ཐག་ལ་སྤྱི་ལེ་ཉིས་སྟོང་དང་ཞེ་གཉིས་ཡོད། མཚོ་སྔོན་གྱི་མངའ་ཁོངས་སུ་འགྲན་བསྡུར་ལམ་དུམ་བརྒྱད་ལྷག་ཡོད་པ་དེ་སྐབས་སྔོན་མ་ལས་འགྲན་བསྡུར་ལམ་དུམ་གཅིག་གིས་ཇེ་མང་དུ་སོང་ཡོད་པ་དང་། ཀན་སུའུ་རུ་འགྲན་བསྡུར་ལམ་དུམ་གཉིས་ལྷག་དང་ཉིན་ཞ་རུ་འགྲན་བསྡུར་ལམ་དུམ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཐེངས་འདིའི་འགྲན་སྡུར་ལ་འགྲན་ཞུགས་ལྕགས་རྟའི་རུ་ཁག22ཡོད།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཉིན་གྱིས་བཤད་རྒྱུར། འགྲན་བསྡུར་ཁྲོད་ས་བབ་མཐོ་ཞིང་། རིམ་པ་གཅིག་པའི་འགྲན་བསྡུར་གྱི་བྱ་དགའི་མ་དངུལ་མང་བ། གཞི་ཁྱོན་ཆེ་བ། བར་ཐག་རིང་བ། ཉིན་མང་བ། འགྲན་སློང་ཆེ་བ་བཅས་ཀྱི་ཁྱད་ཆོས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད་ཟེར།

ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་ཁྲོད་རི་ཁུལ་གྱི་གཞུང་ལམ་དང་ཞིང་ཆེན་གྱི་གཞུང་ལམ་དེ་མིན་གྲོང་རྡལ་གྱི་གཞུང་ལམ་བཅས་རྣམ་གྲངས་ཇེ་མང་དུ་བཏང་ཡོད་པ་མ་ཟད། འགྲན་བསྡུར་ལམ་དུམ་ཆ་སྙོམས་མཐོ་ཚད་མུས་སྟོང་གསུམ་ཡན་དང་ལམ་ཐག་སྤྱི་ལེ་སྟོང་གཉིས་ལྷག་ཙམ་ཡོད།

དར་གོས་ཚོང་ལམ་ཐོག་གི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས།

ད་ལོའི་འགྲན་བསྡུར་གྱི་ལམ་དུམ་མང་ཆེ་བ་དར་གོས་ཚོང་ལམ་གསར་པའི་དཔལ་འབྱོར་ཁུལ་དུ་གནས་པས། འགྲན་བསྡུར་དེ་དར་གོས་ཚོང་ལམ་དང་གཅིག་རྒྱུན་གཅིག་འཛིན་ཐུབ་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་དང་ཡང་མཐུན་པ་རེད།

ཀྲང་ཉིན་གྱིས་བཤད་རྒྱུར། དར་གོས་ཚོང་ལམ་གྱི་ལྷོ་རྒྱུད་དུ་གནས་པའི་མཚོ་སྔོན་ནས་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་བརྒྱུད་དེ་ཧོ་ལན་རི་བོ་བརྒལ་བ་མ་ཟད། ཐང་བོད་གནའ་ལམ་དང་། ཧི་ཞིའི་བར་ཁྱམས། དར་གོས་ཚོང་ལམ། རྨ་ཆུའི་འགྲམ་གཉིས་བཅས་བརྒྱུད་པ་རེད་ཟེར།

ད་ལོའི་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་ལས་བརྒལ་བའི་ས་ཚིགས་དང་པོ་ནི་ཀན་སུའུ་ལེན་ཞ་ནས་མགོ་བརྩམས་པ་དང་། དེ་ནི་དར་གོས་ཚོང་ལམ་རྙིང་པའི་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན་པས། ཤར་ནུབ་བར་སྤེལ་རེས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ། ཟི་ལིང་དང་། མཚོ་ཤར། ལེན་ཞ། ཐེན་ཧྲོས། ཀྲུང་བོའི། དབྱིན་ཁྲོན་སོགས་ལམ་རྒྱུད་ཀྱི་གྲོང་ཁྱེར་དག་དར་གོས་ཚོང་ལམ་གསར་པའི་དཔལ་འབྱོར་ཁུལ་གྱི་མཚམས་ཚིག་གལ་ཆེན་དུ་གནས་པ་དེས། མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་གྱི་བྱེད་སྒོ་ཁྱབ་སྤེལ་བྱེད་པར་མཚོན་ན། སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་དེ་སྨོས་མ་དགོས་པ་ཞིག་རེད།

དམངས་ཡོངས་ལུས་སྦྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་འགྲན་བསྡུར་ནང་ཁྱབ་པར་བྱེད་པ།

ཀྲང་ཉིན་གྱིས་བཤད་རྒྱུར། ད་ལོའི་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་གྱི་ལམ་ཐིག་མང་ཆེ་བ་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་ཡོད་པས། དམངས་ཡོངས་ཀྱི་ལུས་སྦྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཕན་པ་ངེས་ཅན་ལྡན་སྲིད་ཟེར།

གཞན་ཡང་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་བསྡུར་ནང་རང་བྱུང་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་པར་བྱས་ཡོད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།