མཚོ་སྐོར་དངུལ་སྒོར་དྲན་རྟེན་དངོས་སུ་འགྲེམ་སྤེལ་བྱས་པ།
2017.07.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བདུན་པའི་ཚེས་བདུན་ཉིན། མཚོ་སྐོར་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དངུལ་ཁང་གིས་སྒྲུབ་འགན་ཁུར་བའི་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་དངུལ་སྒོར་དྲན་རྟེན་འགྲེམ་སྤེལ་བྱེད་པའི་ཚོགས་འདུ་དེ་ཟི་ལིང་ནས་ནས་གཟབ་རྒྱས་ངང་འཚོགས། 

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིར་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་དྲན་རྟེན་དངུལ་སྒོར་འགྲེམ་སྤེལ་བྱས་པ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་། དེ་ནི་ཀྲུང་གོ་མི་དམངས་དངུལ་ཁང་གི་ལོ་རྒྱུས་སྟེང་འགྲེམ་སྤེལ་བྱས་པའི་ཐེངས་གསུམ་པོའི་ཨང་དང་པོའི་གྲས་ཤིག་ཡིན། དེ་དག་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཆེས་ཐོག་མར་འགྲེམ་སྤེལ་བྱས་པའི་ལྕགས་རྟ་ཞོན་པ་བརྗོད་བྱ་ཡིན་པའི་དྲན་རྟེན་དངུལ་སྒོར་འགྲེམ་སྤེལ་བྱས་པ་དེ་དང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་དྲན་རྟེན་དངུལ་སྒོར་འགྲེམ་སྤེལ་བྱས་པ། མཚོ་སྔོན་བརྗོད་བྱ་ཡིན་པའི་དྲན་རྟེན་དངུལ་སྒོར་བཅས་ཡིན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་དྲན་རྟེན་དངུལ་སྒོར་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིས་སྟོང་བཅུ་བདུན་ལོར་ཕྱི་ཕྱོགས་ལ་ཆེད་དུ་དམིགས་ནས་འགྲེམ་སྤེལ་བྱས་པའི་དྲན་རྟེན་དངུལ་སྒོར་ལས་གཞི་གསུམ་གྱི་ནང་གི་གཅིག་ཡིན་པར་མ་ཟད། རང་ས་གནས་ཀྱི་དངུལ་ཁང་སྟེ། མཚོ་སྔོན་དངུལ་ཁང་གིས་འགན་བླངས་ནས་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད། ཐེངས་གསུམ་པོའི་ཨང་དང་པོ་གཅིག་དང་། ཁྱད་དུ་འགྲེམ་སྤེལ་བྱས་པ་གཅིག་གིས་ཀྲུང་གོ་མི་དམངས་དངུལ་ཁང་དང་གསེར་སྒོར་སྤྱིའི་ཀུང་ཟིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ་མཚོན་པ་དང་། དེས་མཚོ་སྔོན་ཞིང་ཆེན་ལ་ཀུན་གྱིས་མཐོང་ཆེན་བྱེད་ཚད་དང་། མཚོ་སྔོན་དངུལ་ཁང་ལ་ཁས་ལེན་གང་ལེགས་གནང་བཞིན་པ་མཚོན་ཡོད་པ་རེད། 

མཚོ་སྐོར་དྲན་རྟེན་དངུལ་སྒོར་འགྲེམ་སྤེལ་བྱེད་པ་དེ་ནི་ལུས་རྩལ་དང་དངུལ་ལོར་གཉིས་ཀྱི་ཆེས་མཛེས་པའི་མཉམ་འདྲེས་ཞིག་ཡིན་པ་དང་། དེས་དངུལ་ལོར་གྱི་ཐབས་ལམ་ལ་བརྟེརན་ནས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཤན་ཤུགས་ཇེ་མཐོར་གཏོང་བར་རོགས་རམ་བྱེད་ཐུབ་པར་མ་ཟད། སྤྱི་ཚོགས་ལ་ཡོངས་ཁྱབ་སྒོས་དངུལ་ལོར་ཤེས་བྱ་ཁྱབ་གདལ་བྱེད་པར་ཡང་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་ལ། དངུལ་གཏོང་ཐབས་ལམ་རྒྱ་སྐྱེད་པ་དང་། སྒོར་མོའི་གྲངས་ཀ་འཕར་སྣོན་གཏོང་བར་སྐུལ་འདེད་བྱེད་པ། ལུས་རྩལ་དང་དངུལ་ལོར་ཕན་ཚུན་བར་སྐུལ་འདེད་དང་། མཉམ་དུ་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱས། 
འགྲེམ་སྤེལ་ཚོགས་འདུའི་སྟེང་། མཚོ་སྔོན་དངུལ་ཁང་གི་ཏང་ཨུ་ཧྲུའུ་ཅི། འགོ་གཙོ་བང་ལིས་ཀྱིས་བཤད་རྒྱུར། མཚོ་སྔོན་དངུལ་ཁང་ནི་ས་གནས་རང་གི་དངུལ་ལོར་ལས་ཁུངས་དང་། མཚོ་སྔོན་གྱི་ཚོང་ལས་དངུལ་ཁང་གཅིག་པུ་ཡིན། དུས་ཡུན་རིང་བོའི་རིང་ལ། མཚོ་སྔོན་དངུལ་ཁང་གིས་དངུལ་ལོར་ཁེ་ལས་ཀྱི་ཀྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་རྒྱས་ཀྱོར་དང་སེམས་ཁུར་བྱེད་བཞིན་ཡོད། ཐེངས་འདིར། མཚོ་སྔོན་དངུལ་ཁང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི
དྲན་རྟེན་དངུལ་སྒོར་ཕྱིར་འཚོང་བྱེད་མཁན་གྱི་དངུལ་ཁང་དུ་གྱུར་བ་ནི་ང་ཚོའི་གཟི་བརྗིད་ཞིག་ཏུ་འདོད་ཡོད་ལ། ལས་འགན་ལྗིད་ཅིང་འགན་འཁྲི་ཡང་འོད་སྟོང་ལྡན་པ་ཞིག་ཡིན་པའང་ང་ཚོས་ཤེས་ཡོད། མཚོ་སྔོན་དངུལ་ཁང་གིས་ལས་གཉེར་བྱེད་ས་མང་བ་དང་། ཞབས་ཞུའི་རྣམ་འགྱུར་དྲང་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། སྟོབས་ཤུགས་ཡོད་དགུ་དང་ཡིད་ཆེས་ཆེན་པོའི་སྒོ་ནས་ཕྱིར་འཚོང་དང་དྲིལ་སྒྲོག་གི་བྱ་བ་བཟང་པོར་སྒྲུབ་སྟེ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་དྲུག་པར་སྟོབས་ཤུགས་སཽན་པར་རོགས་རམ་བྱེད་རྒྱུ་ཡིན་ལ། མཛེས་སྡུག་གི་མཚོ་སྔོན་དྲིལ་སྒྲོག་དང་། མཚོ་སྔོན་དངུལ་ལོར་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དྲིལ་སྒྲོག་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་བསྒྱུར་བ་བཞིར་ཡར་སྐུལ་བྱས་ནས་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར། 
ཤེས་པའི་གནས་ཚུལ་ལྟར་ན། དྲན་རྟེན་དངུལ་སྒོར་དེ་ནི་སྤུས་དག་དངུལ་སྒོར་ཡིན་པ་དང་། དབྱིབས་སྒོར་ཞིང་། དངུལ་གྱི་འདུས་ཚད་ཁེ་སུམ་ཅུ་ཡོད་ལ། ཚངས་ཐིག་ལ་ཧའོ་རྨིད་བཞི་བཅུ་ཡོད་པ་དང་། དངུལ་སྒོར་བཅུ་ཅན་ཡིན། ཐེངས་འདིར་དངུལ་སྒོར་ཁྲི་དྲུག་འགྲེམ་སྤེལ་བྱེད་རྒྱུ་རེད།  
 
ལོ་ཙཱ། ཚེ་རིང་སྒྲོལ་མ།