མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྐོར་ལྕགས་རྟའི་རིག་གནས་ཡུལ་སྐོར་ཚོགས་སྤྱིའི་གཉེན་སྟོན་མཛད་སྒོ་སྤེལ་བ།
2017.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 338

 མཚོ་སྔོན་པོའི་ལྗོངས་ཁུལ་གྱི2017ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་ཕུན་སུམ་ཚོགས་པོ་ཡོང་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་རྒྱུན་རིང་བའི་རིག་གནས་ཀྱི་སྙིང་བཅུད་ལ་བསྟེན་ཅིང་། རགས་བསྡུས་དང་གསར་རྐྱང་། ཁྱད་འཕགས། འཆར་སྣང་དོད་པ་བཅས་ཀྱི་རྩ་དོན་ལྟར། མཛེས་པའི་མཚོ་སྔོན། རྨད་བྱུང་ལྷ་མཚོའི་སྙན་གྲགས་འོག ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་གྱི་ནངས་མོར། “སྟོང་ལོའི་ཕུགས་འདུན་འཚོལ་བཞིན།། བསྐལ་བར་ལྷ་མཚོར་འཇུ་ཡོང་།།”ཅེས་པའི་མཚོ་སྐོར་ལྕགས་རྟའི་རིག་གནས་ཡུལ་སྐོར་ཚོགས་སྤྱིའི་གཉེན་སྟོན་མཛད་སྒོ་མཚོ་སྔོན་པོའི་ལྗོངས་ཁུལ་དུ་སྤེལ། ཚོགས་པ་སྤྱིའི་གཉེན་སྟོན་གྱི་རྣམ་པས་མི་རྣམས་ལ་ཐཱན་ཉུང་དང་ཁོར་སྲུང་། གྲོན་ཆུང་བཅས་ཀྱི་གཉེན་སྟོན་གྱི་ལྟ་བ་གསར་བ་ཆགས་པར་ཁྲིད་སྟོན་བྱས་ཤིང་། ཡུལ་སྐོར་གྲུབ་ཚུལ་དང་ལས་རིགས་རྣམ་པ་སྙོམས་སྒྲིག ལྗོངས་ཁུལ་གྱི་ཆེད་དོན་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་པར་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་རྫས་མཉམ་བསྲེས་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས།
ཚོགས་པ་སྤྱིའི་གཉེན་སྟོན་བྱ་འགུལ་ནི་ཁྲོམ་ར་རང་བཞིན་གྱི་རྣམ་པས་འཁོར་སྐྱོད་བྱས་ལ། བག་གསར་དང་མག་གསར་ཆ་རེ་ནས་སྒོར་སྟོང་ལྔ་དང་ཉིས་བརྒྱ་བསྡུས། ཐེངས་འདིའི་གཉེན་སྟོན་ལ་རྣམ་པ་འདྲ་མིན་དུ་མ་ཡོད་ཅིང་། གཉེན་སྟོན་གྱི་རྗེས་དྲན་ཉིན་མོར་ཁེལ་བའི་བཟའ་ཟླས་ཀྱང་མིང་རྟགས་བཀོད་དེ་མཛད་སྒོར་ཞུགས་ཆོག མཛད་སྒོའི་སྟེང་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁང་འཁོར་མགྲོན་བྲང་དང་ཤིང་རྟ་འཁོར་ལོ། སྤྲོ་སྐོར་འཁོར་ལོ། ཚ་རླངས་སོགས་རོལ་རྩེད་སྒྲིག་བཀོད་ཀྱི་ཡོ་ལང་རྒྱས་པར་བྱས་ཏེ། བག་གསར་དང་མག་གསར་གྱིས་མཚོ་སྔོན་པོའི་མཛེས་ལྗོངས་ལ་ལྟ་སྐོར་བཟང་བོ་བྱ་རྒྱུ་ནི་མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་གཉེན་སྟོན་ཐོན་རྫས་བཟོ་བའི་ཐོན་ཁུངས་ཀྱི་ཆ་རྐྱེན་ཡིན། དེ་དང་མཉམ་དུ་ད་དུང་རིན་མེད་སྒོས་གྲོང་ཁྱེར་གྱི་ལས་གཉེར་བའི་ཚོགས་པ་གསུམ་དང་འབྱོར་བ་ཞན་པའི་གཉེན་སྒྲིག་བཟའ་ཟླ་ཞུགས་སུ་བཅུག་སྟེ། ཕན་ཚུན་བརྩེ་བའི་རི་མོ་བརྟན་སྲུང་བྱེད་པའི་དཔེ་སྟོན་གྱི་ནུས་པ་བརྒྱུད་སྤེལ་བྱས་ཏེ། བརྩེ་བ་རྣལ་མས་སྤྱི་ཚོགས་ལ་དྲིན་ལན་འཇལ། བྱ་འགུལ་གྱི་བྱེ་བྲག་གི་ནང་དོན་གཤམ་གསལ།
གཅིག ལྕགས་རྟ་ཞོན་ནས་གཉེན་བསུ་བའི་རྣམ་པས་ཁོར་སྲུང་དང་བདེ་ཐང་གི་འདུ་ཤེས་རྒྱུད་སྒྲོག་བྱེད་པ།
གཉིས། མཚོ་མཆོད་དང་བརྩེ་སེམས་རྟག་བརྟན་ཡོང་བའི་སྨོན་འདུན་གྱི་རྣམ་པས་དར་གོས་ཚོང་ལམ་དང་ཐང་བོད་གནའ་ལམ་གྱི་ལོ་ངོ་སྟོང་ཕྲག་རིང་གི་རིག་གནས་རྒྱུན་འཛིན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འཆམ་མཐུན་གྱི་ཕུགས་འདུན་མཚོན་པར་རོལ་མྱོང་བྱེད་པ།
གསུམ། ཁྱད་པར་འཕགས་པའི་ཚོགས་སྤྱིའི་གཉེན་སྟོན་གྱི་མཛད་སྒོས། གྲོན་ཆུང་དང་སྤྲོ་སེམས་འཁོལ་བ། འཆམ་མཐུན་གྱི་གཉེན་སྟོན་འདུ་ཤེས་གསར་བ་རྒྱུད་སྒྲོག་བྱེད་པ།
བཞི། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་བརྗོད་དོན་གླུ་དབྱངས༼གཡུ་མདོག་གི་མཚོ་མོ༽ཞེས་པ་དང་། གཉེན་སྟོན་གྱི་བཀྲ་ཤིས་རྟགས་དངོས“ལན་ཏུའུ་ཏུའུ”དང“ཧྥུན་ཏུའུ་ཏུའུ”འོས་སྦྱོར་བྱས་ཏེ། ལྗོངས་ཁུལ་ཧྲིལ་བོའི་ཁྱབ་བསྒྲག་དང་གསར་སྤེལ་བྱ་བར་སྐུལ་འདེད་བཏང་།
ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས“སྟོང་ལོའི་ཕུགས་འདུན་འཚོལ་བཞིན།། བསྐལ་བར་ལྷ་མཚོར་འཇུ་ཡོང་།།”ཅེས་པའི་སྐབས་དང་པོའི་མཚོ་སྐོར་ལྕགས་རྟའི་རིག་གནས་ཡུལ་སྐོར་ཚོགས་སྤྱིའི་གཉེན་སྟོན་མཛད་སྒོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ ཟི་ལིང་བཱན་ཏཱ་ཐང་ཆེན་དུ་བསྡུས། ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་གོ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། མི་དམངས་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་དང་དྲ་བའི་ལས་ཁུངས་སུམ་ཅུ་ལྷག་གིས་དྲིལ་བསྒྲགས་བླ་མེད་བྱས། མིག་སྔར། གཉེན་སྟོན་གྱི་བྱ་འགུལ་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། བྱ་འགུལ་རྩ་འཛུགས་ཨུ་ཡོན་ལ་ཁ་པར་གྱི་ལམ་ནས་གནས་ཚུལ་རྒྱུས་ལོན་བྱེད་མཁན་གྱི་མི་ཟམ་མ་ཆད་པར་སྔར་ལས་ཇེ་མང་དུ་འགྲོ་བཞིན་འདུག་ལ། མི་བསྡུའི་ཐོ་འགོད་ཀྱི་བྱ་བའང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་པའི་སྒང་རེད།

ལོ་ཙཱ་བ། རྟ་མགྲིན་སྐྱབས།