མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་ཏང་ཙུའུ་ཡིས་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས་པ།
2017.08.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

 ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དོ་དམ་ཅུའི་ཁོངས་གཏོགས་ཀྱི་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་ནན་ཏན་སྒོས་ཕྱོགས་སྡོམ་བྱས་པ་དང་། བྱ་བའི་ཁྲོད་གནས་པའི་གནད་དོན་དང་གནས་ཚུལ་གསར་བར་ཞིབ་འཇུག་དབྱེ་ཞིབ་བྱས་པར་མ་ཟད། ལོ་སྨད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་བཏོན། དོ་དམ་ཅུའི་ཏང་ཙུའུ་ཡི་ཁོངས་མི་གྲོས་ཚོགས་སུ་ཞུགས་པ་དང་། དོ་དམ་ཅུར་བསྡད་ཡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དང་ཅུས་འབྲེལ་ཡོད་ཁོངས་གཏོགས་ཀྱི་འགན་འཁུར་པ་གྲོས་ཚོགས་སུ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་། 2017ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཕྱོགས་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། དོ་དམ་ཅུའི་ཏང་ཙུའུ་ཡི་ཁོངས་མི་གསུམ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། དེ་མིན་དོ་དམ་ཅུའི་ཏང་ཙུའུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་དང་། ཡན་ལག་དོ་དམ་སྡེ་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་སྤེལ་བར་མཛུབ་སྟོན་བྱས་པའི་གནས་ཚུལ། ཡན་ལག་དོ་དམ་སྡེ་ཁག་གི་འགན་འཁུར་མི་སྣ་དང་བསམ་བློ་བརྗེ་རེས་བྱས་པའི་གནས་ཚུལ། སྣེ་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་ལམ་ལུགས་དངོས་འབེབས་བྱས་པའི་གནས་ཚུལ་དང་ལོ་སྨད་ཀྱི་བྱ་བའི་འཆར་གཞི་བཅས་ཕྱོགས་ལྔའི་ཐད་ནས་ལོ་སྟོད་དུ་ལས་རྐང་གཅིག་དང་འགན་འཁུར་ཟུང་གི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་དེ་དོ་དམ་ཅུའི་ཏང་ཙུའུ་ལ་ཡར་ཞུ་བྱས། གྲོས་ཚོགས་ནས་ལོ་སྟོད་ཀྱི་དོ་དམ་ཅུའི་ཁོངས་གཏོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལྟ་སྐུལ་གནས་ཚུལ་དང་། ཞིང་ཆེན་ཐད་གཏོགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལོ་སྟོད་དུ་དོ་དམ་ཅུའི་སྤྱོད་ཚུལ་སྒྲིག་ཁྲིམས་འཛུགས་སྐྲུན་ལྟ་སྐུལ་ཞིབ་བཤེར་གྱི་གནད་དོན་དག་ཐེར་ལེགས་སྒྲིག་གནས་ཚུལ་གྱི་ཡར་ཞུར་ཉན།

གྲོས་ཚོགས་ནས་བསྟན་དོན། ལོ་སྟོད་དུ་དོ་དམ་ཅུའི་ཏང་ཙུའུ་ཡི་ཁོངས་མི་སོ་སོས་ལས་རྐང་གཅིག་དང་འགན་འཁུར་ཟུང་གི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། དོ་དམ་ཅུའི་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོས་དོ་དམ་ཅུའི་ཏང་ཙུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ལེགས་པོ་བྱས་པ་དང་། དོ་དམ་ཅུའི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་པ་གཙོ་བོའི་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་ཏེ། རིམ་པ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གསལ་བོ་བྱས་པ་དང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་སློབ་གསོ་དང་། མུ་མཐུད་དུ་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། སྲིད་གཙང་དང་སྤྱོད་གཙང་རང་གཅུན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྡེ་ཁག་བར་གྱི་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཁ་གསབ། ཕན་ཚུན་གཅེས་སྐྱོང་། ཕན་ཚུན་སློབ་སྦྱོང་བཅས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་བ་མ་ཟད། ལོ་མགོར་དོ་དམ་ཅུའི་ཏང་ཙུའུ་ཡིས་གཏན་ལ་ཕབ་པའི་བྱ་བའི་ལས་འགན་སྣ་ཚོགས་རིམ་བཞིན་ཡོངས་འགྲུབ་བྱས།

གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་དུས་མཚུངས་སུ། གནས་པའི་གནད་དོན་དང་མི་འདང་སར་མཐོང་ཆེན་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ནན་ནན་ཏིག་ཏིག་གིས་དག་ཐེར་ལེགས་སྒྲིག་བྱས་ཏེ། ལོ་ཧྲིལ་བོའི་བྱ་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

དོ་དམ་ཅུའི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཏུང་ཅིན་མེན་གྱིས་གནས་པའི་གནད་དོན་ལ་དམིགས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། འགན་འཁྲི་གཉིས་དངོས་འབེབས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། བྱ་བའི་སྤྱོད་ཚུལ་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་རེ་བ་བཏོན། གཅིག་ནས་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་དམ་འཛིན་ལྷོད་མེད་བྱེད་དགོས།
གཉིས་ནས་དངོས་འབེབས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གོང་རིམ་ཏང་རྩ་འཛུགས་ཀྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པའི་དུས་མཚུངས་སུ། དོ་དམ་ཅུའི་ཏང་ཙུའུ་ཡི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དངོས་འབེབས་ལེགས་པོ་བྱེད་དགོས།
གསུམ་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་ཆགས་པར་བྱེད་དགོས། ལས་སྒོའི་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད། ལས་རྐང་གཅིག་དང་འགན་འཁྲི་ཟུང་གི་བྱ་བ་ལག་བསྟར་ནན་མོ་བྱས་ཏེ། གཅིག་གྱུར་བཀོད་འདོམས་དང་ཕན་ཚུན་ཟུང་འབྲེལ་བྱེད་དགོས། གོམ་གང་མདུན་སྤོས་སྒོས་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱས་ཏེ། ངེས་པར་དུ་བཀོད་འདོམས་དང་ལེན་དང་། ཕན་ཚུན་སྐྱོན་འགེལ་དང་རང་འགན་གཞན་དཀྲི་བྱེད་པའི་སྣང་ཚུལ་འབྱུང་བ་གཏན་འགོག་བྱས་ཏེ། གོང་འོག་ཟུང་འབྲེལ་དང་གང་གསུང་དེ་སྒྲུབ་བྱེད་དགོས། མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕན་ཚུན་འཆམ་མཐུན། དཀའ་ཁག་ཁྱད་བསད་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན། གནས་སྐོར་འཕེལ་རྒྱས། ཁོར་ཡུག་ལེགས་སྒྲིག་བཅས་ཀྱི་བྱ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།