མཚོ་སྔོན་པོའི་ཀླུང་རྒྱུག་འགྲན་སྡུར་སྐབས་བཞི་བ་བདེ་བླག་ངང་མཇུག་སྒྲིལ་བ།
2017.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་ལྔ་ནས་ཚེས་དྲུག་ཉིན་བར། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་དང་པེ་ཅིན་པོའོ་ཡཱ་ཅོན་ཚོང་ལས་སློབ་གླིང་གིས་མཉམ་དུ་བསྒྲུབས་པའི་མཚོ་སྔོན་པོའི་ཀླུང་རྒྱུག་འགྲན་སྡུར་སྐབས་བཞི་བ་དེ་མཚོ་སྔོན་པོའི་བྱེ་གླིང་ལྗོངས་ཁུལ་དུ་བདེ་བླག་ངང་མཇུག་སྒྲིལ། ཉིན་གཉིས་ཀྱི་འགྲན་སྡུར་ཁྲོད། པེ་ཅིན་པོའོ་ཡཱ་ཅོན་ཚོང་ལས་སློབ་གླིང་ནས་ཐོན་པའི་མིང་རྟགས110སློབ་མCEOཞེས་པས་མཐོ་སྒོང་གི་འགྱུར་ལྡོག་མང་བའི་གནམ་གཤིས་ཀྱི་དཀའ་ལས་ཁྱད་དུ་བསད་དེ། ལེ་དབར་ཞེ་གཉིས་རིང་གི་མཚོ་སྐོར་ཀླུང་རྒྱུག་འགྲན་སྡུར་ཡོངས་འགྲུབ་བྱས། མཚོ་སྔོན་པོའི་ཁྱད་མཚར་ཡུལ་ལྗོངས་ཀྱི་བཀོད་པ་ལོངས་སུ་སྤྱད་ཅིང་། ལག་ལེན་དངོས་ཀྱི་ཁྲོད་ནས་ཐཱན་ཉུང་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་ཁྲིད་བྱས།
མཚོ་སྔོན་པོའི་ཀླུང་རྒྱུག་འགྲན་སྡུར་ནི་ཀྲུང་གོའི་ཆེས་མཐོའི་ཚོང་ལས་སློབ་གླིང་གི་སློབ་མ་ཡོངས་ཀྱིས་རྩ་འཛུགས་སྒོས་རྒྱ་བསྐྱེད་བཏང་བ་ཞིག་ཡིན་ལ། འགྲན་ཞུགས་པ་རྣམས་ཀྱིས་མཚོ་སྔོན་པོའི་མཐའ་སྐོར་གྱི་བྱེ་སྒང་དང་སྤང་ལྗོངས། གྲོང་གསེབ་ཀྱི་འགྲོ་ལམ་བརྒྱུད་ནས་རྒྱུག་པ་སོགས་ཀླུང་རྒྱུག་གི་རྣམ་པ་དུ་མ་ལས་ཕན་ཚུན་མཐུན་སྒྲིལ་དང་རོགས་རེས། བདེ་ཐང་། ཁོར་སྲོང་གི་འགྲན་བསྡུར་འདུ་ཤེས་ལ་ངོས་འཛིན་དང་གོ་བ་ཟབ་མོ་ལོན་པར་བྱས།
མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ལུས་རྩལ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བའི་རྣམ་པ་བརྒྱུད། སྤྱི་ཚོགས་ཡོངས་ལ་མཚོ་སྐོར་ཁུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་རྒྱུད་སྒྲོག་དང་། མཚོ་སྔོན་པོའི་ལྗོངས་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་བསྲེས་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འགྲན་སྡུར་སྤེལ་བ་བརྒྱུད་མི་སྔར་ལས་མང་པོ་བྱ་འགུལ་གྱི་ཁྲོད་དུ་ཞུགས་ཏེ་མཚོ་སྔོན་སྲུང་སྐྱོབ་བྱེད་མཁན་དང་རྒྱུད་སྒྲོག་མཁན་གྱི་གཞི་རྒྱ་སྔར་ལས་ཇེ་ཆེར་བཏང་།

ལོ་ཙཱ་བ། རྟ་མགྲིན་སྐྱབས།