མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཤུགས་ཆེན་པོའི་སྒོ་ནས་ཁྲིམས་སྐྱོང་ཡུལ་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་པ།
2017.08.21 ཁུངས། མཚོ་སྔོན་པོ་སྲུང་སྐྱོབ་དོ་དམ་ཅུའུ། ཀློག་གྲངས། 32

 ད་ལོ་ནས་བཟུང་། མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་བརྡ་ཁྱབ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་འབུར་ཐོན་གནད་དོན་ལེགས་སྒྲིག་བྱེད་པའི་བྱ་བ་དེ་གནས་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་དང་། གནས་སྐོར་ཞབས་ཞུའི་སྤུས་ཚད་ཇེ་བཟང་དུ་གཏོང་བ། གནས་སྐོར་བདེ་འཇགས་འགན་སྲུང་བྱ་བ་དམིགས་འབེན་དུ་བྱས་ནས། ཁྲིམས་སྐྱོང་ཡུལ་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ཏེ། ཆེས་ཐོག་མའི་གྲུབ་འབྲས་ཐོབ། 

དང་པོ། སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་པ། 

གཅིག་ནི་བྱ་འགུལ་མང་པོ་སྤེལ་བར་བརྟེན་ནས། ཁུལ་གཉིས་དང་རྫོང་གསུམ་གྱི་མཐུན་སྦྱོར་བྱ་བར་དམ་པོར་འབྲེལ་བ་དང་། སྲིད་ཇུས་དྲིལ་སྒྲོག་དང་ཁྲིམས་ལྟར་སྲིད་འཛིན་ཟུང་འབྲེལ་བྱས་ནས། ཡོངས་ཁྱབ་སྒོས་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་རེད། ཞིང་ཆེན་ཡོངས་ནས་ཡིད་རྟོན་ལས་གཉེར་དང་། དཔལ་ཡོན་གནས་སྐོར་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དང་། ཀྲུང་གོའི་གནས་སྐོར་ཉིན་མོ་ཐེངས་བདུན་པའི་དྲིལ་སྒྲོག་བྱ་འགུལ་སོགས་སྤེལ་ལ། གནས་སྐོར་ཁྲིམས་ལུགས་ཤེས་བྱ་དང་། གནས་སྐོར་དཔལ་ཡོན་སྤྱི་བསྒྲགས། མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་གྱི་དོ་དམ་སྲོལ་ཡིག་སོགས་དྲིལ་སྒྲོག་རྒྱུ་ཆ་འགྲེམ་སྤེལ་བྱས་ཏེ། གནས་སྐོར་བས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པར་སྣེ་ཁྲིད་དང་། དཔལ་ཡོན་ལྡན་པའི་སྒོ་ནས་གནས་སྐོར་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་། གཉིས་ནི་དྲ་རྒྱ་དང་། ཡུལ་ལྗོངས་ཁུལ་དཔོན་ཕྱོགས་ཀྱི་པོད་འཕྲིན། སྐད་འཕྲིན། ལག་འཁྱེར་ཁ་པར་སོགས་བརྒྱུད་དེ་གསལ་འདེབས་བྱས་ལ། ལྷག་པར་དུ་གནས་སྐོར་བ་ཡོང་མཁན་ཆེས་མང་བའི་དུས་ཚིགས་སུ་མཚོ་སྐོར་ཉེ་འགྲམ་དུ་ཐབ་ཀ་བཟུང་སྟེ་ཤ་བསྲེགས་པ་སོགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་མཁན་ལ་དུས་ལྟར་གསལ་འདེབས་བྱས་ཏེ། གནས་སྐོར་ཁང་དང་། གནས་སྐོར་བ། མཚོ་སྐོར་བྱེད་པའི་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། དཔལ་ཡོན་ལྡན་པའི་སྒོ་ནས་གནས་སྐོར་བྱེད་པ། བདེ་འཇགས་ཀྱིས་གནས་སྐོར་བྱེད་པར་ཁྲིད་སྟོན་བྱས་པས། ཕན་འབྲས་ཅུང་བཟང་པོ་ཐོབ། 

གཉིས། ཁྲིམས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་། 

གཅིག་ནི་རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་བརྡ་ཁྱབ་ལྟར་མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་གྱི་གནད་དོན་ལེགས་སྒྲིག་བྱེད་པ་དེ་གནད་སར་བཟུང་ནས། ཆ་སྙོམས་པོའི་སྒོ་ནས་ལེགས་སྒྲིག་བྱེད་པ་དང་། ཚད་ལྡན་གྱི་ཚད་ཇེ་མཐོར་གཏོང་བ། མ་དཔེ་བསྐྲུན་པ་སོགས་ཀྱི་བསམ་ཕྱོགས་ལྟར། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་མཚོ་སྔོན་པོའི་ཡུལ་ལྗོངས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལེགས་སྒྲིག་བྱེད་པའི་འཆར་གཞི་དང་། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་འབུར་ཐོན་གནད་དོན་ལེགས་སྒྲིག་བྱེད་པའི་བྱ་བའི་ལས་འགན་བགོ་བའི་རེའུ་མིག་གཉིས་སྒྲིག་བཟོ་བྱས། ལྟ་རྟོག་དངོས་འབེབ་ཤུགས་ཆེན་བྱས་ནས་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་འགྲིམ་འགྲུལ་དང་། བརྡ་རྟགས་མ་ལག བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་དམ་འཛིན་བྱེད་པར་ཡར་སྐུལ་བྱས་ཏེ། ཡུལ་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་སྒྲིག་བྱེད་པ་དང་། ཚོང་རའི་ལྟ་རྟོག་དོ་དམ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་གནས་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། མཚོ་སྔོན་པོ་རྒྱལ་ཁབ5Aརིམ་པའི་གནས་སྐོར་ཡུལ་ལྗོངས་ཁུལ་གྱི་མཚན་སྙན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས། གཉིས་ནི་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ལྟ་རྟོག་ཁྲུའུ་ཡིས་མཚོ་སྐོར་གཞུང་ལམ་ལམ་ཐིག་ལ་མཐུན་སྦྱོར་བྱས་པ་དང་། ལྷག་པར་དུ་མཚོ་སྐོར་ཤར་ཕྱོགས་སུ་ཆོག་མཆན་མ་ཐོབ་པར་སྒེར་གྱིས་ལས་གཉེར་བྱེད་བཞིན་པའི་ཡུལ་ལྗོངས་ཁུལ་ལ་རྟོག་དཔྱོད་བྱས་ཏེ། རང་འདོད་ལྟར་ལམ་བཏོད་པ་དང་། ཚད་མཐུན་མ་ཡིན་པའི་སྒོ་ནས་གནས་སྐོར་ཚོང་རྫས་མཁོ་འདོན་བྱེད་པའི་གནས་སྐོར་ཁང་དང་སྣེ་ཤན་པར་རྟོག་དཔྱོད་བྱས་ཏེ། ༼གནས་སྐོར་ཁང་དང་སྣེ་ཤན་པར་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་གནས་སྐོར་ཁང་དང་སྣེ་ཤན་པའི་དོ་དམ་ཚད་ལྡན་དུ་གཏོང་བའི་གནས་སྐོར་ཚོང་རའི་སྒྲིག་ལམ་སྐོར་གྱི་བརྡ་སྦྱོར༽ཞེས་པ་འགྲེམ་སྤེལ་བྱས་ནས། གནས་སྐོར་ཁེ་ལས་དང་ལས་གཉེར་མི་སྣས་གྲོས་མཐུན་ལྟར་གནས་སྐོར་བྱ་འགུལ་གཏན་ཁེལ་བྱེད་པའི་རེ་བ་ལྟར། ཕན་འབྲས་ལྡན་པའི་སྒོ་ནས་གནས་སྐོར་ཁོར་ཡུག་ཚད་ལྡན་དུ་བཏང་། 

གསུམ་པ། ཕན་འབྲས་མཐོ་བའི་སྒོ་ནས་ཞུ་གཏུག་ཐག་གཅོད་བྱས་པ། གཅིག་ནི་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་། ནན་ཏན་སྒོས་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་གནས་སྐོར་ཞུ་གཏུག་ཐག་གཅོད་བྱེད་ཐབས་ལྟར་དུ། ཞུ་གཏུག་དང་ལེན་བརྒྱུད་རིམ་དང་། དང་ལེན་བྱེད་ཕྱོགས། འདུམ་འགྲིག་ལ་རྟོག་དཔྱོད་བྱེད་པ། གྱོད་དོན་མཇུག་སྒྲིལ་བ་ཕན་འབྲས་ལྡན་པ། གྱོད་དོན་མཇུག་སྒྲིལ་བ་ཡིག་ཚགས་སུ་འཇུག་པ་སོགས་ཐད་ནས་གཏན་ཁེལ་གསལ་བོ་བྱས་པ་དང་། ཞུ་གཏུག་ཞིབ་བཤེར་བྱ་བར་ཐོ་འགོད་ཡོད་པ་དང་། དང་ལེན་ཡོད་པ། རྟོག་དཔྱོད་ཡོད་པ། ལན་ཡོད་པ། བསྐྱལ་བ། ཞུ་གཏུག་མཁན་ལ་ཡིད་ཚིམ་པའི་ལན་ཡོད་པར་ཁེག་ཐེག་བྱས། གཉིས་ནི་ཞུ་གཏུག་བྱེད་ཆོག་པར་བྱས་པ། ཆེད་དུ་གནས་སྐོར་ཞུ་གཏུག་ཁ་པར་འཐེན་ཏེ། དུས་ཚོད་ཉེར་བཞིར་ཞུ་གཏུག་བྱས་ཆོག་པར་བྱས་པ་མ་ཟད། ཡུལ་ལྗོངས་ཁུལ་དང་ལས་ཁུངས་སོགས་ཀྱི་སྒོ་ཁར་མི་ཚང་མས་མཐོང་ས་ཞིག་ཏུ་ཞུ་གཏུག་བྱང་བུ་འགེལ་རུ་བཅུག་པ་དེས་གནས་སྐོར་པས་དུས་ལྟར་ཞུ་གཏུག་བྱེད་པར་སྟབས་བདེ་སྐྲུན། དེ་དང་ཆབས་ཅིག་ཏུ། དཔོན་ཕྱོགས་ཀྱི་དྲ་ཚིགས་དང་། སྐད་འཕྲིན། པོད་འཕྲིན་སོགས་ནས་དུས་ལྟར་ཞུ་གཏུག་ཁ་པར་བསྒྲགས་སྟེ། གཅིག་གྱུར་སྒོས་ཡུལ་ལྗོངས་ཁུལ་གྱི་གནས་སྐོར་ཞུ་གཏུག་དང་གྱོད་གཞི་དང་ལེན་བྱ་བ་བཟང་པོར་སྒྲུབ། གསུམ་ནི་བྱ་བའི་གོ་རིམ་ཚད་ལྡན་དུ་བཏང་བ། འགན་ཁུར་ལམ་ལུགས་ལག་བསྟར་བྱས་ཏེ། ཞུ་གཏུག་མཁན་གྱི་མི་དེ་ཞུ་གཏུག་ཐག་གཅོད་འགན་ཁུར་བར་གཏན་ཁེལ་གསལ་བོ་བྱས་ཏེ། སྣེ་ལེན་བྱེད་པ་དང་། གྱོད་དོན་ཐོ་འགོད་བྱེད་པ། རྟོག་དཔྱོད་བྱེད་པ། འདུམ་སྒྲིག་བྱེད་པ། གྱོད་གཞི་མཇུག་སྒྲིལ་བ་སོགས་ཀྱི་བྱ་བའི་རིམ་པ་སོ་སོ་ནན་ཏན་གྱིས་གཏན་ཁེལ་དང་བྱ་བའི་དགོས་མཁོ་ལྟར་སྒྲུབ་དགོས་པ་ལྟར། གང་ནུས་ཅི་ཐུབ་ཀྱིས་དུས་ཚོད་ཐུང་ངུའི་ནང་གནས་སྐོར་ཞུ་གཏུག་བྱ་བ་ཐག་གཅོད་བྱས་པས། གནས་སྐོར་ཞུ་གཏུག་ཐག་གཅོད་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་བཏང་། ད་ལོའི་ལོ་སྟོད་ལ། བསྡོམས་པས་གནས་སྐོར་ཞུ་གཏུག་དགུ་དང་ལེན་བྱས་པ་དང་། དེའི་ནང་12301ཞུ་གཏུག་སྟེགས་བུ་རུ་གྱོད་གཞི་བརྒྱད་ཞུ་གཏུག་བྱས་ལ། གྱོད་དོན་ཐག་གཅོད་བྱས་པ་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ཞུ་གཏུག་བྱ་བ་གཙོ་བོ་ཞབས་ཞུའི་རྒྱུ་སྤུས་ཀྱི་ཕྱོགས་ལ་གཅིག་བསྡུས་བྱས། ད་བར་དུ་ཞུ་གཏུག་ཐག་གཅོད་བྱས་པའི་མཇུག་འབྲས་དེ་ཡིད་མ་ཚིམ་པར་ཡང་བསྐྱར་གཏུག་བཤེར་བྱེད་པ་དང་། སྲིད་འཛིན་བསྐྱར་གྲོས་བྱེད་པ། སྲིད་འཛིན་ཞུ་གཏུག་སོགས་ཀྱི་གནས་ཚུལ་གཅིག་ཀྱང་བྱུང་མེད། 

ལོ་ཙཱ། ཚེ་རིང་སྒྲོལ་མ།