མཚོ་སྔོན་པོའི་མཐའ་སྐོར་ཞང་གྲོང་གི་ཁོར་ཡུག་ལེགས་བཅོས་བྱས་པ།
2017.08.29 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

ཉིན་འདི་འགར། གུང་ཧོ་རྫོང་གི་མཚོ་སྐོར་ལྟ་སྐོར་ལེགས་བཅོས་ཚོགས་པས་མཉམ་འབྲེལ་སྒོས་འབྲེལ་ཡོད་ཞང་གྲོང་གི་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ནུས་ཤུགས་ལ་ཤུགས་བསྣན་ཏེ་མཚོ་སྐོར་ས་ཁུལ་གྱི་ཕྱོགས་བསྡུས་ཡུལ་སྐོར་ཁོར་ཡུག་དང་མང་ཚོགས་ཀྱི་བསམ་འཆར། སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ལ་ཡང་བསྐྱར་རྟོག་ཞིབ་དང་བསྒྱུར་བཅོས་བྱས། ཟླ8པའི་ཚེས19ཉིན་བར། ཕྱོགས་ཡོངས་ནས་ལེགས་བཅོས་བྱ་བ་ལེགས་འགྲུབ་བྱུང་བར་མ་ཟད་འབྲས་བུ་མངོན་གསལ་ཐོབ།

རིག་སྨོན་གྲོང་རྡལ་གྱིས་ལས་བྱེད་པ་དང་མང་ཚོགས་སྟོང་བདུན་བརྒྱད་བརྒྱ་དོན་གསུམ་རྩ་འཛུགས་བྱས་ཏེ་ཨར་ལས་གད་སྙིགས་ཏུན་ཁྲི་གཅིག་སྟོང་བརྒྱད་ལྔ་བརྒྱ་དང་གཞན་པའི་གད་སྙིགས་ཏུན་ཁྲི་གཅིག་སྟོང་གཉིས་གཙང་སེལ་བྱས། ཁྲིམས་ལྟར་མགྲོན་ཁང་བརྒྱད་དང་སྒེར་གཉེར་ཡུལ་སྐོར་ལམ་ཐིག་བཅུ་བདུན། ལྗོངས་ཁུལ་ཉེར་བདུན་བཅས་གྱི་སྒོ་བརྒྱབ། ཐང་དཀར་མ་གྲོང་རྡལ་གྱིས་ལས་བྱེད་པ་དང་མང་ཚོགས་སྟོང་གཅིག་ཆིག་བརྒྱ་སུམ་ཅུ་རྩ་འཛུགས་བྱས་ཏེ་གད་སྙིགས་ཏུན་བདུན་ཅུ་གཙང་སེལ་བྱས་པ་དང་། ཁྲིམས་ལྟར་ཡུལ་སྐོར་ལམ་ཐིག་བཅུ་དྲུག་དང་། ལྗོངས་ཁུལ་གཅིག་བཀག་འགོག་བྱས། ཅང་ཤེས་ཞང་གིས་ལས་བྱེད་པ་དང་མང་ཚོགས་ཞེ་ལྔ་རྩ་འཛུགས་བྱས་ཏེ་ཨར་ལས་གད་སྙིགས་ཏུན་སྟོང་གཅིག་བདུན་བརྒྱ་ཞེ་བདུན་དང་གཞན་པའི་གད་སྙིགས་ཏུན་ཉིས་བརྒྱ་སོ་དྲུག་གཙང་སེལ་བྱས་པ་དང་། ཁྲིམས་ལྟར་མགྲོན་ཁང་བརྒྱ་དང་བདུན་དང་སྒེར་གཉེར་ཡུལ་སྐོར་ལམ་ཐིག་སོ་དྲུག་ ལྗོངས་ཁུལ་གཉིས་བཅས་བཀག་འགོག་བྱས། རྟ་ནག་མ་ཞང་གིས་ལས་བྱེད་པ་དང་མང་ཚོགས་དགུ་བརྒྱ་དང་བཅུ་གཉིས་རྩ་འཛུགས་བྱས་ཏེ་ཨར་ལས་གད་སྙིགས་ཏུན་ཁྲི་གཅིག་སྟོང་བཞི་བདུན་བརྒྱ་སུམ་ཅུ་དང་གཞན་པའི་གད་སྙིགས་ཏུན་གྱ་བདུན་གཙང་སེལ་བྱས་པ་དང་། ཁྲིམས་ལྟར་མགྲོན་ཁང་ཞེ་བཞི་དང་སྒེར་གཉེར་ཡུལ་སྐོར་ལམ་ཐིག་གསུམ་བཅས་བཀག་འགོག་བྱས། སྤྲེལ་ནག་ཞང་གིས་ལས་བྱེད་པ་དང་མང་ཚོགས་སྟོང་གཅིག་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ཨར་ལས་གད་སྙིགས་ཏུན་ལྔ་བརྒྱ་བདུན་ཅུ་དང་གཞན་པའི་གད་སྙིགས་ཏུན་ཉིས་བརྒྱ་ཉེར་ལྔ་གཙང་སེལ་བྱས་པ་དང་། ཁྲིམས་ལྟར་མགྲོན་ཁང་གཉིས་དང་སྒེར་གཉེར་ཡུལ་སྐོར་ལམ་ཐིག་ཞེ་ལྔ་དང་ལྗོངས་ཁུལ་ལྔ་བཅས་བཀག་འགོག་བྱས། །
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།