མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ།( ཁག་གསུམ་པ།)
2018.08.13 ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས། 55

ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་བརྟན་འཇགས་སུ་བཏང་།

རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་ཆུ་བོའི་བཞུར་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་དང་ཞིང་སྡེ་དང་གྲོང་རྡལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། བཟོ་གཏེར་སྦགས་བཙོག་སྔོན་འགོག་སོགས་ཀྱི་ཐད་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ཏེ།མདོ་དབུས་མཐོ་སྒང་ཁོར་ཡུག་གི་སྤུས་ཚད་དང་མི་སྡོད་ཁོར་ཡུག་བསྟུན་མར་བཟང་ཕྱོགས་སུ་སོང་།
ཆུའི་ཁོར་ཡུག་གི་སྤུས་ཚད་བརྟན་འཇགས་བཟང་བོ་ཡིན་པ།
མདོ་དབུས་མཐོ་སྒང་ནི་ཡ་གླིང་གི་གཙང་བོ་མང་པོའི་མགོ་ཁུངས་ས་ཁུལ་ཡིན་ལ།
ཀྲུང་གོའི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག སྲུང་སྐྱོབ་ཆེས་གཟབ་ནན་ཡིན་པའི་ཁྱབ་ཁོངས་ཀྱི་གྲས་གཅིག་ལང་ཡིན། རྒྱ་ཁབ་ཀྱི་མུ་མཐུད་དུ་མདོ་དབུས་མཐོ་སྒང་གི་ཆུའི་ཁོར་ཡུག་སྲུང་སྐྱོབ་ལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། བྱེད་ཐབས་གཙོ་བོ་ལ་ནང་གསེས་ཀྱི་ཆུ་ཁུངས་གཙོ་བོའི་ཕྱོགས་བསྡུས་འཆར་འགོད་ཀྱི་སྒྲིག་བཟོ་དང་གཙང་བོ་མཚེའུ་ཡི་བྱེད་ནུས་ཁུལ་ལ་དབྱེ་མཚམས་འབྱེད་པ། ཆུ་ཁོངས་བྱེད་ནུས་དང་ཆུ་སྤུས་སྲུང་སྐྱོབ་ཀྱི་དམིགས་འབེན་གསལ་བོར་བྱེད་པ། གཙང་བོ་དང་མཚེའུ་གལ་ཆེན་བྱེད་ནུས་ཁུལ་གྱི་བཙོག་ཆུ་ནུས་པ་དང་ཕྱིར་གཏོང་གི་སྤྱིའི་ཚད་ལ་ཚོད་འཛིན་བྱས་ནས་གཟབ་ནན་སྒོས་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། ཞིང་ཆེན་དང་ཡང་ན་རང་སྐྱོང་ལྗོངས། ས་གནས་ཡང་ན་གྲོང་ཁྱེར། རྫོང་དང་ཡང་ན་ཁུལ་བཅས་རིམ་པ་གསུམ་གྱི་སྲིད་འཛིན་ས་ཁུལ་གྱི་ལས་དཔྱད་དམིགས་འབེན་གྱི་མ་ལག་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བསྐྱར་གསོ་ལ་སྐུལ་འདེད་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱ་དགོས།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་མ་དངུལ་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་དུང་ཕྱུར་གསུམ་ལྷག་བཏང་ནས་མདོ་དབུས་མཐོ་སྒང་གི་ཞིང་སྡེའི་འཐུང་ཆུ་དང་། ས་ཆུ་སྲུང་འཛིན། འབྲོག་ཁུལ་གྱི་ཆུ་བེད་སོགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱས་ནས་རོང་འབྲོག་མང་ཚོགས་ས་ཡ་བཞི་འབུམ་ལྔ་ཁྲི་བདུན་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པར་མ་ཟད། དགོན་པ་སྟོང་གཅིག་དང་བཞི་བརྒྱ་ལྷག་་ཆུ་འདོན་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ་ཆུ་ཧ་ཅང་དཀོན་པའི་ས་ཁུལ་ཁ་ཤས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས།     ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཁབ་ཀྱི་མ་དངུལ་དུང་ཕྱུར་བཞི་ལྷག་བཏང་ནས། གནམ་མཚོ་དང་། ཡར་འབྲོག་གཡུ་མཚོ། ཁི་ལོའུ་ཁི་མཚེའུ། རྨ་ཆུའི་སྟོད་རྒྱུད་ཀྱི་མཚེའུ་སོགས་མཚེའུའི་འབབ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བཅས་ལ་རྒྱབ་སྐྱོར་བྱས།
ཉེ་བའི་ལོ་འདི་འགར། འབབ་རྒྱུད་ཆུང་བའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། རི་མ་ས་ཆའི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས་ས་ཆུ་ཤོར་བའི་བཅོས་སྐྱོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་བདུན་བརྒྱ་སུམ་བཅུ་གསར་དུ་ཁ་སྣོན་བྱས་ཡོད།རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མཚོ་སྔོན་པོ། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་རེར་ཆུ་བོའི་སྨད་རྒྱུད་སྤྱི་ལེ་གྲུ་བཞི་མ་ཐེར་ཆེན་དྲུག་གི་སྤུས་ལེགས་ཆུ་སྐྱེལ་འདྲེན་བྱས། མིག་སྔར། མདོ་དབུས་མཐོ་སྒང་གི་གཙང་བོ་དང་མཚེའུ་དག་གཞི་རྩའི་སྟེང་རང་བྱུང་གི་རྣམ་པ་ལྟར་གནས་ཡོད་པ་དང་ཆུ་སྤུས་སྲུང་འཛིན་བྱས་པའང་བཟང་
ས་རྒྱུའི་བྱེད་ནུས་ནུས་ཡོད་སྒོས་མཐོར་འདེགས་སུ་བཏང་།
མདོ་དབུས་མཐོ་སྒང་ནི་གོ་ལ་ཧྲིལ་བོའི་སྦགས་བཙོག་ཐེབས་པ་ཆེས་ཉུང་བའི་ས་ཁུལ་ཞིག་ཡིན་ལ། ས་རྒྱུ་ཁོར་ཡུག་གི་སྤྱིའི་རང་བྱུང་གཞི་གདན་དུ་གནས་ཡོད། ས་རྒྱུའི་རིགས་དབྱིབས་དང་ལྕི་བའི་ལྕགས་རིགས་གཞི་རྒྱུའི་འདུས་ཚད་ལ་རྟིང་རྡོའི་ངོ་བོ་དང་གནམ་གཤིས་ཆ་རྐྱེན་ཚོད་འཛིན་གྱིས་མིའི་རིགས་ཀྱི་བྱ་འགུལ་ལ་ཤུགས་རྐྱེན་ཐེབས་པ་ཅུང་ཉུང་། མཐོ་སྒང་གི་མཚེའུའིབསགས་རྫས་ཁྲོད་ཀྱི་ཟངས་དང་། ནེ། ཞ་ཉེ་སོགས་ལྕི་བའི་ལྕགས་རིགས་གཞི་རྒྱུའི་འདུས་ཚད་དེ་མིའི་རིགས་ཀྱི་བྱ་འགུལ་ཐེངས་མང་སྤེལ་སའི་མཚེའུ་ཡི་བསགས་རྫས་ལས་དམའ། ས་རྒྱུ་རྨོ་འདེབས་ཀྱི་ཐད་ནས་བལྟས་ན། བོད་ལྗོངས་ཀྱི་ས་ཁུལ་མང་པོའི་ས་རྒྱུ་རྨོ་འདེབས་ཀྱི་ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་རྒྱུའི་ཚད་གཞི་ལས་ལྷག་ཏུ་བཟང་།
སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱེད་ཐབས་རིམ་བཞིན་ལག་བསྟར་བྱས་པ་དང་བསྟུན་ནས།མདོ་དབུས་མཐོ་སྒང་གི་ས་རྒྱུའི་སྐྱེ་ཁམས་བྱེད་ནུས་ནུས་ཡོད་སྒོས་མཐོར་འདེགས་སུ་བཏང་།ཉེ་བའི་ལོ་ལྔ་བཅུའི་རིང་ལ། ཀྲུང་གོའི་རྩྭ་སའི་ས་རྒྱུའི་ཐཱན་གསོག་ཚད་ལ་གཡོ་འགུལ་རྣམ་པའི་འཕར་ཕྱོགས་མངོན་ཡོད་པ་དང་།དེའི་ནང་དུ། མདོ་དབུས་མཐོ་སྒང་གི་རྩྭ་སའི་ས་རྒྱུའི་ཐཱན་གསོག་ཚད་ཀྱི་བྱས་རྗེས་ཆེས་ཆེ་བ་རེད། མཐོ་སྒང་གི་ཐན་པ་ཆེ་བའི་རྩྭ་ས་རྨིད་གསུམ་གྱི་ས་རྒྱུའི་སྐྱེ་མེད་ཐཱན་མཛོད་གྱིས་རྒྱལ་ཡོངས་ཀྱི་ས་རྒྱུའི་སྐྱེ་མེད་ཐཱན་མཛོད་གྱི་བརྒྱ་ཆའི་བདུན་བཅུ་ཟིན། ཆུའི་མགོ་ཁུངས་ཀྱི་གསོ་སྐྱོང་ནུས་པའི་ཐད་ནས་བལྟས་ན། མདོ་དབུས་མཐོ་སྒང་གི་ལོ་རེ་ཆུའི་མགོ་ཁུངས་ཀྱི་གསོ་སྐྱོང་ཚད་སྤྱི་ལེ་གྲུ་བཞི་མ་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བཞི་ཐེར་འབུམ་ལྔ་རུ་སླེབས་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོ་ཡོངས་འགྲུབ་བྱས་པའི་རྗེས་སུ། ནགས་ཚལ་དང་རྩྭ་ས་སྐྱེ་ཁམས་མ་ལག་གི་ལོ་རེའི་ཆུའི་མགོ་ཁུངས་དེ་བཟོ་སྐྲུན་ལག་བསྟར་སྔོན་གྱི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དྲུག་ལ་འཕར་སྣོན་བྱུང་ཡོད། ར་བཀག་འགོག་གསོའི་བྱེད་ཐབས་ཀྱིས་ཀྱང་ས་རྒྱུའི་སྐྱེ་ལྡན་ཐཱན་དང་ས་རྒྱུའི་བརླན་བཤེར། སྐྱེ་དངོས་ཕྲ་རབ་གྱི་ཁོར་ཡུག་སོགས་ཀྱི་རྣམ་པ་ལེགས་བཅོས་ཐད་སྐུལ་འདེད་བཏང་།

 རླུང་ཁམས་ཆེན་མོའི་ཁོར་ཡུག་གི་རྣམ་པ་བཟང་བོ་སྲུང་འཛིན་བྱས།

མདོ་དབུས་མཐོ་སྒང་དུ་མིའི་རིགས་ཀྱི་བྱ་འགུལ་ཤུགས་ཚད་ཅུང་དམའ་བ་དང་།མཁའ་དབུགས་ཀྱི་སྤུས་ཚད་ལ་མིའི་རིགས་ཀྱི་བྱ་འགུལ་གྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཆུང་བར་མ་ཟད།   སྦགས་བཙོག་དངོས་རྫས་ཀྱི་རིགས་ཅུང་ཉུང་བ་དང་། གར་ཚད་ཅུང་དམའ་ལ། སྦགས་བཙོག་སྣ་ཚོགས་ཀྱི་དངོས་པོའི་འདུས་ཚད་བྱང་སྣེ་ས་ཁུལ་དང་ཧ་ལམ་འདྲ་མཚུངས་ཡིན། ལྗང་མདོག་ནུས་ཁུངས་ཀྱི་ཁྱབ་སྤེལ་དང་། སྐྱེ་ཁམས་གྲོང་རྡལ་འཛུགས་སྐྲུན་དང་ཞིང་སྡེ་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས། མདོ་དབུས་མཐོ་སྒང་གི་མཁའ་དབུགས་སྤུས་ཚད་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་བྱུང་། ཉིས་སྟོང་བཅུ་དྲུག་ལོར། རྒྱལ་ཡོངས་འབྲུ་རིགས་ཀྱི་གར་ཚད་ཚད་གཞིར་སླེབས་པའི་གྲོང་ཁྱེར་གཙོ་བོ་གོ་དྲུག་གི་ཁྲོད་དུ་གྲོང་ཁྱེར་བཅུ་དྲུག་མདོ་དབུས་མཐོ་སྒང་དུ་ཡོད། མིག་སྔར། མདོ་དབུས་མཐོ་སྒང་ས་ཁུལ་ནི་སྔར་བཞིན་སའི་གོ་ལའི་སྟེང་གི་ཆེས་དག་གཙང་གི་ས་ཁུལ་ཞིག་ཡིན།

མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་།
ཉིས་སྟོང་དགུའི་ཚུན་ལ།རྒྱལ་ཁབ་ཀྱི་བསྡོམས་བསགས་མ་དངུལ་ཐེར་འབུམ་དྲུག་དང་དུང་ཕྱུར་གཉིས་ལྷག་བཏང་ནས། བོད་རང་སྐྱོང་ལྗོངས་དང་།མཚོ་སྔོན་ཞིང་ཆེན་དང་དེ་མིན་སི་ཁྲོན། ཡུན་ནན། ཀན་སུའུ་སོགས་བོད་ཁུལ་གྱི་མཁར་གྲོང་གི་འཚོ་བའི་བཙོག་ཆུའི་གད་སྙིག་ཐག་གཅོད་སྒྲིག་ཆས་དང་བཙོག་ཆུ་དྲ་རྒྱའི་དོ་དམ་གྱི་ལས་གཞི་ལ་རྒྱབ་སྐྱོར་བྱས་ཏེ། ས་གནས་དེའི་མཁར་གྲོང་གི་འཚོ་བའི་བཙོག་ཆུ་དང་། གད་སྙིགས་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་སུ་བཏང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། རྒྱལ་ཁབ་ཀྱིས་བསྡོམས་བསགས་མ་དངུལ་ཐེར་འབུམ་ལྔ་དང་དུང་ཕྱུང་བཞི་ལྷག་བཏང་ནས། མཐོ་སྒང་གི་ཞིང་ཆེན་སོ་སོར་ཞིང་སྡེ་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བར་རྒྱབ་སྐྱོར་བྱས། དེའི་ནང་དུ།  བོད་རང་སྐྱོང་ལྗོངས་་དུང་ཕྱུར་གསུམ་ལྷག་དང་། སི་ཁྲོན་ཞིང་ཆེན་ལ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལྷག་དང་། ཡུན་ནན་ཞིང་ཆེན་ལ་དུང་ཕྱུར་བརྒྱད་ལྷག་དང་ ། མཚོ་སྔོན་ཞིང་ཆེན་ལ་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་བཀོད་སྒྲིག་བྱས།
བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་གཞིས་ཁུལ་ལྗང་བསྒྱུར་དང་། མཛེས་བསྒྱུར་ལ་ཤུགས་བསྣན་ནས།གད་སྙིགས་རིགས་བགར་ཏེ་ཐག་གཅོད་བྱེད་པ་དང་། འཛེར་སྒྲའི་སྦགས་བཙོག་དང་། བཙོག་ཆུ་ཕྱིར་གཏོང་། སོག་མ་མེར་སྲེག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།
ཉིས་སྟོང་བཅུ་ལོ་ནས་བཟུང་།  བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱིར་བརྒྱད་ལྷག་བཀོད་སྒྲིག་བྱས་ནས།སྡེ་བ་སྟོང་ལྔ་དང་ཉིས་བརྒྱ་རེ་གཅིག་གི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་སྤེལ་བ་དང་།ཞིང་སྡེ་ཁོར་ཡུག་གི་ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཛུགས་སྐྲུན་བྱས་ནས།ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་བཏང་།ཉིས་སྟོང་བརྒྱད་ལོ་ནས་བཟུང་།མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་ཁོར་ཡུག་ཡུག་གཅིག་ཏུ་འབྲེལ་བའི་བཅོས་སྐྱོང་བྱ་བ་སྤེལ་བ་དང་།བསྡོམས་པའི་ཆེད་གཉེར་རྣམ་གྲངས་མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་ལྷག་བཏང་།སྡེ་བ་སྟོང་གསུམ་ལྷག་དང་འབྲོག་པའི་གཏན་སྡོད་ཁུལ་དུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པ་དང་།མི་འབོར་ཁྲི་གཉིས་ལྷག་ལ་ཕན་ཐོག་ཡོད་ལ།ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར་ལས་བརྒྱ་ཆའི་དོན་དྲུག་ཟིན།
ཉིས་སྟོང་བཅུ་བཞི་ལོར།མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་གྱི་བྱ་བ་སྤེལ་འགོ་བརྩམས་པ་ནས།ཉིས་སྟོང་བཅུ་བདུན་ལོའི་ལོ་འཇུག་བར་དུ་འཛུགས་སྐྲུན་མ་དངུལ་ཐེར་ཆེན་གཅིག་དང་དུང་ཕྱུར་བདུན་ལྷག་ཡོངས་འགྲུབ་བྱས་ཟིན།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་འཚོ་བའི་བཙོག་ཆུ་ཐག་གཅོད་བྱས་ཚུལ་དང་།གནོད་པ་མེད་པའི་འཚོ་བའི་གད་སྙིགས་ཐག་གཅོད་ཚད་སོ་སོ་བརྒྱ་ཆའི་དོན་བརྒྱད་དང་བརྒྱ་ཆའི་གོ་དྲུག་ལྷག་ཏུ་སླེབས་ནས།གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་གྱི་ཇེ་ལེགས་སུ་སོང་།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གསུམ་ནང་གད་སྙིགས་བཙོག་ཆུའི་བྱ་སྤྱོད་ལག་བསྟར་བྱས་པ་དང་།ཉིས་སྟོང་བཅུ་བདུན་ལོར་ས་གནས་སྲིད་གཞུང་གི་ཆེད་གཉེར་རྣམ་གྲངས་བུན་འཛིན་མ་དངུལ་དུང་ཕྱུར་གཉིས་ལྷག་རྣམ་པ་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་གྱི་ཐད་བཀོལ། ཉིས་སྟོང་བཅུ་བདུན་ལོའི་ལོ་འཇུག་བར་དུ།སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པའི་མ་དངུལ་དུང་ཕྱིར་ལྔ་ལྷག་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ས་ཁུལ་དུ་ཕྱིར་འཚོང་བྱེད་པར་སྔོན་འགོག་དང་།དོན་སྤྲོད་དང་།   དོ་སྣང་མི་བྱེད་པ་དང་རྒྱུ་སྤུས་མེད་པའི་སྤོས་འགྱིག་གི་བཟོས་དངོས་བཀོལ་སྤྱོད་མི་བྱེད་པ།ཆུ་སྦགས་བཙོག་དང་ས་རྒྱུ་སྦགས་བཙོག  རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བཅས་ལ་གྲུབ་འབྲས་མངོན་གསལ་བླངས།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་ལྷག་བཏང་ཟིན་ལ། སྐྱེ་ཁམས་དཔལ་ཡོན་ལྡན་པའི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་གྱི་རྣམ་གྲངས་བདུན་བརྒྱ་དང་གསུམ་ལག་བསྟར་བྱས་པ་དང་།སྡེ་བ་འདི་དག་གི་རྨང་གཞི་སྒྲིག་ཆས་དང་།སྤྱི་པའི་ཞབས་ཞུ། སྤྱི་ཚོགས་འགན་སྲུང་།སྐྱེ་ཁམས་ཁོར་ཡུག་སོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་།