གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་བ།
2018.08.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 31

གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་བ།

ཉེ་ལམ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་བསྡུས།

ཡུལ་དངོས་ལྟ་སྦྱོང་ཚོགས་འདུས་རྣམ་པ་མང་པོ་དང་ཕྱོགས་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པ་འཛུགས་སྐྲུན་བྱས་པའི་ཚུན་ལ་ཐོབ་པའི་གྲུབ་འབྲས་འགྲེམ་སྟོན་བྱས། ད་ལྟའི་བར། གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གཅིག་ས་ཡ་གཅིག་བཏང་བ་དང་། དེས་སྤྱིའི་མ་དངུལ་གཏོང་བའི་འཆར་གཞིའི་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་ལྔ་ཟིན་ཡོད། རིམ་བསགས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་གཏོང་བ་ལེགས་འགྲུབ་བྱས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་འཁོར་ཕྱོགས་ལ་ཚོད་འཛིན་ཙམ་ཐོབ་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་གཞི་རྐྱེན་སྲོལ་ཉིན་རེར་འཐུས་ཚང་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་གཏན་འཇགས་ངང་ཇེ་མཐོར་སོང་བ་དང་།  སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་བཏང་།

ཡུལ་དངོས་ལྟ་སྦྱོང་ཚོགས་འདུའི་སྐབས་སུ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པའི་ཕན་འབྲས་ཀྱང་འགྲེམ་སྟོན་བྱས། གུང་ཧོ་རྫོང་གིས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པའི་བྱེ་ཐང་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད། འཕྲུལ་ཆས་ཀྱིས་བྱེ་མ་འཇགས་པ་དང་སྐྱེ་དངོས་ཀྱིས་བྱེ་མ་འཇགས་པའི་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་པ་དང་། བྱེ་འགོག་ནུས་པ་མངོན་སུམ་ལྡན་པའི་སྐྱེ་དངོས་དང་ཚབ་བརྗེ་སྡོང་ཕྲུག་གཉིས་ཟུང་འབྲེལ་བྱེད་པ། སྡོང་བོ་དང་ཤིང་ཕྲན། རྩྭ་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། མིག་སྔར་མིས་ཐབས་ཀྱིས་བཙུགས་པའི་ནགས་ཚལ་སྤྱི་ཆིང་སྟོང་བཞི་བརྒྱད་བརྒྱ་རེ་བདུན་ལེགས་འགྲུབ་བྱས་པ་དང་། བྱེ་ས་སྤྱི་ཆིང་ཁྲི་གཅིག་སྟོང་བཞི་བཅོས་སྐྱོང་བྱས། ལོ་དེར་བཙུགས་པའི་སྡོང་པོའི་སྐྱེས་ཚད་ཆ་སྙོམས་ཀྱིས90%ཡན་ལ་སླེབས། ལོ་མང་པོར་སྡོང་འཛུགས་ནགས་སྐྲུན་བྱས་པ་བརྒྱུད། ད་ལྟ་བྱེ་ཐང་བཅོས་སྐྱོང་བྱས་པའི་ཕན་འབྲས་མངོན་གསལ་རེད། །

                                                                                                                               རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།