སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས།
2018.09.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 74

 ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཆོས་ཉིད་དང་། རང་བྱུང་ཆོས་ཉིད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་འཛིན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་དང་འཛམ་གླིང་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཤིག་ཏུ་གྱུར།

ཉེ་ལམ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོའི་གསལ་བསྒྲགས་དེས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་པའི་དམིགས་འབེན་གཙོ་བོ་རྒྱས་བཤད་གནང་། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་སྤྱི་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་འཚོར་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད་ཆོག

འདས་པའི་ལོ་ལྔའི་རིང་ལ། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། འགྱུར་ལྡོག་དེས་མི་རྣམས་ཧ་ལས་སུ་བཅུག་ཅིང་། དེའི་འཕེལ་རྒྱས་ཀྱི་མྱུར་ཚད་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མགྱོགས་ཤོས་སུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཧ་ལས་པའི་ངང་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་གྱི་ལྗང་མདོག་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་གླེང་། གྲུབ་འབྲས་ཀྱི་ལྟག་རྒྱབ་ཏུ། ང་ཚོའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཞུང་ལུགས་ངོས་འཛིན་ཐད་ཀྱི་འཕེལ་རྒྱས་ཆེན་པོ་ཡོད། གཞུང་ལུགས་མཐིལ་ཕྱིན་པ་ཞིག་ཡིན་ཚེ། མི་རྣམས་ཀྱིས་ཁས་ལེན་ཐོབ། ལོ་ངོ་ལྔ་ཡི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་ཅིའི་ཕྱིར་བསྐྲུན་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་ཇི་ལྟ་བུ་ཞིག་བསྐྲུན་པ། སྐྱེ་ཁམས་དཔལ་ཡོན་ཇི་ལྟར་བསྐྲུན་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་དྲིས་ལན་ཟབ་མོ་བཏབ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཆོས་ཉིད་དང་། རང་བྱུང་ཆོས་ཉིད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་འཛིན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་དང་འཛམ་གླིང་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཤིག་ཏུ་གྱུར།

ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་འདུ་ཤེས་གལ་ཆེན་མངོན་ཡོད་ཅིང་། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནས་སྟངས་གསར་བའི་སྲོལ་བཏོད། ཀྲུང་ཧྭ་མི་རིགས་ཀྱིས་གནའ་ནས་རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་ལ་དགའ་ཞེན་བྱེད་ཅིང་། མི་དང་རང་བྱུང་གི་རྩོད་སྒྲུབ་འབྲེལ་བ་དེ་མིའི་རིགས་འཕེལ་རྒྱས་ཀྱི་དུས་གཏན་གྱི་བརྗོད་གཞི་ཞིག་ཏུ་གྱུར། ཡིན་ནའང་། མིའི་རིགས་དང་བཟོ་ལས་དཔལ་ཡོན་འཕྲད་པ་དེས། སྲོལ་རྒྱུན་བཟོ་ལས་ཅན་དེ་རང་གི་ཐོན་ཁུངས་བཀོལ་སྤྱོད་རགས་མོ་དང་། རང་བྱུང་ཚད་བརྒལ་གྱིས་གསར་སྤེལ་བྱས་ཏེ། སྦགས་བཙོག་བཅོས་སྐྱོང་ལས་རིང་དུ་གྱུར་སྟབས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་གནད་དོན་བྱུང་བ་རེད།

ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་དམངས་ཚིས་བདེ་སྐྱིད་ཀུན་ལ་ཕན་པའི་དམིགས་ཡུལ་གྱི་དགོངས་དོན་སྟེང་མངོན་ཡོད་ལ། སྐྱེ་ཁམས་ཀྱིས་དམངས་ལ་ཁེ་ཕན་སྐྲུན་པ་དང་། སྐྱེ་ཁམས་ཀྱིས་དམངས་ལ་ཕན་བདེ་སྐྲུན་པ། སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པའི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བའི་མགོ་བརྩམས། སྔོན་ཆད་ཚུར་ལེན་པ་ལས་ཕར་གཏོང་བ་མི་གཙོ་བ་དང་། བཀོལ་སྤྱོད་གཙོ་བ་ལས་སྲུང་སྐྱོབ་གཙོ་བོར་མ་བཞག་པ། རང་བྱུང་ལ་སྣང་ཆུང་དང་རང་བྱུང་ལ་གཏོར་བརླག་བཏང་བའི་མཇུག་འབྲས་དེ་ལས་ལྡོག་སྟེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་ལེགས་བཅོས་ལ་བར་ཆད་བཟོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཞིང་མི་རིགས་ཀྱི་མ་འོངས་པར་འབྲེལ་ཡོད་པའི་ཐབས་ཇུས་ཟབ་མོ་དང་དམིགས་རྒྱང་རིང་བོ་ནས། ཁོར་ཡུག་ནི་དམངས་ཚིས་དང་། སྔོ་ལྗང་གི་རི་ཆུ་ནི་མཛེས་སྡུག་ཡིན་པ། སྔོ་བསངས་ཀྱི་མཁའ་དབྱིངས་དེའང་བདེ་སྐྱིད་ཡིན་པའི་རྩོད་སྒྲུབ་བསམ་བློའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་ཡང་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་སྤྱི་སྙོམས་ཀྱི་སྤྱི་པའི་ཐོན་རྫས་ཡིན་ཞིང་། ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན།

འཛམ་གླིང་ཡོངས་ལ་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་དང་འདྲ་བར་འདི་ལྟར་མངོན་གསལ་དོད་པོས་སྐྱེ་ཁམས་དཔལ་ཡོན་དེ་སྲིད་འཛིན་རྩ་འཛིན་དུ་བྲིས་པ་དང་། སྐལ་བ་སྟོང་གི་སྐྱེ་ཁམས་ཇུས་ཆེན་གྱི་དུས་རབས་འགན་འཁྲི་ཕྲག་ལ་འཁུར་ཕོད་པའི་སྲིད་ཏང་ཤིན་ཏུ་ཉུང་བ་དང་། ཡང་ཅིག་བཤད་ན་ཀྲུང་གོ་ནང་བཞིན་དེ་ལྟར་དངོས་ཡོད་གྱི་ལམ་ནས་ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་འཚོ་བའི་འདུ་ཤེས་ལག་ལེན་བྱེད་པའི་རྒྱལ་ཁབ་ཤིན་ཏུ་ཉུང་བས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་གི་དར་ཆ་བསྒྲེང་མཁན་དུ་གྱུར། སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཀྲུང་གོའི་ལག་ལེན་དེས་མཛེས་སྡུག་ཀྲུང་གོའི་གསོན་ཉམས་ཀྱི་པར་རིས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་རྨང་གཞི་བཏིངས་ཟིན་པ་དང་། དེ་ལས་ཀྱང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཀྲུང་གོའི་འཚོལ་ཞིབ་ཀྱིས་མིའི་རིགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ལ་ཇུས་གཞི་གསར་བ་འདོན་སྤྲོད་བྱས་ཤིང་། མིའི་རིགས་ཐུན་མོང་ལ་དབང་བའི་སའི་གོ་ལའི་གཞིས་ཁྱིམ་སྲུང་སྐྱོབ་ལ་བྱས་རྗེས་གསར་བ་བཞག

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།