ལམ་ལུགས་ནན་མོ་དང་བཅའ་ཁྲིམས་ནན་མོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།
2018.11.12 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 43

 བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལམ་ལུགས་གཏན་འཁེལ་དང་ཁྲིམས་ལུགས་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་དང་བཟོ་བཅོས་བྱས་པས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་གྱུར་མོད། འོན་ཀྱང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་གྱི་ལས་འགན་ལྕི་ཞིང་རྒྱང་ཐག་རིང་བས། ང་ཚོས་མུ་མཐུད་དུ་ནན་ནན་ཏིག་ཏིག་གིས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་དང་བཅའ་ཁྲིམས་ནན་མོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།

  རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས། བསམ་གཞིགས་གཏོང་སྟངས། རིན་ཐང་འདུ་ཤེས་བཅས་ལ་འབྲེལ་བའི་གསར་བརྗེ་རང་བཞིན་གྱི་འཕོ་འགྱུར་ཅིག་ཡིན་པས། ལམ་ལུགས་དང་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་དང་འཐུས་ཚང་། ལག་བསྟར་བཅས་བྱེད་པར་སྐུལ་འདེད་བཏང་བས། ལམ་ལུགས་འགྲེམ་སྤེལ་ཞིབ་ཚགས་ཡིན་ཞིང་ལྟ་སྐུལ་དོ་དམ་གཟབ་ནན་ཡིན་པ། ཁོར་ཡུག་སྤུས་ཚད་ལེགས་བཅོས་ཀྱི་མྱུར་ཚད་མགྱོགས་པ་བཅས་ལ་སྔ་ན་མེད་པའི་གྲུབ་འབྲས་ཐོན་ཡོད།

  རང་རྒྱལ་གྱིས་སྔ་གཞུག་ཏུ་རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་དང་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོབ་ལམ་ལུགས། ཐོན་ཁུངས་སྤྱིའི་གྲངས་འབོར་དོ་དམ་དང་ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་སོགས་ལམ་ལུགས་རབ་དང་རིམ་པ་གཏན་འཁེལ་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་བཙུགས་པ་མ་ཟད་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་བཅས་ཀྱི་འབག་བཙོག་འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་གཏིང་ཟབ་ཏུ་ལག་བསྟར་བྱས། ཐོག་མརཀྲུང་གོས2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་བྱེད་པའི་རྒྱལ་ཁབ་གཅིག་གི་ཇུས་གཞིབཀྲམ་པ་དང་། རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཆར་འགོད2014ལོ་ནས2020ལོལག་བསྟར་བྱས། ཁྱད་པར་དུ2015ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའིསྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆརདངསྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་སྤྱིའི་ཇུས་གཞིཡི་ཁྲོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན། ལས་འགན་གཙོ་བོ། ལམ་ལུགས་མ་ལག་བཅས་སྔར་ལས་གསལ་བོ་བྱས་ཡོད། མིག་སྔར། རྒྱལ་ཡོངས་ལ་ཁེབས་པའི་བྱེད་ནུས་ཁུལ་གཙོ་བོའི་ལམ་ལུགས་དང་ཐོན་ཁུངས་ཁོར་ཡུག་དོ་དམ་ལམ་ལུགས་བཙུགས་ཟིན་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། དུས་མཚུངས་སུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་དོ་དམ། བཅའ་ཁྲིམས་ལག་བསྟར་བཅས་དངོས་གནས་དམ་འཛིན་བྱས་ཏེ། བཅའ་ཁྲིམས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྲུང་སྐྱོབ་བཟང་པོ་བྱས། སྔ་གཞུག་ཏུ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས། ཆུའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་འགྲེམ་སྤེལ་བཟོ་བཅོས་བྱས་པ་དང་། ཁོར་ཡུག་ལྟ་ཞིབ་བྱེད་ཐབསདངཁོར་ཡུག་ལྟ་ཞིབ་ཚད་ལེན་དོ་དམ་བྱེད་ཐབསསོགས་སྲིད་ཇུས་སྒྲིག་སྲོལ་བརྒྱ་ལྷག་འགྲེམ་སྤེལ་བྱས་ཏེ། འབད་བརྩོན་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་དང་གནད་འགག་གི་གོ་རིམ་སོ་སོར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་ཡོད་པ་དང་། སྒྲིག་སྲོལ་ལམ་ལུགས་ལག་ལེན་དུ་བསྟར་ཆོག་པ་མངོན་འགྱུར་བྱས།

   སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་གྱི་ཐད་སྔར་བཞིན་གནད་དོན་ཁ་ཤས་གནས་ཡོད།

  མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྒྲིག་སྲོལ་དང་རྐྱེན་སྲོལ། བཅའ་ཁྲིམས་བཅས་འཐུས་ཚང་མིན་པའི་གནད་དོན་སྔར་བཞིན་གནས་ཡོད་པས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གི་སྡོམ་ཤུགས་ཞན་པ་དང་། སྐུལ་འདེད་བྱེད་ཚད་མི་འདང་བ། ལག་བསྟར་ནུས་ལྡན་མིན་པ་བཅས་བཟོས་ཏེ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པར་བྱས།

  ལམ་ལུགས་འཛུགས་སྐྲུན་ཐད་ད་དུང་དུམ་བུ་ཅན་དང་ཐར་ཐོར་ཅན། སྡེ་ཁག་ཅན་བཅས་ཀྱི་སྣང་ཚུལ་གནས་ཡོད་པས། ལམ་ལུགས་མ་ལག་གི་སྡོམ་ཤུགས་ཆེན་པོ་དེ་མངོན་འགྱུར་བྱེད་དཀའ་ཞིང་། སྡེ་ཁག་གི་འགན་འཁྲི་ཕན་ཚུན་བསྐྱར་ཟློས་དང་བར་སྟོང་འཆར་འགོད་ལུགས་མཐུན་མིན་པ། ས་གནས་ཀྱི་འཆར་འགོད་ཡང་ཡང་སྒྱུར་བ་སོགས་ཀྱི་གནད་དོན་ཀྱང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་སྔར་བཞིན་གནས་ཡོད། དཔེར་ན། སྐོར་ཐེངས་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བསམ་འཆར་ཕྱིར་འདྲེན་ལས་མངོན་པ་ལྟར་ན། ས་གནས་ཡོངས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དངོས་འབེབས་ནུས་ལྡན་མིན་པ་དང་། ཚད་གཞི་ཇེ་དམར་གཏོང་བ།   བླང་བྱ་ཇེ་ལྷོད་ཡིན་པ། ཁྲིམས་འགལ་དོན་དངོས་གསང་བ་བཅས་ཀྱི་གནད་དོན་གནས་ཡོད། ས་གནས་ཁག་ཅིག་གི་བཅའ་ཁྲིམས་ཚད་གཞི་དང་སྲིད་ཇུས་ཡིག་ཆ་དེ་ཀྲུང་དབྱང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཕན་ཚུན་འགལ་ཟླར་གྱུར་ཡོད་པ་ལྟ་བུ་རེད། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་སྒོསལྗང་མདོག་གོ་ཆ2017རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟ་སྐུལ་ལྟ་ཞིབ་ཆེད་དོན་བྱ་སྤྱོད་སྤེལ་སྐབས། འབྲེལ་ཡོད་ས་གནས་རང་བཞིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་པོད་བཅུ་གཉིས་མེད་པར་བཟོས་པ་དང་། པོད་ལྔ་གཅིག་བཟོ་བཅོས་བྱས།

  རང་བྱུང་ཐོན་ཁུངས་དང་དེའི་ཐོན་རྫས་ཀྱི་རིན་གོང་བལྟོས་བཅས་ཀྱིས་དམའ་ཞིང་། ཐོན་སྐྱེད་གསར་སྤེལ་གྱི་མ་རྩ་དེ་སྤྱི་ཚོགས་ཀྱི་མ་རྩ་ལས་དམའ་བ། སྐྱེ་ཁམས་སྲུང་སྐྱོབ་བྱས་ཀྱང་ཐོབ་འོས་པའི་ཕན་འབྲས་མི་མངོན་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད།  སྐྱེ་ཁམས་ཐོན་རྫས་ཀྱི་དགོས་མཁོར་བལྟས་ནས་བཤད་ན། དེ་ལ་སྤྱི་པའི་ཐོན་རྫས་ཀྱི་ཁྱད་ཆོས་ལྡན་པས། སྤྱི་ཚོགས་ཀྱི་དགོས་མཁོར་ཚད་མེད་པ་རེད། སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ལ་བལྟས་ན་བཤད་ན། ཚོང་རའི་རྐྱེན་སྲོལ་འཐུས་ཚང་མིན་པའི་དབང་གིས། རིན་ཐང་གི་སྐྱིན་ཚབ་གང་ལེགས་སྒོས་མངོན་འགྱུར་བྱེད་མི་ཐུབ་པ་དང་། ཚོང་རས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱེད་པའི་བརྩོན་སེམས་མི་མཐོ་བ་རེད། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་རྐྱེན་སྲོལ་འཐུས་ཚང་མིན་པ་ལས་ཐོན་པའི་འགལ་བ་དེས། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ལ་བཀག་འགོག་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་ཀྱིན་ཡོད།

སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་དོ་དམ་འགན་ནུས་ཕན་ཚུན་གོ་འཛོལ་བྱུང་བ་དང་འགན་དབང་གཅིག་གྱུར་མིན་པ། ཁྲིམས་འགལ་གྱི་ཚད་གཞི་ཆེས་ཞན་པ། ད་རུང་འཕེལ་རྒྱས་ཀྱི་བྱས་འབྲས་གདེང་འཇོག་འཐུས་ཚང་མིན་པ། འགན་འཁྲི་དངོས་འབེབས་དོན་ཐོག་ཏུ་འཁྱོལ་མེད་པ། གནོད་འཚེའི་འགན་འཁྲི་རྩད་གཅོད་མི་འདང་བ་སོགས་ཀྱི་གནད་དོན་སྔར་བཞིན་ཚད་མི་འདྲ་བར་གནས་ཡོད། སྐྱེ་ཁམས་ཁོར་ཡུག་གི་དོན་རྐྱེན་ཆེན་པོ་ཁ་ཤས་ཀྱི་ཁྲོད་དུ།  ས་གནས་ཁག་གི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཞན་པ་དང་འགན་ནུས་ལག་བསྟར་དོན་ཐོག་ཏུ་མ་འཁྱོལ་བ། ཁྲིམས་འཛིན་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་ཚད་མི་ལེགས་པ་བཅས་ཀྱི་གནད་དོན་ཀྱང་གནས་ཡོད་པ་རེད།

   སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གི་འགན་སྲུང་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཚེ། ད་གཟོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་ཐུབ།  ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ཤུགས་ཕུད་དེ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་གཏོར་ཏེ། གོམ་གང་མདུན་སྤོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་དགོས།

   ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན། ཐོག་མར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ལ། ལམ་ལུགས་ཀྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་འགན་ནུས་ཇེ་དྲག་ཏུ་གཏོང་བ་དང་། འགོ་ཁྲིད་གཙོ་བོ་ནི་རང་སྲིད་འཛིན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་པ་དང་པོ་ཡིན་པ་གསལ་བོ་བྱས་ཏེ། ཐོན་ཁུངས་ཟད་གྲོན་དང་ཁོར་ཡུག་གཏོར་བརླག སྐྱེ་ཁམས་ཕན་འབྲས་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་གི་དམིགས་ཚད་གལ་ཆེན་དུ་འཇོག་པ་དང་། དཔྱད་ཞིབ་གདེང་འཇོག་གི་བཀོད་འདོམས་ནུས་པ་དངོས་གནས་བཀོལ་སྤྱོད་ལེགས་པོ་བྱས་ནས། ལམ་ལུགས་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཉིས་ནས་ཚོང་ར་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཐོན་ཁུངས་ཁོར་ཡུག་གི་རིན་གོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱེད་སྟངས་སྣ་མང་སྤྱད་དེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལས་གཞིར་རྒྱབ་སྐྱོབ་བྱེད་པ། ལས་གཞི་གལ་ཆེན་གྱི་ཚན་རྩལ་འགག་གཏོར་ཇེ་ཆེར་གཏོང་བ། སྐྱེ་ཁམས་ཁོར་ཡུག་གནད་དོན་གལ་ཆེན་ལ་ཐབས་ཇུས་རང་བཞིན་གྱིས་ཞིབ་འཇུག་བྱེད་པ།    ཐོན་ཁུངས་ལ་སྐྱིན་ཚབ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དང་སྐྱེ་ཁམས་སྐྱིན་ཚབ་ལམ་ལུགས་འཛུགས་དགོས། གསུམ་ནས་ལམ་ལུགས་ཇུས་འགོད་འཐུས་ཚང་ཡིན་རུང་། དེ་དངོས་འབེབས་མ་བྱས་ཚེ་ཁ་བཤད་ཆུ་ཡི་ཝུ་བ་ལྟ་བུ་ཡིན་པ་ཤེས་དགོས། ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཞན་པ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ། ལག་བསྟར་ནན་མོ་མིན་པ་སོགས་གནད་དོན་ལ་དམིགས་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་དངོས་ཡོད་དྲང་བདེན། ཚན་རིག་ངོས་འཛིན། འགན་དབང་གཅིག་གྱུར། རྩད་གཅོད་མཐའ་འཁྱོངས་བཅས་ཀྱི་རྩ་དོན་ལྟར། ཚན་རིག་ལུགས་མཐུན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཛུགས་པའི་དུས་མཚུངས་སུ། དཔྱད་ཞིབ་མཇུག་འབྲས་དེ་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་བྱ་དགའ་ཆད་གཅོད་དང་བསྐོ་བཞག་བཀོལ་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་དུ་འཇོག་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་བ་དང་།  ཁྲིམས་འཛིན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པ་དང་། མཇུག་འབྲས་ཚབས་ཆེན་ཡིན་པའི་མི་ལ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། དོན་ངོ་མའི་ཐོག་ནས་ལམ་ལུགས་དེ་གཅུན་འདོམས་བྱེད་ཐབས་དང་མཐོ་གནོན་བྱེད་ཐབས་གལ་ཆེན་ཏུ་འགྱུར་བར་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།