མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་།
2018.11.23 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 33

གསར་འགོད་པས་ཉེ་ལམ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཁོར་ཡུག་སྨྱན་བྱད་གསར་པ་འཛུགས་སྐྲུན་དང་། ཁོར་ཡུག་གསར་འགྱུར་གླེང་ཕྱོགས་སྣེ་ཁྲིད། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བར་སྐུལ་འདེད་ཆེན་པོ་བྱས་པར་གྲུབ་འབྲས་ལེགས་པོ་ཐོབ།

སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ལེགས་པོར་བསྒྱུར་བའི་དཀྱིལ་སྙིང་ལ་དམ་པོར་དམིགས་ཏེ། ཁོར་ཡུག་སྨྱན་བྱད་གསར་པའི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ་དང་། ཁོར་ཡུག་གི་གསར་འགྱུར་གླེང་ཕྱོགས་སྣེ་ཁྲིད་ལ་ནུས་པ་དང་ཕན་འབྲས་ཡོད་པར་གྱུར་ལ། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་རྣམ་པ་མུ་མཐུད་དུ་གསར་གཏོད་བྱས་ཤིང་། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་བྱ་བར་གྲུབ་འབྲས་མངོན། མིག་སྔར། ཁོར་སྲུང་སྒྲིག་གཞི་སྤྱི་ཡོངས་ལ་སྒོ་འབྱེད་པའི་བྱ་འགུལ་གྱི་གོམ་པ་རྒྱུན་རྣམ་ཅན་དུ་གྱུར་ཏེ། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་དང“སྐྱེ་ཁམས་སྒེའུ་ཁུང”སྔོན་ལ་འགྲུབ་སྟེ། ཕྱི་ཕྱོགས་ལ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་དུ་གྱུར། ཞིང་ཆེན་རིམ་པའི“མཚོ་སྔོན་ཁོར་སྲུང”པོད་འཕྲིན་དང་། སྐད་འཕྲིན་དང་འཁོར་སྲུང་སྲིད་གཞུང་དྲ་ཚིགས་ཀྱི་སྨྱན་བྱད་གསར་པའི་འཕྲིན་སྟེགས་བཙུགས་ཟིན་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཀྱང“འཕྲིན་གཉིས”སྟེགས་བུ་ཤར་གཏོང་བྱས་ནས། ཞིང་ཆེན་དང་ས་གནས་ཀྱི“འཕྲིན་གཉིས”འཕྲིན་སྟེགས་མཉམ་དུ་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱུང་། དྲ་དམངས་དང་མཉམ་འགུལ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་གླེང་ཕྱོགས་ཀྱི་དྲང་ནུས་མཐོར་འདེགས་ལ་སྣེ་ཁྲིད་བྱས། དུས་མཚུངས་སུ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་སྐབས་སུ། དྲིལ་སྒྲོག་སྤེལ་གཏོང་བྱ་བ་ལྟ་ཞིབ་སྐོར་ཐེངས་འདྲ་མཚུངས་ཀྱི་ཞིང་ཆེན་ཁྲོད་སྒྲུབ་ཤུགས་ཆེ་ཤོས་ཡིན་ཞིང་། སྤྱི་ཚོགས་ཡོངས་ཀྱི་ངེས་ཤེས་བྱུང་ཚད་དང་། ཟབ་ཞུགས་ཚད། ཡིད་ཚིམས་ཚད་དང་དྲ་ཐོག་གི་དྲང་ཕྱོགས་གདེང་འཇོག་ཆ་སྙོམས་ཀྱིས་སྔོན་གྲས་སུ་ཚུད་ཡོད།

གསར་འགོད་པས་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་”ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་གི་རྟགས་མཚན་རང་བཞིན་ལྡན་པའི་འཐབ་འཛིང་བརྒྱད་ལ་དམ་པོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བའི་གནད་སའི་ལས་འགན་དང་བྱ་བ་གཙོ་བོར་དམིགས་ཏེ།  གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་བྱ་བར་བརྟེན་ནས་གླེང་ཕྱོགས་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཁོར་སྲུང་སྨྱན་བྱད་གསར་པའི་རྣམ་པ་འཛུགས་སྐྲུན་ལ་བརྟེན་ནས་ཐོན་ཁུངས་གཅིག་བསྡུས་ལ་སྐུལ་འདེད་དང་། ཁོར་སྲུང་སྒྲིག་གཞི་སྤྱི་ཡོངས་ལ་སྒོ་འབྱེད་བྱས་པར་བརྟེན་ནས་སྤྱི་ཚོགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། སྡེ་ཁག་གི་རམ་འདེགས་དང་ཁོར་སྲུང་སྤྱི་ཚོགས་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཐུན་སྦྱོར་བྱས་པར་བརྟེན་ནས་ཁོར་སྲུང་འཐབ་ཕྱོགས་གཅིག་གྱུར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཁོར་སྲུང་དྲིལ་སྒྲོག་བརྩམས་ཆོས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ལེགས་པོར་བསྒྲུབ་པར་བརྟེན་ནས་སྤྱི་པའི་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཚན་རིག་ཞིབ་འཇུག་ཐག་གཅོད་ལ་བརྟེན་ནས་ཁོར་སྲུང་གླེང་ཕྱོགས་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། སྔར་ལས་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་གླེང་ཕྱོགས་ཀྱི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་པ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན།  ཟླ11པའི་ཚེས16ཉིན་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་སྲུང་ཐེབས་རྩ་ཚོགས་པ་དང་། ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས་ནས་མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་ལ་བདག་སྐྱོང་བྱ་རྒྱུ་རེད།

ཕྱོགས་གཉིས་ཀྱིས་འདྲ་མཉམ་གཉིས་ཕན་དང་། དགེ་མཚན་ཁ་གསབ། ཕན་ཚུན་རོགས་རེས། མཉམ་དུ་དར་སྤེལ་ཞེས་པའི་རྩ་དོན་ལྟར། ཞིབ་འཇུག་གླིང་གི་ཚན་ཞིབ་པ་དང་འཇོན་མིའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ།  ཐེབས་རྩ་ཚོགས་པའི་མ་དངུལ་བསྡུ་རུབ་ཀྱི་སྟེགས་བུ་དང་བྱེད་སྒོ་སྒྲིག་འཛུགས་ཀྱི་དགེ་མཚན་དང་འབྲེལ་ནས་འཐབ་ཇུས་རང་བཞིན་གྱི་མཉམ་ལས་བྱས་ནས་རྨ་འབྲི་རྫ་གསུམ་ས་ཁུལ་དུ་སྣོད་བཅུད་ཁོར་སྲུང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་མ་དཔེ་རྟོག་ཞིབ། ཞིང་གྲོང་གི་ཐོན་ལས་ཁྱད་ཆོས་སྙོམས་སྒྲིག་དང་གོང་སྤེལ་ལ་སོགས་པའི་རྨང་གཞིར་གྱུར་བའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུ་དང་། མཚོན་བྱེད་རང་བཞིན་གྱི་ས་ཁུལ་འདེམས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་སའི་རྟེན་གཞི། འཇོན་མི་སྐྱེད་སྲིང་དང་ཟབ་སྦྱོང་མཉམ་ལས་ཀྱི་རྐྱེན་སྲོལ་ལམ་ལུགས་བཅས་མཉམ་འཛུགས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྐོར་ནས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་བགྲོ་གླེང་སོགས་བྱས་ནས་མཉམ་དུ་རྨ་འབྲི་རྫ་གསུམ་མགོ་ཁུངས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་ཐབས་ཇུས་བཟང་བོ་འདོན་པ་བཅས།  མཚོ་སྔོན་གྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་གི་ལས་ཀ་དེ་སྐས་རིམ་གསར་པ་ཞིག་ལ་སྙེག་པར་སྐུལ་སྤེལ་བྱ་རྒྱུ་རེད།

གཞན་ཡང་། གསར་འགོད་པས་ཟླ11པའི་ཚེས16ཉིན་ཤེས་གསལ་ལྟར་ན།  ད་ལོའི་ལོ་མཇུག་ཏུ་རྨ་འབྲི་རྫ་གསུམ་མགོ་ཁུངས་ས་ཁུལ་གྱི་གྲོང་རྡལ་དང་སྡེ་བ། སྡོད་ཁུལ་བཅས་ཡོངས་ལ་འཁོར་རྒྱུག་གཏན་འཇགས་ཡིན་པའི་གད་སྙིགས་བསྡུ་འདྲེན་དང་བདེ་འཇགས་ཐག་གཅོད་མ་ལག་བསྐྲུན་རྒྱུ་ཡིན་ཞིང་།  སྐབས་དེར་ལོ་ངོ་བཞིའི་རིང་གི“གཙང་སེལ་ལས་གཞི”དེ་ས་ཁོངས་ཡོངས་ཀྱིས་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།

ཤེས་གསལ་ལྟར་ན། 2008ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡུག་གཅིག་ཏུ་སྦྲེལ་བའི་ཞིང་གྲོང་གི་ཁོར་ཡུག་དག་ཐེར་ལས་གཞི་ལག་བསྟར་བྱས་བ་དང་། 2014ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོབ་ལས་གཞི་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་དང་ཟུང་དུ་སྦྲེལ་ཏེ། རྨ་འབྲི་རྫ་གསུམ་མགོ་ཁུངས་རོང་འབྲོག་ཁུལ་གྱི་གཙང་སེལ་ལས་གཞི་དངོས་སུ་གཉེར་འགོ་བརྩམས། ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་རྫོང21དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་རྡལ་བཅས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས་ནས་ལས་གཞི་དེ་རིམ་བཞིན་ས་ཁུལ་དེ་དག་ཏུ་རྒྱ་བསྐྱེད་ལ། དེ་དང་ཆབས་ཅིག་ཏུ་གྲོང་རྡལ158དང་སྡེ་བ1100ལྷག་གི་འབྲོག་པ་མང་ཚོགས་གཏན་སྡོད་བྱེད་ས230དང་། རོང་འབྲོག་པ་མི་གྲངས་ས་ཡ་གཅིག་ཁྲི་དྲུག་ཡོད་པ་རེད། ལས་གཞིའི་ནང་དོན་ལ་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་ཐག་གཅོད། ཆུ་མགོའི་སྲུང་སྐྱོབ། སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་བཅས་འགྲིམ་འགྲུལ་ལམ་རྒྱུད་དང་། ཡུལ་སྐོར་ལྗོངས་ཁུལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕྱོགས་སུ་རྒྱ་བསྐྱེད་རྒྱུ་དེ་ཡིན་ལ། ད་ལོའི་ཟླ11པར་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཅིག་བཏང་ཟིན།

2017ལོའི་ལས་འགན་གཙོ་བོ་ནི་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་གྲོང་རྡལ་དང་གྲོང་རྡལ་ཉེ་འཁོར་དུ་གནས་པའི་སྡེ་བ་མང་ཆེ་ཤོས་ཀྱི་བཙོག་ཆུ་གཙང་སེལ་བྱ་རྒྱུ་དེ་ཡིན་པས། ཐོག་མར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་གཉིས་སུ་འཚོ་བའི་གད་སྙིགས་མེ་རུ་སྲེག་པའི་སྐོར་ནས་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་། ད་ལོའི་ཟླ7པར་རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་གཙང་སེལ་ནུས་ཁུངས་ཀྱི་དྲོད་འདོན་དཔེ་སྟོན་ལས་གཞི་དངོས་སུ་བསྒྲུབས་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ས་ཁུལ་དུ “རྡོ་སོལ་གློག་ལ་བསྒྱུར”བའི་དྲོད་འདོན་བཀོལ་སྤྱོད་ཐུབ་པའི་དཔེ་སྟོན་ལས་གཞི་ཐོག་མ་རེད། ད་ལྟ་ལས་གཞི་དེ་བེད་སྤྱོད་བྱེད་མཁན་རྫོང་ཁོངས་ཀྱི85%ཡན་ཟིན། སྔོན་དཔག་བྱས་ན་ལོ་རེར་ཚད་གཞི་རྡོ་སོལ་ཏུན་ཁྲི་གཉིས་སྟོང་བདུན་བརྒྱད་བརྒྱ་ཞེ་གསུམ་གྲོན་ཆུང་བྱེད་ཐུབ་པས། རྡོ་ཐལ་ཏུན་ཁྲི་གཅིག་སྟོང་བརྒྱད་དགུ་བརྒྱ་སོ་གསུམ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་དྲུག་སྟོང་དགུ་བཞི་བརྒྱ་བཅུ་གསུམ། དབྱང་གཉིས་མུ་འགྱུར་ཏུན་སྟོང་གཉིས་དང་གྱ་བརྒྱད། ཏན་དབྱང་རྫས་འགྱུར་ཏུན་དགུ་བརྒྱ་དང་དོན་བཞི་ལྷག་ཇེ་ཉུང་དུ་འགྲོ་བ་རེད།

ཤེས་གསལ་ལྟར་ན། རྨ་སྟོད་རྫོང་གིས་གཙང་སེལ་དྲོད་འདོན་སྐོར་ནས་ལོ་གསུམ་གྱི་འཆར་འགོད་བཟོས་ཤིང་། སང་ལོར་རྫོང་དེས་དྲོད་འདོན་སྦུ་གུ་འཐེན་མི་ཐུབ་པའི་རོང་འབྲོག་ཁུལ་དུ་གློག་ཐབ་དང་། གློག་དྲོད་ཚ་ཐབ། འོད་ཧྥུ་དྲོད་འདོན་སོགས་རིམ་བཞིན་དུ་ཁྱབ་གདལ་གཏང་རྒྱུ་ཡིན་པ་མ་ཟད། ད་ལྟ་ཚོད་ལྟའི་ལས་ཀའི་འགོ་ཚུགས་ཡོད་པ་རེད། རྫ་སྟོད་རྫོང་གིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི“གཙང་སེལ་ལས་གཞི”འཛུགས་སྐྲུན་ལ་སྐུལ་སྤེལ་བྱ་ཆེད། 2015ལོ་ནས་བཟུང་གད་སྙིད་དབྱེ་འབྱེད་ལག་བསྟར་བྱས་ཏེ། ས་གནས་སྡོད་དམངས་ལ་འཚོ་བའི་གད་སྙིགས་དབྱེ་འབྱེད་བྱེད་པར་ཡར་སྐུལ་བྱས་ནས་། སྡོད་ཁུལ་གྱི་ཞབས་ཞུ་ས་ཚིགས་ཀྱིས་གད་སྙིགས་འདྲུད་འཁོར་བཏང་ནས་དབྱེ་འབྱེད་ལྟར་གད་སྙིགས་བསྐྱེལ་བ་རེད།

རྨ་འབྲི་རྫ་གསུམ་མགོ་ཁུངས་ནི་ཀྲུང་གོ་དང་ཐ་ན་ཨེ་ཤ་ཡའི་ཆུ་མགོའི་སྣོད་བཅུད་བྱེད་ནུས་ཁུལ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མཛོད་དང་རྒྱུད་སྤེལ་གཞི་རྒྱུའི་མཛོད་ཁང་གི་གྲས་ཡིན་ཞིང་། ཀྲུང་ཧྭའི་ཆུ་མཛོད་ཞེས་པའི་མཚན་སྙན་ཡོད་པས་སྣོད་བཅུད་ཀྱི་གོ་གནས་ཁྱད་དུ་འཕགས་ལ་འགྲན་ཟླ་བྲལ། ངོ་སྤྲོད་ལྟར་ན། ལོ་ངོ་བཞིའི་རིང་ལ་མགོ་ཁུངས་དེའི་སྡེ་བ་དང་། རྩྭ་ས།  ཆུ་བོའི་མགོ་ཁུངས་སོགས་སུ་གཙང་སེལ་ལས་གཞི་ལག་བསྟར་བྱས་པར། རོང་འབྲོག་མང་ཚོགས་མང་པོའི་འཚོ་བའི་ཁོར་ཡུག་ཇེ་ལེགས་ཇེ་བཟང་ལ་སོང་ནས་རྨ་འབྲི་རྫ་གསུམ་གྱི་ཁོར་ཡུག་དང་སྤྱི་ཚོགས་ལ་ཕན་ཁེ་བཟང་པོ་བསྐྲུན་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།