གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྟེ་མཛེས་སྡུག་ཀྲུང་གོའི་མཚར་སྡུག་གི་མིང་བྱང་།(1)
2019.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི། ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་གཞིར་བཟུང་སྟེ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་དང་། ཆབ་སྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྒྲོམ་གཞི་ཕལ་ཆེར་གྲུབ་ནས། གནད་སའི་ཁྱབ་ཁོངས་དང་གནད་འགག་གི་བརྒྱུད་རིམ་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་ལྔ་བཞི་འཐབ་ཇུས་བཅས་མདོ་དབུས་མཐོ་སྒང་དུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྒུལ་ཤུགས་ཆེན་པོ་བསྩལ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་སྤེལ་བ་དང་བསྟུན་ནས། ས་གནས་དེའི་རི་དྭགས་གསའ་དང་གཙོད། ཤ་སྐྱ་སོགས་མདོ་དབུས་མཐོ་སྒང་ཁོ་ནར་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པའི་སྲུང་སྐྱོབ་སྲོག་ཆགས་དང་། མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་འབྲོག་པ། དེ་མིན་རྩྭ་ཐང་དང་གཙང་བོ། མཚེའུ། བརླན་ས་བཅས་ལ་གསོན་ཤུགས་སྔར་ལས་ཆེན་པོ་རྒྱས་ཏེ། ལྗང་མདོག་གི་མཚོ་སྔོན་དང་མཛེས་སྡུག་གི་ཀྲུང་གོར་ཚོན་མདངས་རྣམ་པར་བཀྲ་བའི་ཁ་ཏོག་མང་པོ་སྦྱིན་ཐུབ་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལས་བརྒལ་བའི་གཙང་གསུམ་འབྱུང་ཡུལ་དུ་སྒྲིག་སྲོལ་གསར་བའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་སྤེལ་ཏེ། འབད་བརྩོན་སྒོས་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་བསྒྱུར་བཅོས་བྱེད་པ་དང་། གཅིག་གྱུར་ལག་བསྟར་གཉིས་མངོན་འགྱུར་བྱས་ནས་ཐབས་ལམ་གསར་བ་ཞིག་བཏོད་དགོས། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པའི་ཆོད་གཏམ་གལ་ཆེན་བཏོན་པར་མ་ཟད། ང་ཚོར་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་ཆེན་པོ་ཡིན་པས་སྣང་ཆུང་གཏན་ནས་བྱེད་མི་རུང་བའི་མངག་བཅོལ་མཛད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་དེས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་ཀྱི་འཐབ་ཇུས་གོ་གནས་སྔར་ལས་གསལ་བོ་བྱས་ཤིང་། དེ་ནི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རྩ་བའི་སྲུང་བྱ་དང་བྱ་སྤྱོད་རྩ་འཛིན་ཡིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལེགས་པོར་སྤེལ་བར་བསམ་པའི་སྒུལ་ཤུགས་དང་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས།

ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་སྤྱིའི་བཀོད་སྒྲིག་ལྟར། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་དང་། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་ལག་བསྟར། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དངོས་འབེབས། ཆེས་གཟབ་ནན་གྱི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་ལེན་བཅས་བྱས་ཏེ། དོན་ངོ་མའི་སྟེང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་ཀྱིས་བྱ་བ་སྣ་ཚོགས་ལ་གཅིག་གྱུར་བཀོད་འདོམས་བྱས་ཤིང་།  ཤུགས་ཕུད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་མུ་མཐུད་དུ་སྲ་བརྟན་དུ་བཏང་།

མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན། ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བཅས་ཀྱི་བྱ་བའི་རྨང་གཞི་ལེགས་པོ་གཞིར་བཟུང་ཏེ། སྲིད་འཛིན་ཐོན་ཁུངས་ཧྲིལ་བསྡུས་དང་དོ་དམ་རིམ་གྲས་ཇེ་དམའ་རུ་གཏོང་བ། ཁུ་བསྡུ་དང་ཕན་མཐོ། གཅིག་གྱུར། ནུས་ལྡན་བཅས་ཀྱི་སྲིད་འཛིན་དོ་དམ་སྒྲིག་གཞི་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་གསར་བ་དང་རྐྱེན་སྲོལ་གསར་བ་འཛུགས་པར་ཐོག་མར་འཚོལ་ཞིབ་བྱུང་།

ལོ་གསུམ་གྱི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་བཟོ་སྐྲུན་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཚོད་ལྟ་ཡིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ཏེ། སྔ་གཞུག་ཏུ་བཅོས་སྒྱུར་ལས་གཞི་བརྒྱ་ལྷག་ལག་བསྟར་བྱས་ཤིང་། མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་རྩ་བ་ནས་བསྒྱུར་བ་དང་། འབད་བརྩོན་སྒོས་ཁྲིམས་འཛིན་ལྟ་སྐུལ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས་པ། རང་བྱུང་ཐོན་ཁུངས་ཀྱི་དབང་བའི་ལམ་ལུགས་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་རིམ་བཞིན་མཐུན་སྦྱོར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཞིག་བཏོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་འགོད་གལ་ཆེན་དང《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིའི》བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་རྒྱུན་འཁྱོངས་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཚན་གཙོ་གཉིས་ཀྱི་འགན་འཁུར་བའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་བགོས་འགན་གཉེར་མགོ་ཁྲིད་པ་གཅིག་རེས་བྱེ་བྲག་ཏུ་སྣེ་ཁྲིད་བྱེད་པ་གསལ་བོ་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་བརྩོན་སེམས་སྐུལ་སློང་བྱས་ནས། ཕྱོགས་ཡོངས་ལ་ཁེབས་པའི་མགོ་ཁྲིད་སྒྲིག་སྲོལ་གྲུབ་པར་བྱས།

གཅིག་གྱུར་གྱིས་འཆར་འགོད་བྱེད་པར་ཤུགས་བསྣན་ཏེ། སྒྲིག་གཞི་སྒྲིག་འཛུགས་དང་ལས་གཞིའི་གྲོན་དངུལ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག  སྤྱི་ཡོངས་ཀྱི་འཆར་འགོད་དང་སྲོལ་ཡིག དོ་དམ་བྱེད་ཐབས་བཅས་གཏན་འཁེལ་དང་ལོ་འཁོར་གྱི་བྱ་བའི་ལས་འགན་སོགས་ལ་བྱེ་བྲག་ཏུ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མགྱོགས་མྱུར་ངང་བཅོས་སྒྱུར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས།

དམིགས་འབེན་ཁྲིད་སྟོན་དང་འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཚོད་ལྟའི་ཇུས་གཞིའི་ཁྲོད་བཏོན་པའི་དམིགས་འབེན་ལས་འགན་དམ་འཛིན་བྱས་ཏེ། མུ་མཐུད་དུ་ལམ་ལུགས་གསར་སྐྲུན་དང་ལམ་ལུགས་མཁོ་སྤྲོད། ལམ་ལུགས་འཐུས་ཚང་བཅས་ལ་ཤུགས་བསྣན་ནས། ལམ་ལུགས་ལག་བསྟར་ཇེ་དྲག་ཏུ་བཏང་བ་དང་། གནད་སའི་ཐོད་བརྒལ་མངོན་འགྱུར་བྱས།

གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མང་པོས་མཉམ་དུ་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ཐར་ཐོར་ཅན་གྱི་གནད་དོན་གཅིག་བསྡུས་བྱས་ནས། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱས་བ། སྲིད་གཞུང་གི་སྡེ་ཁག་མི་འདྲ་བའི་བར་དང་དོ་དམ་མཁན་དང་བཀོལ་སྤྱོད་མཁན་བར་གྱི་འབྲེལ་བ་སྙོམས་སྒྲིག་ལེགས་པོ་བྱས།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཕན་ཚུན་གཅིག་གྱུར་བྱེད་པར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། ལས་བསྒྱུར་ལས་ཞུགས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བཅས་ཟུང་འབྲེལ་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱེད་པར་ཡར་སྐུལ་བཏང་ཞིང་། ཁྱད་པར་དུ་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས་པར་བརྟེན་ནས། འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་གིས་བཅོས་སྒྱུར་གྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱས།

ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ལག་བསྟར་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། བཅོས་སྒྱུར་ཆེན་པོར་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་། ལམ་ལུགས་ཇུས་འགོད་བྱེད་པར་ཁྲིམས་འཛུགས་སྔོན་མ་བྱེད་ཐུབ་པ་བྱས་ནས། སྲིད་གཞུང་གི་དོ་དམ་དང་སྐྱེ་ཁམས་ལྟ་སྲུང་། རྩོད་གཞི་ཐག་གཅོད་སོགས་གོ་གནས་གཙོ་བོར་བཞག་ནས་འགན་སྲུང་གི་ནུས་པ་ལེགས་པོ་འདོན་སྤེལ་བྱས།

ཚོད་ལྟའི་ཇུས་གཞིའི་བླང་བྱ་ལྟར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཁྲོད་གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་ཚན་རིག་ལྟར་གཏན་འཁེལ་བྱས་ནས། ཁྱད་པར་ཅན་གྱི་སྲུང་སྐྱོབ་ལག་བསྟར་བྱས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ལ་བྱེ་བྲག་ཏུ་བཅོས་སྐྱོང་བྱེད་པའི་དམིགས་འབེན་ལྟར། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་བརླན་ས་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་དངོས་སྣ་མང་སྲུང་སྐྱོབ་བཟོ་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་ལས་གཞི་སྣ་ཚོགས་གཅིག་གྱུར་སྒོས་ལག་བསྟར་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། ཚོད་ལྟའི་བྱ་བ་མགོ་བརྩམས་པའི་ཚུན་ལ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་སུ་རིམ་བསགས་ཀྱིས་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་བཅུ་དྲུག་བཏང་ཏེ། གཙོ་བོ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྲུང་སྐྱོབ། ཚན་རྩལ་ཁྱབ་སྤེལ་སློབ་གསོའི་ཞབས་ཞུ་ལག་བསྟར། གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་སྲུང་སྐྱོབ་ལས་གཞི་སུམ་ཅུ་ལག་བསྟར་བྱས་པས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། སྐྱེ་ཁམས་མ་ལག་ཞབས་ཞུའི་བྱེད་ནུས་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་རྒྱུན་མཐུད་ངང་སྲ་བརྟན་དུ་གྱུར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།