ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད།
2019.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་དོན་སྙིང་གལ་ཆེན་ནན་གྱིས་བསྟན་པ་དང་། ང་ཚོས་ལག་ལེན་མཐའ་འཁྱོངས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།

རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བའི་རིན་ཐང་དང་ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་སྦས་ཤུགས་བཅས་ཆེན་པོ་གསུམ་གྱི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་བྱེ་བྲག་གི་ལག་ལེན་དང་ཆེས་མངོན་གསལ་གྱི་ཆབ་སྲིད་འགན་འཁྲི་ཡིན་ལ། དུས་རབས་གསར་བའི་ནང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གསར་བ་དང་ལག་ལེན་གསར་བ་ཡིན་པ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། འཆམ་མཐུན་བརྟན་འཇགས་བཅས་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་གསར་བ་ཡིན་ཞིང་། ནན་ནན་ཏིག་ཏིག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐས་ཇུས་ལ་སྐུལ་འདེད་བྱེད་པའི་གནད་འགག་གཙོ་བོ་ཡིན་པས། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་སྲིད། མིག་སྔར། ཤུགས་ཕུད་དེ་གཤམ་གྱི་བྱ་བ་འགའ་དམ་འཛིན་བྱེད་དགོས།

གཅིག ཚོད་ལྟའི་སྤུས་ཚད་ཇེ་མཐོར་གཏང་དགོས། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་བྱ་བའི་ཞན་ཆ་ཁ་གསབ་བྱས་ཏེ། ཤུགས་ཆེན་པོས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བཏང་ནས། སྐྱེ་ཁམས་རིན་ཐང་གི་དངོས་ཡོད་རྐྱེན་སྲོལ་འཚོལ་ཞིབ་དང་། གོམ་གང་མདུན་སྤོས་སྒོས་མཉམ་འགུལ་མཉམ་འདྲེས་དང་རྒྱུན་མཐུད་བཅོས་སྒྱུར་གསར་སྐྲུན་ལ་ཤུགས་སྣོན་དང་། དཔེ་སྟོན་སྣེ་ཁྲིད་འདོན་སྤེལ། ལག་ལེན་འཚོལ་ཞིབ་ལ་མཐོང་ཆེན་བཅས་བྱས་ཏེ།  གཅིག་གྱུར་འགན་དབང་གཉིས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས།

གཉིས། སྲུང་སྐྱོབ་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཤུགས་ཆེན་པོས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པ་སོགས་སྐྱེ་ཁམས་ཆེན་པོ་ལྔ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐུལ་སྤེལ་བྱེད་པ་དང་། ཕྱུགས་སྐྱུར་རྩྭ་འདེབས་དང་ས་ནག་ཐང་བཅོས་སྐྱོང་། བྱེ་མ་ཅན་དུ་འགྱུར་བ་འགོག་བཅོས། ཆུའི་འབྱུང་ཁུངས་གལ་ཆེན་སྲུང་སྐྱོབ། རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་སོགས་གནད་སའི་ལས་གཞི་ལག་བསྟར་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་བཅོས་སྐྱོང་རྒྱུན་མཐུད་ངང་ཇེ་བཟང་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་དགོས།

གསུམ། སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་འཆར་འགོད་བྱེད་དགོས། རྩེ་གྲས་ཇུས་འགོད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ནགས་ལས་རྩྭ་ཐང་ཅུས་སོགས་འབྲེལ་ཡོད་པུའུ་ཨུའི་མཛུབ་སྟོན་འོག 《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》བཟོ་སྒྲིག་དང་ལག་བསྟར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་བཅོས་ཧྲིལ་བསྡུས་དང་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་མ་ལག་སྲུང་སྐྱོབ་འབུར་དུ་ཐོན་པར་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་ལག་རང་བཞིན་དང་གདོད་མའི་རང་བཞིན། འབྲེལ་མཐུད་རང་བཞིན། འཐུས་ཚང་རང་བཞིན་བཅས་གང་ལེགས་སྒོས་མཚོན་པར་ཁག་ཐེག་བྱེད་པ་དང་། རྒྱབ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།

བཞི། གྲུབ་ཚུལ་གཙོ་བོར་ཤུགས་སྣོན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ལྟར་མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་འཆར་འགོད་བཟོ་སྒྲིག་བྱས་ནས། ཤུགས་ཆེན་པོས་སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྤེལ་རེས་བྱེད་པར་ཤུགས་བསྣོན། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། ཁུ་ནུ་རི་བོ། མཚོ་སྔོན་པོ་བཅས་གཙོ་བོ་ཡིན་པའི་མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གྲུབ་པ་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་པར་འགན་སྲུང་བྱས་ཏེ། རྒྱལ་ཡོངས་ལ་དཔེ་སྟོན་འདོན་སྤྲོད་བྱེད་པ་དང་། འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

ལྔ། འཆར་འགོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་དགོས། འཆར་འགོད་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད》མགྱོགས་མྱུར་སྒོས་བཟོ་སྒྲིག་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཚོད་ལྟ་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་དོ་དམ་ལ་སྐུལ་འདེད་བྱེད་པ་དང་། ཚན་རིག་ལྟར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཁུལ། རང་བྱུང་སྤྱི་གླིང་བཅས་དབྱེ་འབྱེད་གཏན་འཁེལ་བྱེད་པ། སྡེ་ཁག་དང་ས་གནས་བར་གྱི་བྱ་བའི་ནུས་ཤུགས་གྲུབ་པར་བྱས་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་དང་ཚན་རིག་ལྟར་སྲུང་སྐྱོབ། ནུས་ཡོད་སྒོས་དོ་དམ། དམངས་ཡོངས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་བྱེད་པ་མངོན་འགྱུར་བྱས་ཏེ། ལྗང་མདོག་གི་མཚོ་སྔོན་དང་སྐྱེ་ཁམས་ཀྱི་མཚོ་སྔོན་དེ་མཛེས་སྡུག་གི་ཀྲུང་གོ་འཛམ་གླིང་དུ་བསྐྱོད་པའི་མིང་བྱང་ཏུ་འགྱུར་བར་ཁག་ཐེག་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་སྲ་བརྟན་དང་སྔར་ལས་ཇེ་བཟང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

དྲུག  དྲིལ་སྒྲོག་སློབ་གསོར་མཐོང་ཆེན་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་དེ་མིན་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དགོངས་དོན་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ། ཁོར་ཡུག་ལེགས་བཅོས་སོགས་ཀྱི་ཐད་བཏོན་པའི་མཆན་འགོད་མཛུབ་སྟོན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱེད་པ། བྱ་བའི་ནུས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་པ། ཆེན་པོ་གསུམ་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་ནུས་ཐོན་པར་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་དང་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་པ་ནི་མིའི་རིགས་དཔལ་ཡོན་ཡར་ཐོན་གྱི་དགོས་ངེས་ཀྱི་ཁ་ཕྱོགས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཡུན་རིང་གི་ཇུས་ཆེན་ནས་སྟོང་ལོའི་ཇུས་ཆེན་དུ་གྱུར་བ་དང་། དེ་ནས་ད་ལྟ་ཡང་བསྐྱར་རྩ་བའི་ཇུས་ཆེན་དུ་གྱུར་བ་དེ་ལས། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་དམིགས་འབེན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་པར་མ་ཟད། དམངས་ཚིས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་ཡིན་པ་ལེགས་པོར་མཚོན་ཡོད།  དུས་རབས་གསར་བའི་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བརྩི་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཁྱོན་ཡོངས་བྱ་བའི་གོ་གནས་གཙོ་བོར་བཞག་ནས། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱི་འགན་འཁྲི་ཆེན་པོ་ཡིན།  མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ཆད་མེད་པར་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བཏོན་པའི་བླང་བྱ་ལྟར། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་རིས་ཆེན་པོ་རེ་རེ་རིས་སུ་བཀོད། ལོ་ངོ་དུ་མའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་ཡིན་པའི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་ཟུག་ཡོད་པར་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོག་བྱ་སྤྱོད་ཅིག་ཏུའང་འགྱུར་བཞིན་ཡོད།

རྦད་ཆོད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་ལས་ཇེ་བཟང་དུ་འགྱུར་བ་ལས་ཇེ་ཞན་དུ་མི་འགྱུར་བའི་ཚད་གཞི་བརྟན་སྲུང་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ཁོར་ཡུག་གི་ཁྲིམས་སྲོལ་ཚད་གཞི་གཟབ་ནན་དུ་གཏོང་བ། ཁོར་ཡུག་གི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་པ་སོགས་བྱེད་སྟངས་སྣ་མང་བརྒྱུད་ནས། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པའི་སྔོན་འགྲོའི་འོག དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་བཅོས་བྱེད་དགོས། སྐྱེ་ཁམས་དམངས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་དེ་དམངས་ཚིས་ཀྱི་སྔོན་འགྲོའི་ཁྱབ་ཁོངས་སུ་བཞག་ནས། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།