རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2019.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གསུམ་ཉིན་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་གནང་།

ཧན་ཀྲིན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་གལ་ཆེན་ཡིན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་མོད། ཡིན་ནའང་སྐྱེ་དངོས་སྣ་མང་གི་ཚད་ཇེ་དམའ་རུ་འགྲོ་བའི་སྤྱིའི་གནས་བབ་ལ་ཕན་ནུས་ལྡན་པའི་བཀག་འགོག་ཐེབས་མེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་གསར་སྤེལ་འཛུགས་སྐྲུན་བྱ་འགུལ་བར་གྱི་འགལ་བ་སྔར་བཞིན་གནས་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས། དགོས་གཏུག་འདུ་ཤེས་བཅས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བ་སྔར་ལས་བཟང་པོར་བསྒྲུབ་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་གི་ཕུང་བོ་གཅིག་ཏུ་གྲུབ་པའི་འདུ་ཤེས་ལྟར། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་། སྲུང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་ལ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གྲུབ་པར་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་ལ་ཆེས་གཟབ་ནན་གྱི་སྲུང་སྐྱོབ་ཐོབ་ཏུ་འཇུག་དགོས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ནི་ཆེས་རྩ་ཆེ་བའི་རང་བྱུང་ཐོན་ཁུངས་ཡིན་པས། རི་སྐྱེས་སྐྱེ་དངོས་སྲོག་ཆགས་ཀྱི་སྲུང་སྐྱོབ་དོ་དམ་ལྟ་སྐུལ་དངོས་སུ་ཇེ་དྲག་ཏུ་བཏང་ནས། གང་འདོད་དུ་རི་སྐྱེས་སྲོག་ཆགས་འཛིན་རྔོན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་གྱོད་དོན་ལ་ཞིབ་བཤེར་ཆད་གཅོད་ནན་མོ་བྱེད་དགོས། རང་བྱུང་ཤུལ་བཞག་ཐོན་ཁུངས་ཀྱི་དོ་དམ་དང་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ནས། སྐྱེ་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་རྨང་གཞིའི་ལྟ་ཞིབ་ཚད་ལེན་དང་རྟོག་ཞིབ་བྱ་བ་སྔར་ལས་བཟང་པོར་སྒྲུབ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་འགུལ་རྣམ་འགྱུར་སྟངས་ལ་དུས་ལྟར་རྒྱུས་ལོན་བྱེད་དགོས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དང་ཁྲིམས་བཟོས་ཚེ་ངེས་པར་དུ་བརྩི་སྲུང་བྱེད་པར་ཁག་ཐེག་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཐེངས་བཅོ་ལྔ་པར་འགོད་པའི་ཕྱོགས་སོ་སོའི་ཚོགས་ཆེན་དེ་ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་ནས་བསྡུ་རྒྱུ་ཡིན་པས། གྲ་སྒྲིག་བྱ་བ་ཧུར་ཐག་གིས་བཟང་པོར་བསྒྲུབ་པ་དང་། མགྲོན་བདག་རྒྱལ་ཁབ་ཀྱི་འོས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བ་དང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་བསྡུ་བར་ཁག་ཐེག་བྱ་དགོས།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་སོ་སོར་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།

ཝང་ཅན་ཅནུ་གྱིས་བསྟན་དོན། 2018ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ཐད་ནས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཀྱིས་སྣེ་ཁྲིད་འོག ང་ཚོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་གཏན་ཁེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་ལ། མཁའ་དབུགས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་ཐད་ཀྱི་མཚོན་བྱེད་རང་བཞིན་གྱི་བྱ་འགུལ་ཐེངས་བརྒྱད་ལ་སྤེལ་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ཐད་ཀྱི་དགེ་ཐེར་ལེགས་བཅོས་བརྟན་བརླིང་ངང་སྤེལ་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཁུངས་གསར་བ་བཙུགས་ནས་འཁོར་སྐྱོད་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ལས་གནས་ཀྱི་བློ་མཐུན་ཚོས་དངོས་གཉེར་དང་ཁག་ཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ནས།བྱ་བའི་གྲུབ་འབྲས་མི་དམན་པ་བླངས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། 2019ལོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མངག་བཅོལ་སེམས་སུ་བརྟན་པོར་འཛིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ། དྲང་བདེན་འཛིན་སྐྱོང་དང་གསར་བ་གསར་སྐྲུན་བྱེད་པ། ལེའུ་གསར་བ་བྲིས་ཏེ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བྱ་བའི་མཇུག་བཟང་བོར་བསྡུ་བའི་ཐད་ནས་ཐག་གཅོད་རང་བཞིན་གྱི་རྨང་གཞི་བརྟན་པོ་འདིངས་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་ཐད་ཀྱི་ངོས་འཛིན་ལ་རྐང་འཛུགས་པ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་ཀྱི་མཚོན་བྱེད་རང་བཞིན་གྱི་བྱ་འགུལ་ཐེངས་བརྒྱད་ལ་དམིགས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་འདོན་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱུང་བཞིན་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོས་མཁོ་སྐོང་བ། གྲུབ་འབྲས་ལེགས་པོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་་ཞིང་ཆེན་སྲིད་གཞུང་གིས་སྐྱེ་མཁས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་ངང་གཙོར་འཛིན་པའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་དགོས། ད་ལོའི་བྱ་བ་བཟང་བོར་བསྒྲུབ་ན། མིག་སྔར་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ་དང་ལྟ་སྟངས་བཟང་བོ་འཛིན་པ། རང་འགུལ་གྱིས་མཐུན་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནད་འགག་དུས་སྐབས་དང་མཁྲེགས་གཏོར་དུས་སྐབས་ལ་རྒྱུས་ལོན་གསལ་བོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་བྱེད་པར་དམིགས་ནས། རྨང་གཞི་བརྟན་པོ་འཛུགས་པ་དང་ཞན་ས་ཁ་གསབ་བྱེད་པ། སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱེད་པ་དང་བྱ་བ་བཟང་བོར་བསྒྲུབ་པ། ལྗང་མདོག་སྐྱེ་ཁམས་མངོན་འགྱུར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པ། སྐྱེ་ཁམས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་ཁོངས་གཙོ་བོའི་ཐད་ཤུགས་འདོན་པ། དམིགས་འབེན་དང་གནད་དོན་ལ་དམིགས་ནས། བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་བྱང་ཁུལ། ཡུལ་ཤུལ་ཁུལ་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གཉིས་ཀྱིས་སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་བར་དམིགས་འབེན་འགན་འཁྲི་ཡི་གེ་བཀོད།

 རྩོམ སྒྲིག་པ། སྒྲོལ་མ་སྐྱིད།