ལྗང་མདོག་གི་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར།
2019.03.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 66

 དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པའི་ཙོང་ཆུའི་འགྲམ་ངོགས་ནས་དྭངས་གསལ་ལང་ལོང་དུ་འཕྱོ་བའི་གཙང་གསུམ་མགོ་ཁུངས་བར་དང་།  མདོ་ལ་རི་འདབས་ཀྱི་ཆེས་མཛེས་པའི་རྩྭ་ཐང་ནས་མཐའ་ཡས་པའི་ཚྭ་འདམ་གཞོང་སའི་བར། འདས་མ་ཐག་པའི་ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས “ ནན་ནན་ཏིག་ཏིག”བཞི་ཡི་བླང་བྱ་གལ་ཆེན་ལག་བསྟར་མཐའ་འཁྱོལ་དང་།  "སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་"ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་རྒྱུན་མཐུད་ལེགས་བཅོས་བྱུང་བ་དང་། འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གོམ་པ་གསར་བ་སྤོས་ཤིང་།  ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བརྟན་འཇགས་ངང་སྐུལ་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གྱུར།  མཚོ་སྔོན་གྱི་དོན་དངོས་གཞིར་བཟུང་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་ནི་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་ལེགས་ཆ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་ལྗང་མདོག་འཕེལ་རྒྱས་དེའང་མཚོ་སྔོན་གྱི་ཡང་དག་པའི་གདམ་ཀ་ཡིན།

ལོ་གཅིག་གི་རིང་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་སྤེལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྦྱིའི་འཆར་འགོད་ལག་བསྟར་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་པས། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་། དེ་དང་ཆབས་ཅིག་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ། མཚོ་སྔོན་པོ་དང་། ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་ལའང་མགྱོགས་མྱུར་ངང་འཆར་འགོད་བྱས།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་བའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིར་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་ལ། དེར་ས་ནག་ཐང་བཅོས་སྐྱོང་དང་། རྩྭ་ཐང་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་།  བྱེ་ཐང་བཅོས་སྐྱོང་། མིས་བཟོས་ནགས་སྐྲུན། བརླན་ས་སྲུང་སྐྱོབ། ནགས་ཤིང་སོན་མྱུག་འཛུགས་སྐྲུན། མིས་ཐབས་ཀྱིས་ཆར་འབེབས་པ། ཚན་རྩལ་དཔེ་སྟོན་དང་ཁྱབ་བརྡལ་སོགས་ཀྱི་རྣམ་གྲངས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་གི་ལས་གཞི་འཛུགས་སྐྲུན་གྱི་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལྷག་འགྲུབ་བྱས།

ཉིས་སྟོང་བཅོ་བརྒྱད་ལོར།  《 མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གྱི་གུན་གསབ་འཇལ་བའི་ལམ་ལུགས་བཅོས་བསྒྱུར་ལག་བསྟར་ཇུས་གཞི》པར་འགྲེམ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ཁྱབ་ཁོངས་དང་། ཁེ་དབང་འོས་འགན་གཙོ་བོ།  གུན་གསབ་འཇལ་བའི་ཐག་གཅོད་ཐབས་ལམ་བཅས་གསལ་བོ་བྱས་ཏེ། རིམ་གྱིས་འབྱུང་ཁུངས་སྔོན་འགོག་དང་། བརྒྱུད་རིམ་ཚོད་འཛིན།  གུན་གསབ་འཇལ་བ།  འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་མ་ལག་ཆགས་པར་མ་ཟད། རྒྱལ་ཡོངས་ནས་ཐོག་མར་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དུ་རྒྱང་ཚོར་ལག་རྩལ་བཟོ་འགོད་ཀྱིས་དངོས་པོའི་གྲངས་འབོར་གཙོ་བོར་བྱས་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་ཚོད་ལྟ་བྱེད་པའི་ལས་དོན་སྤེལ།

ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་འགན་དོན་འཁྱོལ་ནན་ཏན་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གྲུབ་པར་ཤུགས་སྣོན་བྱས། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོར་གཏན་འཁེལ་བྱས་པ་དང་། ལས་འགན་གཙོ་བོ་བདུན་ཅུ་ལྷག་བཀོད་སྒྲིག་དང་ལག་བསྟར་བྱས།   མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་དང་དོ་དམ་བྱ་བར་མཉམ་འབྲེལ་སྒོས་སྐུལ་འདེད་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དམིགས་ཚད་ཀྱི་ལོ་ཧྲིལ་བོའི་གདེང་འཇོག་བྱ་བ་སྤེལ།

དེའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་བྱ་བ་ནན་ཏན་གྱིས་སྒྲུབ་ཏེ། ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་། རྒྱལ་ཁབ་ཀྱི་སྦགས་བཙོག་དངོས་པོའི་སྤྱི་བསྡོམས་དམིགས་ཚད་དཔྱད་ཞིབ་ལས་འགན་དོན་འཁྱོལ་བྱས་ནས། གྲོང་ཁྱེར(ཁུལ)སྲིད་གཞུང་གི་ཐཱན་འབེབས་དམིགས་ཚད་ལས་འགན་དཔྱད་ཞིབ་ཇེ་ལེགས་དང་རྣམ་གྲངས་ནུས་ཁུངས་གྲོན་ཆུང་ཞིབ་བཤེར་ལག་བསྟར་བྱས། སྦགས་བཙོག་འགོག་བཅོས་ལ་ནུས་པ་མངོན་གསལ་ཐོན་ཞིང། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་དང་།  ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད་བརྒྱ་ཆའི་གྱ་གསུམ་དང་གྲངས་ཆུང་བཞི་ལ་སླེབས་པ་དང་། ནགས་ཚལ་སྤྱི་ཆིང་འབུམ་གཉིས་ཁྲི་དྲུག་ལྷག་བསྐྲུན་ཡོད།  ལོ་འཁོར་གྱི་བྱ་བ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་གོམ་པ་བརྟན་པོའི་ངང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས་པའི་བསམ་འཆར་དག་ཐེར་ལེགས་སྒྲིག་བྱེད་པའི་ལས་འགན་ཁག་ཅིག་སྐུལ་སྤེལ་བྱས་པ་དང་།  དག་ཐེར་ལེགས་སྒྲིག་གི་ཇུས་གཞི་གཏན་འཁེལ་བྱས་ཏེ། དག་ཐེར་ལེགས་སྒྲིག་གི་ལས་འགན་དྲུག་གི་ནང་ལས་འགན་བཞི་ཡོངས་འགྲུབ་བྱས་པ་དང་།  ལས་འགན་གཉིས་ནི་ལོ་འཁོར་གྱི་འཆར་གཞིའི་ལས་འགན་ཡིན་པ་རེད།

མདོ་དབུས་མཐོ་སྒང་དུ་གནས་ཡོད་པའི་མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་ཉི་འོད་ཀྱི་ཐོན་ཁུངས་ཡོད་ལ། སྐྱེ་ཁམས་ཀྱི་ལེགས་ཆ་ནས་ཐོན་ཁུངས་ཀྱི་ལེགས་ཆའི་བར། ཉེ་བའི་ལོ་འགའི་རིང་ལ་ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྲིག་བྱས་པ་དང་བསྟུན་ནས།  འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁག་ཅིག་སྔ་རྗེས་སུ་བྱུང་སྟེ། འོད་ནུས་དང་། འོད་དྲོད། རླུང་གློག་སོགས་ཀྱི་ཐོན་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་།  མཚོ་སྔོན་གྱིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་བཞིན་ཡོད།  ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གྱིས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་།

ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཉིན་དགུ་དང་དུས་ཚོད་ཉིས་བརྒྱ་བཅུ་དྲུག་ལ་ཆུ་གློག་དང་། འོད་ཤུགས།  རླུང་གློག་བཅས་སླར་སྐྱེས་ནུས་ཁུངས་གསུམ་ལ་བརྟེན་ནས་གློག་མཁོ་འདོན་བྱས་ཏེ།  གློག་སྤྱད་ཀྱང་སྦགས་བཙོག་མེད་པ་མངོན་འགྱུར་བྱས་ལ། གཉིས་སྟོང་བཅུ་བདུན་ལོ་ནས་བཟུང་བསྟུད་མར་ཉིན་བདུན་ལ་ནུས་ཁུངས་གཙང་མ་མཁོ་འདོན་བྱེད་པ་མངོན་འགྱུར་བྱུང་རྗེས་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར།  མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་གློག་ཤོང་ཚད་སྟོང་ཝ་བྱེ་བ་གཉིས་ས་ཡ་བདུན་འབུམ་དགུ་ཁྲི་དགུ་སྟོང་བཞི་ཡིན་ཞིང་། དེའི་ཁྲོད་ཉི་ནུས་དང་རླུང་གློག་སྒྲིག་སྦྱོར་འཕྲུལ་ཆས་གཉིས་སོ་སོར་སྟོང་ཝ་ས་ཡ་དགུ་འབུམ་དྲུག་ཁྲི་གཅིག་སྟོང་དགུ་དང་སྟོང་ཝ་ས་ཡ་གཉིས་འབུམ་དྲུག་ཁྲི་དྲུག་སྟོང་དགུ་ཡིན་ལ། ཆུ་གློག་སྒྲིག་སྦྱོར་འཕྲུལ་ཆས་སྟོང་ཝ་བྱེ་བ་གཅིག་ས་ཡ་གཅིག་འབུམ་དགུ་ཁྲི་གཅིག་སྟོང་དྲུག་དང་། མེ་གློག་སྒྲིག་སྦྱོར་འཕྲུལ་ཆས་སྟོང་ཝ་ས་ཡ་གསུམ་འབུམ་བདུན་ཁྲི་དགུ། ད་དུང་སླར་སྐྱེ་ནུས་ཁུངས་ཀྱི་སྒྲིག་སྦྱོར་འཕྲུལ་ཆས་སྟོང་ཝ་བྱེ་བ་གཉིས་ས་ཡ་བཞི་འབུམ་གཉིས་སྟོང་བཞི་ཁྲི་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ཀྱི་སྤྱིའི་ཤོང་ཚད་ཀྱི་བརྒྱ་ཆའི་གྱ་དྲུག་གྲངས་ཆུང་ལྔ་ཟིན་ཡོད།

མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་བཞུར་བཞིན་པའི་དྭངས་གཙང་ཆུ་མོ་ཞིག་ནས་བཟོ་ལས་ཁུལ་སོ་སོར་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་ལྗང་མདོག་ཐོན་ལས་དར། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་གྱི་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་ལ་གོམ་པ་གསར་བ་སྤོས།

རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པར་ནུས་ཤུགས་གང་ཡོད་བཏོན། མཚོ་སྔོན་ཞིང་ཆེན་གྱིས་གླིང་ཁུལ་སྣ་ཚོགས་འཛུགས་བསྐྲུན་དང་ཐོན་ལས་མ་ལག་འཛུགས་སྐྲུན། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ནུས་ཁུངས་གཙང་མ་ཐོན་སྐྱེད། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་འཕྲིའི་རེའུ་མིག  ལམ་ལུགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་སྔོན་ལ་ལག་ལེན་དང་ཚོད་ལྟ་བྱས་ཤིང་། རྒྱལ་ཁབ་དང་ཡང་ན་ས་ཁུལ་རིགས་གཅིག་པ་དག་ལ་ཕན་པ་ཡོད་པའི་དཔྱད་གཞི་འདོན་སྤྲོད་བྱས་ཏེ་རྒྱལ་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་ཐོན་དཔེ་མཚོན་ཅན་དུ་གྱུར་ཡོད།

མིག་སྔར། "འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ཆེན་པོ་གསུམ་"གྱི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་བྱུང་།  ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་འཁོར་སྐྱོད་རང་བཞིན་གྱི་ཐོན་ལས་མ་ལག་འཛུགས་པའི་དམིགས་འབེན་གཞི་རྩའི་ཐོག་མངོན་འགྱུར་བྱུང་།  ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་བླག་ངང་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་དཔེ་སྟོན་སྡེ་ཚན་བརྒྱུད་ནས་ཞིབ་བཤེར་རྩིས་ལེན་བྱས། མཚོ་ཤར་བཟོ་ལས་ཁུལ་གྱིས་འཁོར་སྐྱོད་ཐོན་ལས་མ་ལག་ཆེན་པོ་བརྒྱད་རིམ་བཞིན་བཙུགས་པ་དང་།    གླིང་ཁུལ་ཐོན་ལས་ཁྲོད་འཁོར་སྐྱོད་འབྲེལ་མཐུད་དང་།  ཁེ་ལས་བར་གྱི་འབྲེལ་བའི་འཕེལ་རྒྱས། གད་སྙིགས་སོགས་འཁོར་སྐྱོད་བེད་སྤྱོད་འཕེལ་རྒྱས་ཀྱི་རྣམ་པ་བཅས་གཞི་རྩའི་ཐོག་མངོན་འགྱུར་བྱུང་ཞིང་། གླིང་ཁུལ་ཆེན་པོ་གསུམ་ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་དུ་གྱུར།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ན་གོར་མོ་དང་གཏེར་ལེན་ཁ་གྲོང་ཁྱེར། ཚྭ་འདམ་གཞོང་ཆེ་བའི་སྲིད་འཛིན་ཁུལ་དང་བུའུ་ལན་རྫོང་གི་རྒྱལ་ཁབ་འཁོར་སྐྱོད་ཅན་དུ་བསྒྱུར་བཀོད་ཚོད་ལྟའི་གླིང་ཁུལ་མཇུག་སྒྲིལ་རྩིས་ལེན་བྱེད་པ་ཡོངས་འགྲུབ་བྱས།

ན་གོར་མོ་གྲོང་ཁྱེར་དང་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ། ཟས་ལྷག་གད་སྙིགས་ཐོན་ཁུངས་ཅན་བཀོལ་སྤྱོད་དང་གནོད་མེད་ཅན་ཏུ་ཐག་གཅོད་བྱེད་པར་ཤུགས་སྣོན་པ་དང་། ཟི་ལིང་གྲོང་ཁྱེར་ནི་ཐོག་མའི་ཚོད་ལྟའི་གྲོང་ཁྱེར་ཡིན་པས་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཟས་ལྷག་གད་སྙིགས་གཅིག་བསྡུས་སྒོས་སྡུད་ལེན་བྱས་ཚད་90%ཡན་ཟིན་ཡོད། ལྗང་མདོག་ནི་མཚོ་སྔོན་གྱི་འཕེལ་རྒྱས་ཁ་དོག་ཡིན་ལ།  ཚོན་མདངས་རྣམ་པར་བཀྲ་བའི་མཚོ་སྔོན་གྱི་བདེ་སྐྱིད་ཀྱི་ཁ་དོག་ཀྱང་ཡིན། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་མ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། ལྗང་མདོག་གི་རྩིས་ཞིབ་མོ་རྒྱག་པ་དང་ལྗང་མདོག་གི་བགྲོད་ལམ་བརྒྱུད་པ། ལྗང་མདོག་གི་ཤོག་བྱང་བསྐྲུན་པ།  བརྗིད་ཉམས་ཆེན་པོས་སྔོ་ལྗང་གི་རི་ཆུ་གསེར་རི་དངུལ་རིར་འགྱུར་དུ་བཅུག་པ་དང་། མཚོ་སྔོན་གྱི་ས་གཞི་ཆེན་མོ་འདིར“ལྗང”མདོག་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་དུ་བཅུག།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་ཆོས་རྒྱས་སྒྲོལ་མ།