སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། ཚྭ་འདམ་གཞོང་གི་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱེད།
2019.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 ད་ལོར།  ཚྭ་འདམ་གཞོང་ཆེ་བས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཏེ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་བ་དང་། མ་ལག་བཅོས་སྐྱོང་གཙོ་གནད་དུ་བཟུང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་ཏུ་བཏང་།

ནན་ཏན་ངང་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ། རྒྱུ་ཆ་དྲིལ་བསྒྲགས་ཤུགས་ཆེར་གཏོང་བ་དང་། འཕྲེད་འགེལ་བྱང་བུ་བཟོ་བ། བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་གསར་དུ་བཏོད་པ། འདྲི་ཤོག་བརྟག་དཔྱད་བྱེད་པ། སློབ་གསོ་གསོ་སྦྱོང་དང་། སྲིད་ཇུས་ཁྲིམས་སྲོལ་བློ་འདྲི་སོགས་ཐབས་ལམ་མང་པོ་བརྒྱུད་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་ཆེས་ཆེར་དྲིལ་བསྒྲགས་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པ་དང་ལས་བཟོ་བའི་གསོ་སྦྱོང་དང་འབྲོག་པ་མང་ཚོགས་ཀྱི་ནུས་རྩལ་གསོ་སྦྱོང་མ་ལག་ཁྲོད་བཀོད་ནས། སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་ཀུན་སྤྱོད་འཛུགས་བསྐྲུན་སྐུལ་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་བསམ་བློ་སེམས་སུ་འཇགས་པ་དང་ལག་ལེན་ཏུ་བསྟར་བ་དང་།  ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ཏེ་གོ་གནས་གལ་ཆེན་དུ་བཞག་ནས།  ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་བྱ་བའི་བླང་བྱར་གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་ཡོང་བ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་གསལ་འདུ་ཤེས་སྙོམས་སྒྲིག་བྱས་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།

སྐྱེ་ཁམས་ལས་གཞིར་སྐུལ་འདེད་ཟབ་མོ་བཏང་སྟེ།   རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་འབྲེལ་ནས།  སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་བསྣོན་བྱས་ཤིང་།    བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་ས་གཞི་ལྗང་བསྒྱུར་གྱི་མགྱོགས་མྱུར་བྱ་སྤྱོད་དང་རི་བཀག་རི་གསོ།  སྐྱེ་ཁམས་ཐིག་དམར་གྱིས་དབྱེ་མཚམས་གཅོད་པ་སོགས་སྐྱེ་ཁམས་བཟོ་སྐྲུན་གང་ལེགས་ཀྱིས་ལག་བསྟར་བྱས་ནས།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་ལེན་གནད་དོན་རིམ་པ་ལྟར་ལེགས་སྒྲིག་བྱེད་པ་དང་།  ལས་འགན་རྩིས་ཁྲ་ལེགས་སྒྲིག་བྱས་ནས།  ལེགས་སྒྲིག་ནང་དོན་གསལ་བོ་དང་འགན་འཁྲིའི་འགོ་ཁྲིད་དང་ཡོངས་འགྲུབ་དུས་བཅད། འགན་འཁྲིའི་དོན་འཁྱོལ་དམིགས་སུ་འཛིན་པ།  དག་ཐེར་ལེགས་སྒྲིག་གནད་ལ་ཁེལ་བར་ཁེག་ཐེག་བྱེད་པ།  གཏེར་ཁའི་ཁེ་ལས་ཀྱིས་ཚུལ་དང་མཐུན་པར་སྔོག་འདོན་དང་གསར་སྤེལ་བྱ་བར་ཁྲིད་སྟོན་དང་སྐུལ་མ་གཏོང་བ། ཐོན་སྐྱེད་བཟོ་རྩལ་རིམ་འཕར་བྱེད་པ། ནུས་མཐོའི་འཁོར་སྐྱོད་བེད་སྤྱོད།  གཏེར་ཁའི་ཁོར་ཡུག་ལེགས་བཅོས་བྱེད་པ། འཕེལ་རྒྱས་ཀྱི་ཁེ་ཕན་ཀུན་གྱིས་ལོངས་སུ་སྤྱོད་པ། ལྗང་མདོག་གཏེར་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་བསྐྲུན་བྱ་བར་མགྱོགས་མྱུར་དུ་སྐུལ་འདེད་བཏང་།

མ་ལག་བཅོས་སྐྱོང་གཙོ་གནད་དུ་འཛིན་པ།   ཁོར་ཡུག་ཤུགས་རྐྱེན་གདེང་འཇོག“དུས་མཉམ་གསུམ ”གྱི་ལམ་ལུགས་ནན་ནན་ཏན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་བཅུ་གསུམ་ཕྲ་ཞིབ་ངང་དོན་འཁྱོལ་བྱེད་པ། “སྔོ་བསངས་ཀྱི་མཁའ་དབྱིངས་དང་ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་མོ”བཅས་དམིགས་ཡུལ་དུ་བཟུང་ནས་“ རླུང་ཁམས་ཆེན་མོ་དང་ཆུ་ཁོངས། ས་རྒྱུ”བཅས་ཀྱི་སྤགས་བཙོག་འགོག་བཅོས་ཆེད་དམིགས་བཅོས་སྐྱོང་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པ་དང། ལག་བསྟར་ཞིབ་སྲོལ་གཏན་འབེབས་བྱེད་པ་དང་ལས་འགན་ཞིབ་ཐོ་ལེགས་སྒྲིག། འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་ཏེ།   སྤགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་ནས།  གནམ་སྔོ།  ཆུ་དྭངས། ས་གཙང་བཅས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱེད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིད་སྟོན་གདེང་འཇོག་དང་ཆད་པ་ལྗིད་པོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ཆུ་དཔོན་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། བཏུང་ཆུའི་ཆུ་ཁོངས་དོ་དམ་སྲུང་སྐྱོབ་ཤུགས་ཆེན་དུ་གཏོང་བ།  ཐལ་བའི་སྤགས་བཙོག་བཅོས་སྐྱོང་གཏིང་ཟབ་དུ་གཏོང་བ། བཙོག་ཆུ་དང་གད་སྙིགས། བཟོ་ལས་སྲ་གཟུགས་གད་སྙིགས་སོགས་ཐག་གཅོད་བྱེད་པའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ།  སྲ་གཟུགས་གད་སྙིགས་སྤགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བྱེད་པ། གད་སྙིགས་རིགས་དབྱེའི་ཐག་གཅོད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པ། རང་བྱུང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་བྱེད་པ།  རྐུ་སྔོག་དང་གང་སར་སྔོག་འདོན་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་པ།   ནུས་ཤུགས་ཡོད་རྒུས་སྲིད་གཞུང་གཙོ་ཁྲིད་བྱེད་པ་དང་།  ཁེ་ལས་གྲུབ་ཆ་གཙོ་བོར་འཛིན་པ། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་བཙུགས་ཏེ།   སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་བཟོ་བྱས།

ལོ་ཙཱ་བ།དངོས་སྦྱོང་སློབ་མ་ཆོས་རྒྱས་སྒྲོལ་མ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།