མཚོ་སྔོན་ཡུལ་སྐོར་གྱི་བླ་སྲོག་ནི་མཐོ་སྒང་རིག་གནས་ཡིན།
2019.04.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 174

མཚོ་སྔོན་ནི་སྒྱུ་རྩལ་གྱིས་ཕྱུག་པའི་ས་ཆ་ཞིག་དང་། གླུ་གར་གྱི་ཕ་ས་དང་དམངས་གླུའི་རྒྱ་མཚོ་ཡིན། མཚོ་སྔོན་དུ་སྡོད་པའི་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས་སོགས་ཀྱི་མི་སུ་ལའང་དམངས་གླུ་ངག་ཏུ་གྱེར་བའི་སྐད་སྙན་མོ་ལྡན་ལ། ཞབས་བྲོ་འཁྲབ་པའི་ཉམས་འགྱུར་དེ་བས་ཀྱང་ལྡན། ལོ་རེའི་དབྱར་ཁར། གངས་རིའི་འདབས་དང་རྩྭ་ཐང་གི་སྟེང་དུ་གླུ་སྐད་སྙན་མོ་ངག་ལ་འགུགས་ཤིང་ཞབས་བྲོ་ཡག་པ་ཉམས་ཀྱིས་འཁྲབ་བཞིན་ཡོད། 1955ལོར། ཐུན་ཏེ་རྫོང་རྫོང་རི་རྗེས་ཤུལ་ནས་རྙེད་པའི་ཞབས་བྲོ་རི་མོའི་རྫ་ཁྲ་ལ་བལྟས་ནའང་ལོ་ངོ་ལྔ་སྟོང་སྔོན་དུ་ཞབས་བྲོ་འཁྲབ་པའི་གཟུགས་བརྙན་མཐོང་ཐུབ།

མཚོ་སྔོན་གྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས། སྣ་ཁ་མང་ཞིང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་ཕུན་ཚོགས་སྣ་མང་གི་མི་རིགས་ཡུལ་སྲོལ། ཡུན་རིང་ལ་འོད་སྟོང་འབར་བའི་ལོ་རྒྱུས་སྔོན་གྱི་རིག་གནས་ཚང་མ་མིས་བཟོས་རིག་གནས་མཛེས་ལྗོངས་ལ་རམ་འདེགས་བྱེད་སྤྱད་གཙོ་བོ་ཡིན་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྤྱད་ཀྱི་ཐོན་ཁུངས་ཀྱང་ཡིན། ང་ཚོས་ཡུལ་སྐོར་ཐོན་ལས་ཅན་དང་ཚོང་ཁྲོམ་ཅན་དུ་བསྒྱུར་བའི་བྱེད་ཐབས་བརྒྱུད་ནས། རིག་གནས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་རིགས། འདོན་སྤྲོད་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ཚོང་ཁྲོམ་གྱི་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བཅས་བྱེད་དགོས་ལ། རིག་གནས་ཐོན་ཁུངས་དང་རིག་གནས་ཐོན་རྫས་སྔར་བས་མང་པོ་ཞིག་ལ་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས་པར་མ་ཟད། རིག་གནས་ཡུལ་སྐོར་དུ་བསྒྱུར་བ་དང་རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་བྱས་ཏེ་མིས་བཟོས་རིག་གནས་ཀྱི་ཁོར་ཡུག་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ངང་ཚུལ་བཟང་པོ་བསྐྲུན་ནས། མཐོ་སྒང་རིག་གནས་དེ་མཚོ་སྔོན་ཡུལ་སྐོར་གྱི་བླ་སྲོག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།

རང་ཞིང་གི་ཡུལ་སྐོར་སྤྲོ་གསེང་གི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མཐོ་སྒང་རིག་གནས་ཀྱི་ལེགས་ཆ་ཉིན་རེ་བཞིན་འབུར་དུ་ཐོན་ཏེ་རིག་གནས་ཐོན་ཁུངས་དེ་རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་འདྲེས་སྤྱད་ཀྱི་ཐེག་བྱེད་བཟང་པོ་ཞིག་ཏུ་གྱུར། མིག་སྔའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྣེ་འཁྲིད་ནུས་པ་དང་གཞི་རིམ་གྱི་རིག་གནས་དུས་ཆེན་བྱ་འགུལ་སྤེལ་བའི་སྤྲོ་བ་བེད་སྤྱོད་བྱེད་པ་དང་། གཞི་རིམ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་གསར་གཏོད་དོ་དམ་མཉམ་དུ་བཟང་པོར་བསྒྲུབ་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་དེ་ཐོན་ལས་ཀྱི་ལེགས་ཆ་ཡིན་པའི་མངའ་ཁོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་སྟངས་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་ལ་རྐང་བཙུགས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཁེབས་རྒྱ་ཆེ་ཞིང་དང་ཐོན་ལས་སྦྲེལ་ཐག་རིང་བ། འབྲེལ་ཚད་མཐོ་བ། སྣེ་འཁྲིད་རང་བཞིན་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་། དེའི་འཕར་ཚད་ལ་ཁག་ཐེག་དང་ནང་མཁོ་རྒྱ་བསྐྱེད་པ། བྱེད་ཐབས་བསྒྱུར་བ། གྲུབ་ཚུལ་ལེགས་སྒྲིག ལས་ཞུགས་ལ་ཡར་སྐུལ། དམངས་འཚོར་ཕན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། རིག་གནས་རྣམ་ཤེས་དང་ཡུལ་སྐོར་ཐེག་བྱེད་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཐོན་ལས་སྐྱེད་སྲིང་བྱེད་པ་བརྒྱུད་ནས། ཀྲུང་གོའི་མངའ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་ཞིག་ཆགས་སུ་འཇུག་དགོས།

རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱས་པ་དེས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤོ་བསྒྱུར་རིམ་སྤར་ལ་གོ་སྐབས་བཟང་པོ་འདོན་སྤྲོད་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་བའི་བྱེད་ནུས་འགན་འཁུར་ཡོད་པར་མ་ཟད། རང་བྱུང་སྲུང་སྐྱོབ་ཀྱི་བསམ་བློ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག ཁོར་ཡུག་སློབ་གསོ། རང་བྱུང་གི་བཀོལ་སྤྱོད་དང་ངལ་གསོ་སོགས་ཀྱི་ནུས་པ་མང་པོའང་འདོན་སྤེལ་བྱས་ཡོད། རྒྱལ་སྤྱིའི་སྟེང་ནས་བཤད་ནའང་། རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་ཡུལ་སྐོར་བྱ་ཡུལ་ཡིན། རང་ཞིང་དུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་ཡི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱེད་གནས་གཉིས་ཡོད་ལ། ཚོད་ལྟའི་བྱ་བའང་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཆགས་ལ། རི་ཆུ་ནགས་ཞིང་མཚེའུ་སོགས་ཚེ་སྲོག་ཕུང་པོ་གཅིག་འདུས་ཡིན་པའི་མ་ལག་གི་སྐྱེ་ཁམས་ལྟ་བ་བཞེངས་ནས། རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དང་བཅོས་བསྒྱུར་བཅས་བྱེད་པ་དང་། ལམ་ལུགས་ཆེས་ནན་མོ་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་ཐོགས་པ་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དམངས་ཀྱི་ཆེད་ཡིན་དགོས། བརྩོན་པའི་སྙིང་སྟོབས་དང་འབད་འབུངས་ཀྱི་ཚུགས་ཀ་མ་དོར་བར་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱི་གནད་འགག་གི་གོ་སྐབས་དེ་དམ་པོར་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བརྗོད་གཞི་གཙོ་བོ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱས་ན། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཕེལ་རྒྱས་ཐད་གོ་སྐབས་གསར་པ་ལྡན་པར་མ་ཟད། མཚོ་སྔོན་གྱི་ཡུལ་དེ་ནམ་ཡང་ནམ་མཁའ་སྔོ་སངས་སེ་དང་ཆུ་མོ་དྭངས་གཙང་ངེ། རི་བོ་སྔོ་ལྗང་ངེར་གནས་བར་ཐེ་ཚོམ་གང་ཡང་མེད།

རྒྱུ་མང་རིག་གནས་མཉམ་འདུས་དང་འཕེལ་རྒྱས་ཀྱིས་མཚོ་སྔོན་ལ་ངོ་མཚར་བའི་རང་བྱུང་ཡུལ་ཁམས་དང་ལྐོག་གྱུར་གྱི་རིག་གནས་ཞིང་ཁམས། ཡ་མཚན་གྱི་སེམས་པའི་དག་ཞིང་ཞིག་བཞག་ཡོད་ལ། འདི་ཚང་མ་ཧ་ཅང་དཀོན་པའི་མིས་བཟོས་རིག་གནས་ཀྱི་ཤུལ་བཞག་ཡིན་པས། ང་ཚོས་བརྩོན་པ་ལྷོད་མེད་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཞིང་ཆེན་གྲགས་ཅན་གྱི་སྣང་བརྙན་གསར་པ་རྒྱུན་མི་ཆད་པར་ཇེ་མཐོ་དང་ཇེ་ཆེར་གཏོང་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།