ཆེས་མཐོའི་ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གྱོད་གཞི་འདྲི་གཅོད་ཐད་ཀྱི་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས།
2019.06.12 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 32

 ཟླ་6ཚེས་5ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་《སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གྱོད་གཞི་འདྲི་གཅོད་བྱ་བའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་འགའ།  “ཚོད་ལྟའི་ལག་བསྟར”གྱི་ཐབས་ཤེས་བརྒྱུད་ནས། ཁྲིམས་འཛིན་ལག་བསྟར་ནང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གཏུག་བཤེར་བདག་སྤྲོད་བྱེད་པའི་ཆ་རྐྱེན་དང་། བདེན་དཔང་ལམ་སྲོལ། འོས་འགན་ཁྱབ་ཁོངས། གཏུག་བཤེར་འབྲེལ་མཐུད། གུན་གསབ་གྲོས་མཐུན་གྱི་ཁྲིམས་འཛིན་གཏན་འཁེལ། བཙན་ཤེད་ལག་བསྟར་སོགས་མྱུར་དུ་ཁ་གསལ་པོ་བྱེད་དགོས་པའི་གནད་དོན་དག་གཏན་འབེབས་བྱས་ཡོད།  ཁྲིམས་འཛིན་འགྲེལ་བཤད་འདི་ནི་ཟླ་6ཚེས་5ཉིན་ནས་ལག་བསྟར་བྱས་ཡོད།

གནས་ཚུལ་རིགས་འདི་གསུམ་ཡོད་ཚེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གཏུག་བཤེར་བྱས་ཆོག་སྟེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གཏུག་བཤེར་ནི་ཁོར་ཡུག་དམངས་དོན་སྤྱི་ཕན་གཏུག་བཤེར་དང་སྤྱིར་བཏང་གི་ཁོར་ཡུག་དབང་གནོད་འགན་འཁྲིའི་གཏུག་བཤེར་དང་མི་འདྲ་བའི་གཏུག་བཤེར་རིགས་གསར་པ་ཞིག་ཡིན་ཞིང་། 《གཏན་འབེབས་འགའ》ཡི་དོན་ཚན་དང་པོའི་ནང་མི་དམངས་ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གཏུག་བཤེར་གྱོད་གཞི་བདག་སྤྲོད་བྱེད་པའི་ཆ་རྐྱེན་ཐད་ནས་གཏན་འབེབས་ཁ་གསལ་བྱས་ཡོད།

《གཏན་འབེབས་འགའ》ཡི་ནང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གྱོད་གཞི་གཏུག་བཤེར་བྱེད་པའི་གྱོད་བདག་གི་ཁྱབ་ཁོངས་ནི་ཞིང་ཆེན་རིམ་པ། གྲོང་ཁྱེར་དང་ས་ཁུལ་རིམ་པའི་མི་དམངས་སྲིད་གཞུང་དང་། དེ་མིན་དེས་གཏན་འཁེལ་བྱས་པའི་འབྲེལ་ཡོད་སྡེ་ཁག་དང་། ལས་ཁུངས་སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངགས་བཅོལ་བྱས་པའི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་སྤྱོད་པའི་སྡེ་ཁག་བཅས་གྱོད་བདག་བྱས་ནས་གཏུག་བཤེར་བྱས་ཆོག  དུས་མཚུངས་སུ། “གྲོང་ཁྱེར་དང་ས་ཁུལ་རིམ་པའི་མི་དམངས་སྲིད་གཞུང་”ནང་ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ། མེང་། ས་ཁུལ་བཅས་དང་། ཆུས་བཙུགས་མེད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར། ཐད་སྐྱོང་གྲོང་ཁྱེར་གྱི་ཆུས། རྫོང་མི་དམངས་སྲིད་གཞུང་བཅས་ཁོངས་སུ་གཏོགས་པ་ཁ་གསལ་པོར་བསྟན་ཡོད།

《གཏན་འབེབས་འགའ》ནང་གཏུག་བཤེར་ཆོག་པའི་གནས་ཚུལ་རིགས་གསུམ་གྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་ཡོད་པ་སྟེ། གློ་བུར་དུ་བྱུང་བའི་ཁོར་ཡུག་གི་དོན་རྐྱེན་ཅུང་ཆེན་པོ་དང་། དོན་རྐྱེན་གལ་ཆེན། དོན་རྐྱེན་ཧ་ཅང་གལ་ཆེ་བ་དག་དང་།  རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་ནང་དབྱེ་འབྱེད་གཏན་འཁེལ་བྱས་པའི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་། བཀག་སྡོམ་གསར་སྤེལ་ཁུལ་དུ་སྐྱེ་ཁམས་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་བཟོས་པའི་དོན་རྐྱེན་བྱུང་བ། དེ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་གི་མཇུག་འབྲས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་གནས་ཚུལ་གཞན་དག་བཅས་ཡིན།

གཞན་ཡང་། “གྲོས་མོལ་སྔོན་དུ་འགོད་པ་”ཁ་གསལ་བཟོས་ཡོད་པ་སྟེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གྲོས་མོལ་ནི་གཏུག་བཤེར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་རེད། བྱེ་བྲག་ཏུ་བཤད་ན། གྱོད་བདག་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་མཁན་བར་གྲོས་མོལ་གཅིག་མཐུན་བྱུང་མེད་པའམ་གྲོས་མོལ་བྱ་ཐབས་མེད་པ་ཡིན་ན། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་གཏུག་བཤེར་བྱས་ཆོག གྲོས་མོལ་བྱེད་པ་གཏུག་བཤེར་མ་བྱས་གོང་གི་སྔོན་འགྲོའི་གོ་རིམ་ལ་སྒྲིག་བཀོད་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་ལེན་པའི་ལས་ཀའི་ཁྲོད་གྲོས་མོལ་གྱིས་དགེ་མཚན་ཆེན་པོ་འདོན་པར་ལམ་ལུགས་ཀྱི་ཁུངས་ལུང་མཁོ་འདོན་བྱས་ཡོད།

“སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ”དེ་ཐོག་མར་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་འཁུར་ཐབས་བྱས་ཡོད།

《གཏན་འབེབས་འགའ》ཡི་ནང་ཐེངས་དང་པོར་“སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ་”དེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གུན་གསབ་འཁུར་ཐབས་བྱས་ཡོད།  སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་ཐུབ་མིན་ལ་གཞིགས་ནས་གུན་གསབ་འགན་འཁྲིའི་ཁྱབ་ཁོངས་ལ་རིགས་དབྱེ་གཏན་འབེབས་བྱེད་དགོས།《གཏན་འབེབས་འགའ》ཡི་ནང་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་ཐུབ་པ་གཏན་འཁེལ་བྱུང་དུས་སླར་གསོ་བྱེད་འགན་འཁུར་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་ཞབས་ཞུ་བྱེད་ནུས་གུན་གསབ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་མི་ཐུབ་པའི་སྐབས་སུ་སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་དུས་གཏན་དུ་གནོད་སྐྱོན་བཟོས་པའི་གྱོང་གུན་གསབ་དགོས་པ་མ་ཟད། “ནུས་པ་སླར་གསོ་བྱས་རྗེས་ཀྱི་དཔྱད་དཔོག་འགྲོ་གྲོན”སླར་གསོའི་འགྲོ་གྲོན་ཁྱབ་ཁོངས་ནང་བརྩི་དགོས་པ་ཁ་གསལ་བཟོས་ཡོད།

གཏན་འབེབས་ལ་གཞིགས་ན། གྱོད་ཡས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་ཁོར་ཡུག་སྦགས་བཙོག་བཟོས་པ་དང་། སྐྱེ་ཁམས་གཏོར་བརླག་བཏང་བའི་རིགས་ལ། མི་དམངས་ཁྲིམས་ཁང་གིས་གྱོད་བདག་གི་གཏུག་བཤེར་རེ་ཞུ་དང་དེ་བཞིན་དུ་ཞིབ་ཕྲའི་གྱོད་གཞི་ལ་གཞིགས་ནས། ལུགས་མཐུན་གྱིས་གྱོད་ཡ་ལ་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་འགན་དང་། གྱོང་གུན་གསབ་པ། གནོད་སྐྱོན་གཏོང་མཚམས་འཇོག་པ། འགག་རྐྱེན་སེལ་བ། ཉེན་ཁ་སེལ་བ། དགོངས་དག་ཞུ་བ་སོགས་དམངས་དོན་འོས་འགན་འཁུར་དགོས་པ་ཐག་གཅོད་བྱེད་དགོས་པ་དང་། གཏོར་བརླག་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཐུབ་པའི་རིགས། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་གྱོད་ཡ་ལ་སླར་གསོ་བྱེད་འགན་འཁུར་དགོས་པ་མ་ཟད། ད་དུང་དུས་མཚུངས་སུ་གྱོད་ཡས་སླར་གསོ་བྱེད་པའི་འོས་འགན་ལག་བསྟར་མི་བྱེད་པའི་དུས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་འགྲོ་གྲོན་འགན་འཁུར་དགོས་པ་གཏན་འཁེལ་བྱས་ཡོད།

གཞན་ཡང་། གྱོད་བདག་གིས་གྱོད་ཡ་ལ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ནས་སླར་གསོ་བྱུང་བའི་བར་གྱི་ཞབས་ཞུ་ནུས་པའི་གྱོང་གུན་གསབ་དགོས་པའི་རེ་བ་ཞུས་ཆོག གནོད་པ་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་ཐབས་མེད་པའམ་ཡང་ན་ཡོངས་སུ་སླར་གསོ་བྱེད་མི་ཐུབ་ཅིང་། གྱོད་བདག་གིས་གྱོད་ཡ་ལ་སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་དུས་གཏན་དུ་གནོད་སྐྱོན་ཐེབས་པའི་གྱོང་གུན་གསབ་དགོས་པའི་རེ་བ་ཞུས་པ་དག      མི་དམངས་ཁྲིམས་ཁང་གིས་གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས།

སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་བྱ་སྤྱོད་སྐོར་གྱི་བརྟག་དཔྱད་སྙན་ཞུ་ཡོངས་བསྒྲགས་བྱས་པ།

ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའི་ཁོར་ཡུག་དང་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱིས《སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་བྱ་སྤྱོད་སྐོར་གྱི་བརྟག་དཔྱད་སྙན་ཞུ(2019ལོ)》ཡོངས་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་པ་ལྟར་ན། མི་སྒེར་གྱི་བྱ་སྤྱོད་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོན་སྙིང་གལ་ཆེན་ལྡན་པར་སྤྱི་དམངས་ཚོས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་ཀྱི་ཡོད། སྐྱེ་ཁམས་ཁོར་ཡུག་ལ་དོ་ཁུར་དང་། ཐོན་ཁུངས་དང་ནུས་རྒྱུ་གྲོན་ཆུང་། ཐཱན་ཉུང་འཁོར་སྐྱོད་སོགས་སྐྱེ་ཁམས་ཁོར་ཡུག་གྱི་བྱ་སྤྱོད་ཁྱབ་ཁོངས་མང་ཆེ་བར་ལག་བསྟར་བྱེད་ཚད་ཅུང་མཐོ་མོད། འོན་ཀྱང་ལྗང་མདོག་འཛད་སྤྱོད་ལག་བསྟར་དང་གད་སྙིགས་རིགས་དབྱེ་སོགས་ཀྱི་ཁྱབ་ཁོངས་སུ་ད་དུང“ཤེས་རྟོགས་ཐུབ་ཚད་མཐོ་བ་དང་ལག་བསྟར་བྱེད་ཚད་དམའ་བའི”སྣང་ཚུལ་ཡོད་པ་རེད།

སྙན་ཞུའི་ནང་མངོན་པར་གཞིགས་ན། བཅར་འདྲི་བྱ་ཡུལ་བཅུ་ཆ་ལྔ་ལྷག་ཙམ་གྱིས་དངོས་ཟོག་ཉོ་སྒྲུབ་བྱེད་སྐབས་རྟག་ཏུ་ཁུག་མ་མི་འཁྱེར་བ་དང་། བཅར་འདྲི་བྱ་ཡུལ་བཅུ་ཆ་བཞི་ལྷག་ཙམ་གྱིས“ལྗང་མདོག་ཐོན་རྫས་དང་སྤུས་ལེགས་དངོས་རྫས་ཉོ་བ་དང་། ཐེངས་གཅིག་ཁོ་ནའི་སྤྱོད་ཆས་དང་ཚད་བརྒལ་གྱི་ཐུམ་སྒྲིལ་ཚོང་ཟོག་མི་ཉོ་བའི”བྱ་སྤྱོད་ཐད་རང་ཉིད་ཀྱི་བྱེད་སྟངས་སྤྱིར་བཏང་ཡིན་པའི་ངོས་འཛིན་བྱེད་པ། བཅར་འདྲི་བྱ་ཡུལ་བཅུ་ཆ་བརྒྱད་ཙམ་གྱིས་རྟག་ཏུ་བེད་མེད་དུ་བསྐྱུར་བའི་དངོས་ཟོག་བསྒྱུར་བཀོད་བེད་སྤྱོད་དང་། སྤེལ་རེས་ཞལ་འདེབས་སམ་ཡང་ན་ཉོ་ཚོང་བཅས་བྱེད་ཀྱི་མེད་པ་རེད། བཅར་འདྲི་བྱ་ཡུལ་བཅུ་ཆ་བདུན་གྱིས་རང་ཉིད་ཀྱིས“གད་སྙིགས་རིགས་དབྱེའི”ལས་དོན་སྒྲུབ་ཚུལ་ཅུང་ཞན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སྐྱེ་ཁམས་ཁོར་ཡུག་པུའི་ཁོར་ཡུག་དང་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའུ་ཧྲུན་ཙེ་ཡིས། ཕྱོགས་དེ་དག་ཐད་སྤྱི་དམངས་ཚོའི་སྐྱེ་ཁམས་ཁོར་ཡུག་གི་བྱ་སྤྱོད་ཇེ་ལེགས་སུ་གཏོང་རྒྱུར་ད་དུང་བར་ཁྱད་ཆེན་པོ་ཡོད་པས། བཅར་འདྲི་བྱ་ཡུལ་ཚོས་བཏོན་པའི་མི་སྒེར་གྱི་རིམ་ངོས་དང་། སྲིད་ཇུས་ལམ་ལུགས། ལས་སྟེགས་ཐབས་ལམ་སོགས་ཀྱི་བསམ་འཆར་ནས་མགོ་བཙུགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལེགས་བཅོས་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།