དུས་རབས་གསར་པའི་སྐྱེ་ཁམས་རིག་གནས་གསོ་སྐྱོབ་བྱེད་པ།
2019.07.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་ཧུར་བརྩོན་གྱི་དམིགས་འབེན་ཡིན”ཞེས་གསུངས་མྱོང་། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་འདྲ་མཉམ་གྱི་ཐུན་མོང་ཐོན་རྫས་ཤིག་ཡིན་ལ། ཆེས་ཡོངས་ཁྱབ་ཏུ་ཕན་པའི་དམངས་ཚིས་བདེ་སྐྱིད་ཡིན་ཞིང་། དུས་རབས་གསར་པའི་སྐྱེ་ཁམས་རིག་གནས་སྐྱེད་སྲིང་བྱེད་པ་ལ། ང་ཚོས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ལ་སྔར་ལས་ཀྱང་མཐོང་ཆེན་བྱེད་དགོས་ཤིང་། ཚེ་སྲོག་ལ་ལྟ་སྟངས་ཅི་འདྲ་འཛིན་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་ལྟ་སྟངས་དེ་འདྲ་བཟུང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་སུ་འཇུག་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་བྱས་རྗེས་དེང་འདིར་བཞག་ན་ཕན་པ་སྐལ་བ་སྟོང་ལ་ལྡན་པའི་བྱ་གཞག་ཅིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་གི་ཁ་ཚ་དགོས་གཏུག་རང་བཞིན་དང་དཀའ་ཚེགས་རང་བཞིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཤུགས་སྣོན་བྱེད་པར་ངོས་འཛིན་གསལ་པོ་བྱས་ཚེ། ད་གཟོད་མི་དམངས་མང་ཚོགས་དང་། བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་དང་འགན་འཁྲི་བཅངས་ཏེ། དངོས་གནས་བློ་ཐག་རྦད་ཆོད་ཀྱིས་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱ་ཐུབ་ལ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གང་ལེགས་བྱ་ཐུབ། ཁོར་ཡུག་ནི་དམངས་ཚིས་ཡིན་ལ། ལྗང་མདོག་གི་རི་བོ་ནི་མཛེས་སྡུག་དང་། སྔོ་ཞིང་བསངས་པའི་ནམ་མཁའ་ནི་བདེ་སྐྱིད་ཡིན་སྟབས། ང་ཚོས་ཁོར་ཡུག་སྦགས་བཙོག་དེ་དམངས་ཚིས་སེམས་ཁྲལ་དང་དམངས་སེམས་ཀྱི་སྡུག་བསྔལ་དུ་འགྱུར་དུ་འཇུག་མི་རུང་ལ། སྐྱེ་ཁམས་གནད་དོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་འཕེལ་རྒྱས་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་།

དུས་རབས་གསར་པའི་སྐྱེ་ཁམས་རིག་གནས་གསོ་སྐྱོང་བྱ་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་ལ་རྩ་འཛུགས་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་བྱས་པ་བརྒྱུད་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཚོགས་འགུལ་སྐྱོད་མ་ལག་བསྐྲུན་པ་དང་། སྐྱེ་ཁམས་རིག་གནས་ཁྱབ་གདལ་སློབ་གསོ་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྐྱེ་ཁམས་རིག་གནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་བརྗོད་གཞིའི་ཉིན་མོའི་བྱ་འགུལ་སྤེལ་ཏེ། གྲོན་བསྲི་རང་བཞིན་གྱི་སྤྱི་ཚོགས་བྱ་འགུལ་སྤེལ་བ་དང་། སྟབས་བདེ་འོས་འཚམས་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་འཛུགས་པ། ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ཆགས་པར་སྐུལ་འདེད་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པའི་བླང་བྱ་དེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རང་རྟོགས་བསམ་བློ་དང་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་འཛུགས་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་མ་ལག་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་ལུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། ལམ་ལུགས་ནི་འགྱུར་མེད་ཀྱི་རང་གཅུན་དང་རེག་མི་རུང་བའི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་དུ་འཇུག་དགོས།

སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཡག་པོ་འཛུགས་སྐྲུན་བྱས་ཏེ་ཐོབ་པའི་དངོས་པོའི་གྲུབ་འབྲས་དང་། བསམ་པའི་གྲུབ་འབྲས་དང་ལམ་ལུགས་གྲུབ་འབྲས་ཀྱི་སྤྱི་བསྡོམས་ཡིན་ལ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་ཡོད་པའི་མ་ལག་བཟོ་འགོད་ཅིག་ཡིན་ཞིང་། སྤྱི་ཚོགས་ཤིག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་རྣམ་པ་མཚོན་ཡོད། རྩྭ་རྐང་གཅིག་དང་སྡོང་བོ་གཅིག རི་བོ་གཅིག་དང་ཆུ་བོ་གཅིག་ཡིན་རུང་ང་ཚོའི་ད་ལྟ་དང་འབྲེལ་བ་ཟབ་མོ་ཡོད་ལ། ང་ཚོའི་མ་འོངས་པ་དང་དམ་དུ་འབྲེལ་ཡོད་པས། ང་ཚོ་ཚང་མས་ལག་རྡང་སྦྲེལ་ནས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཉམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་ཁྱིམ་གཞིས་སྐྲུན་དགོས། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།