རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཐེངས་གསར་བའི་ལྟ་ཞིབ་བྱ་བར་བཀོད་སྒྲིག་བཟང་བོ་བྱས།
2019.07.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

 ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་རྨ་ལྷོ་ཁུལ་དུ་སྡོད་པའི་སྐབས་ཀྱི་མཐུན་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་དུ་ལྟ་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གཏན་ཁེལ་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ཐེངས་གསར་བའི་ལྟ་ཞིབ་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བར་བཀོད་སྒྲིག་བཟང་བོ་བྱས།

གྲོས་ཚོགས་ནས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ་རྒྱུ་དེ་འབུར་ཐོན་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་གོ་སྐབས་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། སྤྱི་སྡོམ་ནན་མོ་བྱེད་པ། ཡང་བསྐྱར་ཁྱོན་ཡོངས་ནས་བརྟག་བཤེར་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་རྨ་ལྷོ་ཁུལ་དུ་ལྟ་ཞིབ་བྱེད་པའི་སྐབས་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དག་ཐེར་ལེགས་བཅོས་བྱ་བའི་ཁྲོད་ཀྱི་ཞན་ཆར་དམ་དུ་དམིགས་པ་དང་། ལྟ་ཞིབ་ལག་བསྟར་ལ་ཤུགས་སྣོན་པ། བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱས་ཏེ། བྱ་བའི་གྲུབ་འབྲས་བཟང་བོར་བརྟེན་ནས་ལྟ་ཞིབ་ཚན་ཆུང་གི་ཞིབ་དཔྱད་དང་ལེན་བྱེད་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ་དང་། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཡིག་ཚགས་ཡིག་ཆ་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྐོར་ཐེངས་སྔོན་མའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐབས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་ལ་སྤྱི་སྡོམ་ནན་མོ་བྱེད་པ། སེམས་ཞིབ་མོས་གྲ་སྒྲིག་བྱེད་པ་དང་བྱེད་ཐབས་ལ་ཤུགས་བསྣན་ནས། ལྟ་ཞིབ་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན།

ལོ་ཙཱ།སྒྲོལ་མ་སྐྱིད།