ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གསུམ་པའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི43བརྒྱུད་སྤྲོད་བྱས།
2019.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

 2019ལོའི་ཟླ7པའི་ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གསུམ་པའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི43བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ29དང་། མཚོ་ཤར་གྲོང་ཁྱེར་དུ11། མཚོ་ནུབ་ཁུལ་དུ1། མཚོ་ལྷོ་ཁུལ་དུ1། ཡུལ་ཤུལ་ཁུལ་དུ1། མཚོ་བྱང་ཁུལ་དུ1བཅས་ཡོད་པ་རེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི8གཙིགས་སུ་བཟུང་ནས་དོ་སྣང་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ6དང་། མཚོ་ཤར་གྲོང་ཁྱེར་དུ2བཅས་ཡོད་པ་རེད།

2019ལོའི་ཟླ7པའི་ཚེས18ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་བཞི་བའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི56བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ33དང་མཚོ་ཤར་གྲོང་ཁྱེར་དུ14། མཚོ་ནུབ་ཁུལ་དུ3། མཚོ་ལྷོ་ཁུལ་དུ1། མཚོ་བྱང་ཁུལ་དུ3། ཡུལ་ཤུལ་ཁུལ་དུ1། རྨ་ལྷོ་ཁུལ་དུ1བཅས་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི་བཅུ་དྲུག་གནད་སར་བཟུང་ནས་དོ་སྣང་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་11དང་མཚོ་ཤར་གྲོང་ཁྱེར་དུ་3། མཚོ་ནུབ་ཁུལ་དུ་1 མཚོ་བྱང་ཁུལ་དུ་གཅིག་བཅས་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།