ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་ལྔ་བའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི47བརྒྱུད་སྤྲོད་བྱས།
2019.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 2019ལོའི་ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་ལྔ་བའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི47བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ20དང་། མཚོ་ཤར་གྲོང་ཁྱེར་དུ19། མཚོ་ནུབ་ཁུལ་དུ2། མཚོ་ལྷོ་ཁུལ་དུ3། ཡུལ་ཤུལ་ཁུལ་དུ1། མགོ་ལོག་ཁུལ་དུ1།   རྨ་ལྷོ་ཁུལ་དུ1བཅས་ཡོད་པ་རེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི14གཙིགས་སུ་བཟུང་ནས་དོ་སྣང་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ4དང་། མཚོ་ཤར་གྲོང་ཁྱེར་དུ6། མཚོ་ནུབ་ཁུལ་དུ2། མཚོ་ལྷོ་ཁུལ་དུ1། མགོ་ལོག་ཁུལ་དུ1བཅས་ཡོད་པ་རེད།

2019ལོའི་ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི41བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ25དང་མཚོ་ཤར་གྲོང་ཁྱེར་དུ11། མཚོ་ནུབ་ཁུལ་དུ1། མཚོ་ལྷོ་ཁུལ་དུ2། མཚོ་བྱང་ཁུལ་དུ2བཅས་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི10གནད་སར་བཟུང་ནས་དོ་སྣང་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ6དང་མཚོ་ཤར་གྲོང་ཁྱེར་དུ2། མཚོ་ནུབ་ཁུལ་དུ1། མཚོ་བྱང་ཁུལ་དུ1བཅས་ཡོད།

2019ལོའི་ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་བདུན་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི38བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ21དང་མཚོ་ཤར་གྲོང་ཁྱེར་དུ12། མཚོ་ནུབ་ཁུལ་དུ2། མཚོ་ལྷོ་ཁུལ་དུ1། མཚོ་བྱང་ཁུལ་དུ1། རྨ་ལྷོ་ཁུལ་དུ1བཅས་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི8གནད་སར་བཟུང་ནས་དོ་སྣང་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ4དང་མཚོ་ཤར་གྲོང་ཁྱེར་དུ1། མཚོ་ནུབ་ཁུལ་དུ2། རྨ་ལྷོ་ཁུལ་དུ1བཅས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།