མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་བཀོད་སྒྲིག་དང་གཞོགས་འདེགས་བཟང་བོ་བྱས།
2019.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

 ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཐོག་ཏུ་མཚོ་ལྷོ་ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་གཞོགས་འདེགས་བྱེད་པའི་ཐད་བྱེ་བྲག་གི་རེ་བ་བཏོན་ལ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་གི་སྐོར་ཐེངས་སྔོན་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པར་སྤྱི་སྡོམ་བྱས་པར་མ་ཟད། རེ་རེ་བཞིན་དབྱེ་ཞིབ་དང་རེ་རེ་བཞིན་རང་བཤེར་བྱས་ཏེ། གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ་དང་དམིགས་འབེན་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས།

མཚོ་ལྷོ་ཁུལ་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་ཁོངས་མི་རུ་བྱས་པའི་མཚོ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མཐུན་སྦྱོར་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། འགན་འཁྲི་དང་ལས་བགོ་སྔར་ལས་གསལ་བོ་བྱས་པ་དང་། མཐུན་སྦྱོར་འགན་སྲུང་རྐྱེན་སྲོལ་བཙུགས། དེའི་རྨང་གཞིའི་སྟེང་། གཞུང་སྒྲུབ་བྱེད་ས་བཀོད་སྒྲིག་བྱས་ཏེ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས། ཞིང་ཕྱུགས། ནགས་རྩྭ། ཡིག་ཚགས་སོགས་སྡེ་ཁག་སྐོང་འཐེན་བྱས་ནས་གཅིག་བསྡུས་གཞུང་སྒྲུབ་བྱས་པ་དང་། མི་སྣའི་སྟོབས་ཤུགས་མཉམ་བསྲེས་བྱས་ནས། གཅིག་གྱུར་བཀོད་གཏོང་དང་གཅིག་གྱུར་འགུལ་སྐྱོད། ཤུགས་ཡོད་མཐུན་སྦྱོར་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས་པ་དང་། ཀྲུང་དབྱང་ལྟ་ཞིབ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།

མིག་སྔར། མཚོ་ལྷོ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཞི་ཅན་ལྔའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་རྒྱུ་དེ་བྱ་བའི་འགོ་ཚུགས་ས་དང་ཤུགས་འདོན་ས་རུ་བྱས་ཏེ། དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱས་པ་དང་། ཡིག་བསྐུར་ངོ་བཅར་བརྒྱུད་སྤྲོད་ལྟ་སྒྲུབ་གྱོད་གཞི་ནན་ཏན་སྒོས་བསྒྲུབ་ནས། བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་པ་དང་། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱས།

ལོ་ཙཱ། སྒྲོལ་མ་སྐྱིད།