མཚོ་ཤར་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་སྐུལ་འདེད་ལས་དོན་ཡུལ་དངོས་ཚོགས་འདུ་འཚོགས་པ།
2019.07.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 27

 ཟླ7པའི་ཚེས19ཉིན་མཚོ་ཤར་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་སྐུལ་འདེད་ལས་དོན་ཡུལ་དངོས་ཚོགས་འདུ་འཚོགས་པ་དང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སྐྱེ་ཁམས་ཁུར་ཡུག་ཅུས། རང་བྱུང་ཐོན་ཁུངས་འཆར་འགོད་ཅུས་སོགས་སྡེ་ཁག་གི་འགན་འཁུར་པ་རྣམས་ཀྱིས་མཚོ་ཤར་ཆུས་བཟོ་ལས་གླིང་ཁུལ་གནས་སྐབས་བྱེ་རྡོ་གྲ་སྒྲིག་ར་བ་ཡུལ་དངོས་སུ་བྱེ་རྡོ་ར་བའི་དག་ཐེར་ལས་དོན་གྱི་འཕེལ་རིམ་ལ་རྟོག་ཞིབ་བྱས་བ་དང་། མཚོ་ཤར་བཟོ་ལས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་། སྐྱེ་ཁམས་ཁོར་ཡུག་ཅུས་སོགས་སྡེ་ཚན་གྱི་བྱ་བའི་སྙན་ཞུར་ཉན་པ་དང་ཆབས་ཅིག་ཏུ་ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་ལས་ཀར་སྐུལ་འདེད་གཏོང་བར་བླང་བྱ་ཞིབ་ཕྲ་བཏོན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་ཚུར་ལན་བྱས་པའི་གནད་དོན་ལ་དམིགས་ཏེ། མཚོ་ཤར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་སྤྱི་བདེ་ཅུས་ཀྱིས《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་གྱོད་དོན་ཐོ་འགོད་ཀྱི་གོ་རིམ་ལག་བསྟར་བརྟག་དཔྱད་དཔང་ལེན་བྱ་བ་མགྱོགས་མྱུར་སྒོས་སྤེལ་ཞིང་། བྱ་བའི་འབྲེལ་ཡོད་ཁེ་ལས་དང་འགན་འཁྲི་མི་སྣར་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་པ། གྲོང་ཁྱེར་སྒྲིག་ཁྲིམས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་མཚོ་ཤར་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་གོ་རིམ་མགྱོགས་མྱུར་སྒོས་སྤེལ་ནས་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཚན་དང་འགན་འཁྲི་མི་སྣར་ཐག་གཅོད་ནན་མོ་བྱེད་པ་དང་ཆབས་ཅིག་ཏུ་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་། ཨར་ལས་འཛུགས་སྐྲུན་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ། དག་ཐེར་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་བྱེ་རྡོ་གཙང་སེལ། བྱེ་དོང་སྦས་པ། ས་ཆ་ཁོད་སྙོམས་པ་དང་སླར་གསོ་བཅས་ཀྱི་ལས་དོན་མགྱོགས་མྱུར་ངང་ལེགས་སྒྲུབ་བྱས་ནས་གྲོང་ཁྱེར་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཞིབ་བཤེར་དང་བཅོས་སྒྲིག་ཆེན་པོ། མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་གཏིང་ཟབ་པའི་ངང་སྤེལ་ནས་ཁོར་ཡུག་གི་གནད་དོན་སླར་འབྱུང་བར་གཏན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།