མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཆུ་དང་འབྲེལ་བ་ཡོད་པའི་ལས་དོན་ལེགས་པོར་བསྒྲུབས་པ།
2019.07.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 32

 ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྣ་ཚོགས་ལ་ནན་ཏན་གྱིས་གཞོགས་འདེགས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་མགྱོགས་མྱུར་ངང་ལས་དོན་མཐུན་སྦྱོར་མགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་དུ་ལས་དོན་སྤེལ་བའི་རིང་ཆུ་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་གི་རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ནན་པོ་བཏོན་པ་རེད།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་རྗེས། ཞིང་ཆེན་ཆུ་བེད་ཐིན་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ལ་མཐོང་ཆེན་དང་། སྤྱི་ཡོངས་ལ་མཐོང་ཆེན། འགན་འཁྲི་ལ་མཐོང་ཆེན་བཅས་ཀྱི་མཐོ་ཚད་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱས་ཏེ། ཧ་ཅང་གཟབ་ནན་ཡིན་པའི་བྱ་བའི་བྱེད་ཕྱོགས་ཀྱི་ཐོག་ནས་ཆུ་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་བདེ་ལེགས་ངང་སྤེལ་བར་འགན་ལེན་བྱས་པ་རེད། དང་ཐོག་བསམ་བློའི་སྐུལ་སློང་ལས་དོན་ཡག་པོ་བསྒྲུབས་ནས་ཆུ་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་སློབ་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཁྲིམས་ལྟར་ཆུ་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྤེལ་བའི་ནུས་པ་སྔར་བས་ཆེ་རུ་བཏང་། དེ་དང་ཆབས་ཅིག་ཐིན་ཁོངས་གཏོགས་ཀྱི་སྡེ་ཁག་དང་ལས་ཁུངས་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ། བླང་བྱ་ལྟར་ལྟ་ཞིབ་ཚན་ཆུང་ལ་འབྲེལ་ཡོད་ཀྱི་གཟིགས་ཞིབ་དཔྱད་ཡིག་དུས་ཐོག་ཏུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཤེས་རྟོགས་བྱུང་བའི་ཆུ་དང་འབྲེལ་བའི་གནད་དོན་དང་ཁུངས་སྣེར་ཚད་མཐོའི་མཐོང་ཆེན་དང་། འགན་ནུས་དང་ཟུང་འབྲེལ་གྱིས་འཕྲལ་དུ་སྒྱུར་བཅོས་བྱེད་པ། བླང་བྱ་ནན་མོ་དང་། བྱེད་ཐབས་ནན་མོ། ལག་བསྟར་ནན་མོ་བཅས་ལ་བརྟེན་ནས་ལྟ་ཞིབ་དག་ཐེར་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།